“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཁྱོད་ཀྱིས་མཐོང་མ་མྱོང་པའི་བོད་ཞྭ་སྣ་ཚོགས་འདི་ན་ཡོད་།

སྤེལ་དུས 2019-12-30 ཡོང་ཁུངས། སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས་ལས། རྩོམ་པ་པོ།

          བོད་ཞྭ་ལ་དབྱིབས་དང་ཁ་དོག་མི་འདྲ་བའི་རིགས་སྣ་ཚོགས་ཡོད་པ་དང་། བོད་ཞྭའི་བཟོ་བཀོད་ཁྲོད་དུ་བོད་མིའི་རྒྱན་གོས་རིག་གནས་ཀྱི་རྣམ་པ་དང་མཛེས་དཔྱོད་སོགས་འདུས་ཡོད་པར་མ་ཟད། ད་དུང་ས་གནས་སོ་སོའི་ཁྱད་ཆོས་སོགས་མངོན་པར་མཚོན་ཡོད། དེ་རིང་དགའ་འོས་པ་ཞིག་ལ། ངེད་རྩོམ་སྒྲིག་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ། འཚོལ་ཞིབ་པ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གི་གདན་ཞུའི་ཞིབ་འཇུག་པ་རྒན་བན་ཤུལ་དཔལ་མཁར་རྒྱལ་ལགས་གདན་ཞུ་ཞུས་ཏེ། དབྱིབས་དང་རྣམ་པ་མི་འདྲ་བའི་བོད་ཞྭའི་སྐོར་ལ་བཅར་འདྲི་བྱས་ཡོད་པས། ལྷན་རྒྱས་ནས་ཞིབ་ཏུ་གསན་གཟིགས་གནང་རོགས་ཞུའོ།། 


          བོད་ཁུལ་གྱི་མི་མང་པོ་ཞིག་ཞྭ་མོ་གྱོན་པར་དགའ་བ་དང་།  བོད་ཞྭ་ལ་དབྱིབས་དང་ཁ་དོག་སྣ་ཚོགས་ཡོད་པར་མ་ཟད། མིག་ལ་མཛེས་ཤིང་ཡིད་དབང་འཕྲོག་པའི་ཉམས་ཆེན་པོ་ཡོད། དུས་ཚིགས་དང་གནམ་གཤིས་ཀྱི་ཆ་ནས་དབྱར་ཞྭ་དང་དགུན་ཞྭ་གཉིས་སུ་དགར་ཆོག རྒྱུ་ཆའི་རྣམ་པའི་སྟེང་ནས་ཚར་ཞྭ་དང་། ཟ་འོག་གི་ཞྭ། རྩྭ་ཞྭ། ཝ་ཞྭ། ཕྱིང་པ་དང་སྣམ་བུ་ཡིས་བཟོས་པའི་ཞྭ་སོགས་ཞྭ་མོ་སྣ་ཚོགས་ཡོད་པ་དང་། ཡིད་དུ་འོང་བའི་བོད་ཀྱི་ཞྭ་མོ་དེ་དག་ནི་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་གྲུབ་པ་ཞིག་ཡིན། གཤམ་དུ་རྩོམ་སྒྲིག་པས་བོད་ཞྭའི་སྐོར་གྱི་འདྲ་པར་མང་པོ་ཞིག་འཚོ་བསྡུ་བྱས་ཡོད་པ་ལྷན་རྒྱས་ནས་དགྱེས་གཟིགས་གནང་བར་མཁྱེན། 

          གོང་གི་བོད་ཞྭའི་འདྲ་པར་འདི་དག་ལ་གཟིགས་རྗེས་ཚོར་སྣང་ག་འདྲ་འདུག རེད་ལགས། སྤྱིར་བོད་པ་རྣམས་ཞྭ་མོ་གྱོན་རྒྱུར་དགའ་ནའང་། འབྲོག་ཁུལ་གྱི་འབྲོག་མོ་མི་ཉུང་པ་ཞིག་གིས་དུས་ཆེན་ལ་མ་གཏོགས་ཞྭ་མོ་མི་གྱོན་ལ། ཁོ་ཚོས་མགོ་ལ་ཁ་དོག་མི་འདྲ་བའི་མགོ་དཀྲིས་དཀྲིས་ཤིང་།  དེ་ལའང་གཞན་དང་མི་མཚུངས་པའི་མཛེས་སྡུག་དང་ཁྱད་ཆོས་ཡོད།