“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཏེང་པ་བའི་མཛེས་སྡུག་ལྡན་པའི་རྒྱན་གོས།

སྤེལ་དུས 2019-12-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

        འདི་ནི་ཏེང་པ་བའི་བུད་མེད་ཀྱི་རྒྱན་གོས་ཡིན་པ།
        ཏེང་པ་བ་ནི་བོད་ཀྱི་ཤར་ལྷོའི་མཐའ་མཚམས་ཁུལ་དུ་འཚོ་བའི་གྲངས་ཉུང་མི་རིགས་ཤིག་ཡིན་ཞིང་། རྫ་ཡུལ་རྫོང་གི་འོག་ཆུ་དང་། རྫ་ཡུལ་ཆུ། སྒག་སྟོད་ཆུ་སོགས་རྒྱུག་ཁུལ་ཏེ་ད་ཆའི་རྫ་ཡུལ་རྫོང་གི་རོང་སྟོད་དང་རོང་སྨད་དུ་འཚོ་གནས་བྱེད་བཞིན་ཡོད།
        ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་རིང་མོའི་ཁྲོད། ཏེང་པ་བ་རྣམས་ཕ་རྒྱུད་རུས་རྒྱུད་ཀྱི་གདོད་མའི་ཚོ་པ་དང་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་བརྒྱུད་ནས་ད་ཆའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ཞུགས་པ་དང་། ཁོང་ཚོའི་གྱོན་གོས་དང་རྒྱན་ཆ་ཡང་ཐོག་མའི་ལྕང་ལོ་དང་གཅན་གཟན་གྱི་ལྤགས་པ་ནས་ད་ཆའི་ཚོན་མདོག་རྣམ་པར་བཀྲ་བའི་རྒྱན་གོས་སུ་འགྱུར་ལྡོག་བྱུང་བ་རེད།
        ཏེང་པ་བའི་སྐྱེས་པའི་སྟོད་གོས་ནི་གོང་བ་དང་ཐེབས་ཆི་གང་ཡང་མེད་པའི་ཁན་སྦྱར་རིང་པོ་ཞིག་ཡིན་པ་དང་། འོག་འཇུག་དཀར་པོའམ་ཡང་ན་ཁན་སྦྱར་ཆུང་ཆུང་གྱོན་སྲོལ་ཡང་ཡོད། ཡང་འགའ་རེས་སྟོད་ལྷེ་དཀྲི་བ་དང་། དེས་ཉིན་མོར་གྲང་ངར་འགོག་ཐུབ་ལ་དགོང་མོར་མལ་ཆས་བྱེད་ཆོག སྐེ་ལ་སྤྱིར་ན་དངུལ་རྒྱན་ནམ་ཡང་ན་གཅན་གཟན་གྱི་རུས་པ་འདོགས་པ་རེད། སྐྱེས་པ་དར་མས་སྐྲ་རིང་པོ་འཇོག་པ་དང་། མགོ་བོར་རས་དཀར་ནག་གཉིས་གང་རུང་གིས་ལ་ཐོད་དཀྲི་ཡི་ཡོད། ན་གཞོན་ཚོས་རས་དཀར་པོས་ལ་ཐོད་དཀྲི་བ་དང་། ལོ་རྒན་པ་ཚོས་རས་ནག་པོས་ལ་ཐོད་དཀྲི་ཡི་ཡོད་ལ། དཔུང་པ་གཡོན་མར་གཙབ་གྲི་འདོགས་པ་དང་དཔུང་པ་གཡས་པར་ཐ་མག་བླུགས་སའི་འཕྲེད་ཁུག་འཁུར་གྱི་ཡོད།
        ཏེང་པ་བའི་བུད་མེད་ཀྱི་སྟོད་གོས་ཐུང་ལ་ཆུང་བ་དང་། རས་གོས་ནག་པོར་ཚོན་མདོག་མི་གཅིག་པའི་ཁྲ་རིས་བཏབ་ཡོད། སྨད་ལ་མགོ་ཤུབས་གྱོན་པ་དང་། མགོ་ཤུབས་ལ་ཕྱི་ནང་རིམ་པ་གཉིས་སུ་ཕྱེ་ཞིང་། བར་དུ་སྐ་རགས་འཆིང་སྲོལ་ཡོད། མགོ་སྐྲ་རས་ཀྱིས་བཏུམས་པ་དང་དེའི་སྟེང་ཕྲ་རྒྱན་བཏབ་པའི་སྐྲ་པིང་བཏགས་ཡོད། ཏེང་པ་བའི་བུད་མེད་མང་ཆེ་བ་བཟོ་དབྱིབས་ཆེ་ལ་ལས་སྣོན་ཞིབ་ཚགས་པའི་དངུལ་གྱི་གདུ་བུ་འདོགས་རྒྱུར་དགའ་པོ་ཡོད།
        གཞན་ཡང་སྔར་ནས་བཟུང་ཏེང་པ་བས་དངུལ་རྒྱན་ནི་རྩ་ཆེན་པོ་དང་། རྒྱུ་ནོར་ལོངས་སྤྱོད་འཛོམས་པ། སྙིང་རྗེ་ཤོས་བཅས་ལ་བརྩི་ཡི་ཡོད། གཟབ་མཆོར་ལེགས་པར་སྤྲས་པའི་ཏེང་པ་བའི་བུད་མེད་ཅིག་ལམ་དུ་ཆས་སྐབས་རྒྱན་ཆའི་སྒྲ་སིང་སིང་དུ་གྲགས་པས་ན་ཧ་ཅང་ཉམས་དགའ་བ་ཞིག་ཡོད། ཏེང་པ་བའི་སྐྱེས་ཕོ་མོ་ཚང་མ་ཕྱོགས་ལ་ཐོན་སྐབས་འཕྲེད་ཁུག་འཁྱེར་སྲོལ་ཡོད་པ་དང་། འཕྲེད་ཁུག་གི་ཚོན་མདོག་རྣམ་པར་བཀྲ་ལ་ཤིན་ཏུ་མཛེས་སྡུག་ལྡན། ད་དུང་ཨི་ཁུང་འཕིགས་པའི་དངུལ་ཊཾ་གྲལ་འགྲིག་པོའི་ངང་འཕྲེད་ཁུག་གི་འཁུར་ཐག་ལ་འདོགས་སྲོལ་ཡོད་པ་དང་། འཕྲེད་ཁུག་སྟེང་དུ་རི་མོ་སྣ་ཚོགས་ཀྱིས་བརྒྱན་ནས་མི་རིགས་ཀྱི་ཁྱད་ཆོས་གསལ་ལེར་མངོན་པ་རེད།
རྩོམ་སྒྲིག་པ།སྣང་རྡོར།