དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

སྲོལ་རྒྱུན་ལག་ཤེས་ལས་རྐང་འོག་གི་སྒྱུ་རྩལ་དར་བ་བྱས། (སྒྲ)

སྤེལ་དུས 2020-03-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
 

        བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ལ་སྔ་མོ་ནས་བོད་ལྷམ་དར་ཡུལ་ཞེས་པའི་མཚན་སྙན་ཡོད་ཅིང་། པ་སྣམ་བས་ལག་འཚེམ་བརྒྱབ་པའི་བོད་ལྷམ་གྱི་བཟོ་ལྟ་ལེགས་པ་དང་། སྤུས་ཚད་ཡག་པ། རྐང་པར་བདེ་བ་བཅས་ཡོད་པས་བོད་ལྷམ་བཟོ་རྩལ་རྒྱུན་འཛིན་གྱི་ཕ་སར་བརྗོད་ཆོག་གི་ཡོད། དེ་བས་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་དང་། ཁྲོམ་རའི་དཔལ་འབྱོར་ཟུང་སྦྲེལ་དམ་ཟབ་བྱས་པ་ལས་འབྱོར་འབྲིང་གི་ལམ་བུར་བདེ་བར་སྐྱོད་ཐུབ་པ་བྱུང་ཡོད། 

        བོད་ལྷམ་ནི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བའི་གྱོན་ཆས་ཀྱི་རིགས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་འཕེལ་རིམ་བརྒྱུད་དེ་བས་མཛེས་ཤིང་སྤུས་ལེགས་པ་དང་། ལུགས་དང་མཐུན་པ། བཀོལ་སྤྱོད་ཆེ་བ་ཞིག་ལ་གྱུར་ནས་གངས་ལྗོངས་ས་མཐོའི་ཐོག་མི་རྣམས་ཀྱི་སྔར་མུས་བཞིན་བོད་ལྷམ་རྒྱུན་སྤྱོད་བྱེད་ཀྱི་ཡོད། 

        བོད་ལྗོངས་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱི་ཡུལ་མི་པ་སངས་ཚེ་རིང་ལགས་ནི་དགའ་སྡོང་གྲོང་རྡལ་གྱི་ཟོམ་ལྷམ་བཟོ་མཁན་ཞིག་རེད། ཁོང་གིས་ལོ་14ནས་ཟོམ་ལྷམ་བཟོ་བའི་ལག་རྩལ་སྦྱངས་པ་དང་། 2012ལོར་པ་སངས་ཚེ་རིང་ལགས་ཀྱིས་གྲོང་ཚོའི་དབུལ་ཕོངས་མང་ཚོགས་སྒྲིག་འཛུགས་བྱས་ནས་དར་རྒྱས་སྲོལ་རྒྱུན་གྱོན་ཆས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྲོལ་རྒྱུན་གྱི་བོད་ལྷམ་བཟོ་རྩལ་རྒྱུན་འཛིན་དང་སླར་གསོ་བྱེད་པའི་རྨང་གཞིའི་ཐོག་དམངས་ཁྲོད་ཀྱི་ཐོན་ཁུངས་ལེགས་ཆ་སྤྱད་དེ་དབུལ་ཕོངས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་མ་བཏང་ཡོད། 

        མང་ཚོགས་དེ་བས་མང་བ་ཞིག་བོད་ལྷམ་བཟོ་རྩལ་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་རྒྱུར་སྣེ་ཁྲིད་བྱ་ཆེད། ཁོང་གིས་ཆེད་ལས་དགེ་རྒན་གདན་ཞུ་བྱས་ནས་མཉམ་ལས་ཁང་ནང་ཞུགས་མཁན་ལ་སློབ་ཡོན་མི་དགོས་པར་བོད་ལྷམ་བཟོ་རྩལ་བསླབས་པ་དང་། ལག་རྩལ་བྱང་ཆུབ་རྗེས་ཐོན་སྐྱེད་རྒྱུ་ཆ་དང་། ལག་ཆ་སོགས་མཁོ་འདོན་བྱས་ནས་བོད་ལྷམ་བཟོ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་རང་རྐྱ་འཕེར་བ་ཡོང་རྒྱུར་སྐུལ་མ་བཏང་ཡོད། 

        ཆེད་ལས་མཉམ་ལས་ཁང་བཙུགས་པ་དེས་པ་སངས་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་སྲོལ་རྒྱུན་འཐག་ལས་ལག་རྩལ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་གསར་གཏོད་བྱས་པ་མ་ཟད། དམངས་ཁྲོད་ཀྱི་ཐོན་ཁུངས་ལེགས་ཆ་སྤྱད་དེ་མང་ཚོགས་དབུལ་པོར་འབབ་འཕར་ཡོང་རྒྱུར་སྐུལ་མ་བཏང་ནས་སྤུས་ཀ་ལེགས་ཤིང་བཟོ་ལྟ་འདྲ་མིན་གྱི་བོད་ལྷམ་མང་པོ་ཁྲོམ་རར་བཏོན་པས། ཁྲོམ་རའི་ཐོག་དགའ་སྡོང་བོད་ལྷམ་བྲིན་ཁ་རྒྱུག་པོ་བྱུང་བ་མ་ཟད། མང་ཚོགས་རྣམས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་དེ་བས་མགྱོགས་སུ་སོང་ཡོད། 2012ལོར་མཉམ་ལས་ཁང་དེ་གུང་གཞོན་སྡེ་ཚོགས་གཞིས་རྩེ་ས་ཁུལ་ཨུ་ལྷན་གྱི་གཞོན་ནུའི་ལས་གཏོད་ལྟ་སྦྱོང་རྟེན་གཞིར་གཏན་འཁེལ་བྱས་པ་དང་། 2013ལོར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིར་གཏན་འཁེལ་བྱས་ཡོད། 

        2019ལོར་པ་སངས་ཚེ་རིང་ལགས་ཀྱི་སྣེ་ཁྲིད་པའི་མཉམ་ལས་ཁང་དེར་བཟོ་གྲྭ་གཉིས་དང་ཚོང་ཁང་བདུན་ཡོད་པ་དང་། ལོ་རེར་བོད་ལྷམ་ཆ་ཆིག་ཁྲི་ལྔ་སྟོང་ཙམ་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཐུབ་པ་ཞིག་ཏུ་གྱུར་ནས་ཐོན་སྐྱེད་དང་། མཁོ་སྤྲོད། ཚུར་བསྡུ། བྲིན་ཚོང་། གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་གཉེར་སྐྱོང་བྱེད་སྟངས་ཤིག་ཆགས་ཏེ་དགའ་སྡོང་གྲོང་རྡལ་གྱི་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད། 

རྩོམ་སྒྲིག་པ།སྣང་རྡོར།