“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

མི་རིགས་ཀྱི་རྒྱན་གོས་ལས་མངོན་པའི་རིག་གནས་ཀྱི་ཉམས་འགྱུར།

སྤེལ་དུས 2019-12-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— ལྷོ་པ་རིགས་ཀྱི་རྒྱན་གོས་ཀྱི་རྒྱུན་འཛིན་དང་འཕོ་འགྱུར།

འདི་ནི་ལྷོ་པའི་སྲོལ་རྒྱུན་རྒྱན་གོས་གྱོན་པའི་མང་ཚོགས་ཡིན་པ།
         ཡ་ཤ་དང་ཐོག་མར་འཕྲད་སྐབས་སྟོན་དུས་ཡིན་ཞིང་། སྐབས་དེ་དུས་ཁོ་མོས་གཞི་ནག་པོར་དམར་ཐིག་བཏང་བའི་ཁན་སྦྱར་ཞིག་དང་། སྨད་ལ་པུས་མོ་སྒྲོལ་ཙམ་གྱི་སྨད་གཡོག་ཅིག་གྱོན་པ་དང་། སྐེད་པ་དང་མཇིང་པར་གཡུ་ཕྲེང་བཏཌ་ནས་དགོད་འཚེར་འཚེར་ངང་ཁྱད་ལྡན་ཐོན་ཟོག་ཚོང་ཁང་ནས་ཕྱོགས་བཞིའི་སྐུ་མགྲོན་བསུ་བཞིན་འདུག
         ཚོང་ཁང་གི་ཁྱོན་ཡོངས་ལ་ལྟ་སྐབས། རྒྱན་གོས་དང་། དངུལ་ཁུག སྟོད་ལྷེ། ལྟོ་ཕད། རྒྱན་ཆ་སོགས་ཀྱིས་ཁེངས་ཤིང་། དེ་དག་ལས་ལྷོ་པ་བའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉམས་འགྱུར་གསལ་ལེར་མངོན། ཡིན་ཡང་ཚོན་མདོག་དང་བཟོ་ལྟ་གང་རུང་ནས་བལྟས་ཀྱང་མཛེས་ཤོས་ནི་ཡ་ཤའི་ལུས་སུ་གྱོན་པའི་རྒྱན་གོས་ཆ་ཚང་དེ་རེད།
         “ལྷོ་པའི་བུད་མེད་ཀྱིས་རྒྱན་གོས་ལ་དང་དོད་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། རྒྱན་གོས་ཀྱི་ཚོན་མདོག་ནི་དམར་པོ་དང་། ནག་པོ། དཀར་པོ། སེར་པོ་བཅས་གཙོ་བོ་ཡིན་པ་དང་། སྐེད་རྒྱན་དང་། རྣ་རྒྱན། ལག་གདུབ་སོགས་རྒྱན་ཆ་སྣ་ཚོགས་འདོགས་སྲོལ་ཡོད་ལ། རྒྱན་ཆ་ཁག་གཅིག་གི་ལྗིད་ཚད་ལ་རྒྱ་མ་བཅུ་ཉི་ཤུ་ཙམ་ཡོད་པ་རེད། ལྷོ་པ་རིགས་ཀྱི་སྐྱེས་པའི་རྒྱན་གོས་ནི་བུད་མེད་དང་བསྡུར་ན་ཧ་ཅང་སྟབས་བདེ་ཞིང་། གྱོན་གོས་གཙོ་བོ་ནི་ཕྱིང་ལྭ་ཡིན་ལ། རྒྱན་ཆ་ལ་སྐ་རགས་དང་ཞྭ་མོ། དེ་བཞིན་རི་དྭགས་ཀྱི་རུས་རྒྱན་སོགས་ཡོད” ལྷོ་པ་རིགས་ལ་ཡི་གེ་མེད་པས་རྒྱན་གོས་ཀྱི་ལོ་རྒྱུས་ཡིག་ཚང་ཉེ་ལམ་ལོ་བཅུ་གྲངས་ལས་སྟོན་རྒྱུ་མེད།
         “ཡར་སྔོན་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པས་སྐབས་དེའི་གྱོན་གོས་ཀྱི་ནུས་པ་གཙོ་བོ་ནི་དྲོད་སྲུང་དང་གཟུགས་པོར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ལུས་ལ་རན་མིན་ལས་སྙིང་རྗེ་པོ་དང་བདེ་པོ་ཡོད་མེད་ལ་སྣང་བ་དེ་ཙམ་འཇོག་གི་མེད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། ལྷོ་པ་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མི་རིགས་གཞན་དག་དང་འདྲ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དཔལ་འབྱོར་གྱི་ཆ་རྐྱེན་ཡག་ཏུ་ཕྱིན་ནས་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོད་དེ་རྒྱུན་གཏན་གྱི་དགོས་མཁོ་སྐོང་བའི་རྨང་གཞིའི་ཐོག རང་བྱུང་རྒྱུ་ཆར་རིམ་བཞིན་ལས་སྣོན་བྱེད་འགོ་ཚུགས་ཏེ། ཕོ་མོའི་གྱོན་གོས་ཀྱི་ཚོན་མདོག་དང་། རྒྱུ་སྤུས། རྒྱན་ཆ་བཅས་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་ཡ་ཤས་གསར་འགོད་པར་དེ་ལྟར་བཤད།
                 འོན་ཀྱང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ལྷོ་པའི་སྲོལ་རྒྱུན་གྱོན་གོས་ཀྱང་སྟོངས་ལ་ཉེ་བའི་གནས་སུ་གྱར།
         “ང་ཚོ་དེང་རབས་ཅན་དང་ག་ཚོད་ཀྱིས་ཉེ་ན། དེ་ཙམ་གྱིས་སྲོལ་རྒྱུན་དང་རྒྱང་དུ་འགྲོ་ཡི་ཡོད”ཅེས་ལྷོ་པའི་རྒྱན་གོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཟླ་བས་བློ་ཕམ་ཆེན་པོའི་སྒོ་ནས་བཤད། ཁོང་གིས་མི་ཚང་མ་གྲོང་ཁྱེར་དུ་ཕྱིན་པ་དང་། དེ་གར་བཟོ་ལྟ་གསར་པ་དང་ཚོན་མདོག་སྙིང་རྗེ་བའི་གྱོན་ཆས་མང་བས། ལྷོ་པའི་སྲོལ་རྒྱུན་གྱི་རྒྱན་གོས་ལ་དགའ་པོ་བྱེད་མཁན་ཡང་ཉུང་དུ་འགྲོ་བཞིན་འདུག་ཅེས་བཤད།
         མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱས་ཏེ་ལྷོ་པའི་རྒྱན་གོས་རྒྱུན་འཛིན་ཡག་པོ་བྱ་ཆེད། 2007ལོར། ལྷོ་པའི་རྒྱན་གོས་ལ“ཐོན་སྐྱེད་དང་རྒྱུན་འཛིན”ཟུང་འབྲེལ་གྱི་རྣམ་པ་སྤྱད་ཅིང་། ལོ་དེར། གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོལ་གྲོང་ཚོའི་ལྷོ་པའི་རྒྱན་གོས་འཚེམ་ཤེས་པའི་གྲོང་མི་འགའ་ཞིག་གིས་རྫོང་གི་མངགས་བཅོལ་ལྟར་སློབ་མ་བསྡུ་འགོ་བརྩམས་པ་དང་། སྔ་རྗེས་སུ་བུད་མེད་སློབ་མ་10ལྷག་བསྡུས་པ་རེད། 2008ལོར་ལྷོ་པའི་རྒྱན་གོས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་མ་ཟད། ཟླ་བས་སྣེ་ཁྲིད་དེ་མཉམ་ལས་ཁང་བཙུགས་ཤིང་། ཕྱོགས་མང་པོའི་རྒྱབ་སྐྱོར་འོག་གནས་ཡུལ་ལྷོ་པ་ཤང་གིས་ལྷོ་པའི་རིག་གནས་ལ་ཕྱོགས་ཡོངས་ནས་་སྲུང་སྐྱོང་བྱས་པ་རེད།
         2015ལོར། རྫོང་དང་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག ཡ་ཤ་ཡིས་གྲོང་ཚོའི་བུད་མེད་22ཀྱི་སྣེ་ཁྲིད་དེ་སྨན་གླིང་རྫོང་གནས་མཆོག་གནས་ཡུལ་ལྷོ་པ་རོང་གི་ལྷོ་པའི་བསླས་འཐག་ཞིང་འབྲོག་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་ཆབས་ཅིག བསླས་འཐག་ལག་རྩལ་གྱི་རྒྱུན་འཛིན་པ་རྒན་གྲས་གདན་དྲངས་ཏེ་འཐག་ལས་བསླབས་ནས་ལྷོ་པའི་རྒྱན་གོས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བ་རེད།
         མི་རིགས་རྒྱན་གོས་ལ་སྲུང་སྐྱོང་བྱེད་མཁན་མང་པོའི་འབད་བརྩོན་འོག ད་ཆ་ལྷོ་པའི་རྒྱན་གོས་ཀྱང་འཕེལ་རྒྱས་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་ཀྱི་ལམ་བུ་བརྒྱུད་དེ་གངས་ལྗོངས་ས་མཐོར་དར་རྒྱས་འགྲོ་བཞིན་མཆིས།
རྩོམ་སྒྲིག་པ།སྣང་རྡོར།