དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཀོང་པོར་དུས་ཆེན་དམིགས་བསལ་འདི་འདྲ་ཞིག་འདུག ཁྱེད་རང་ཕེབས་མྱོང་ངམ།

སྤེལ་དུས 2020-04-01 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

         ཐང་དགོན་གེ་སར་འཁྲབ་སྟོན་དུས་ཆེན་ནི། དེང་གི་སྤོ་བོ་རྫོང་རྡོ་རྗེ་ཤང་ཁོངས་ཐང་དགོན་སྲིད་འཛིན་གྲོང་ཚོས་གཙོ་བོར་བྱས་ཤིང་། དེ་མིན་སྲིད་འཛིན་གྲོང་ཚོ་ཁག་གཅིག་ཞུགས་ཏེ། སྔར་མི་བརྒྱ་རྟ་བརྒྱ་ཞེས་པའི་དུས་ཆེན་ཞིག་ཡོད་པ་དེར་དུས་རབས་དང་བསྟུན་ཏེ་འགྱུར་ལྡོག་དང་། ཁ་སྣོན། གསར་གཏོད་བཅས་འོས་འཚམ་བྱས་ནས། འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་སྟེ། བོད་ཀྱི་དམངས་སྒྲུང་རིང་མོ་གེ་སར་རྒྱལ་པོའི་མཛད་རྣམ་འཁྲབ་སྟོན་བྱ་རྒྱུ་གཙོ་བོར་བྱས་ཐོག རྟ་རྒྱུག་དང་། གླུ་གར། ཁ་ཤགས། རྩེད་སྣ། དེ་བཞིན་དམངས་ཁྲོད་རྩལ་རྩེད་འགྲན་བསྡུར་དང་། དངོས་ཟོག་བརྗེ་རེས་སོགས་གསོན་ཤུགས་གསར་པ་བསྣན་པའི་སྣ་འཛོམས་རང་བཞིན་གྱི་དུས་ཆེན་ཞིག་རེད།

         སྲོལ་རྒྱུན་གྱི་གནའ་བོའི་སྤོ་བྲོ་འཁྲབ་བཞིན་པ།
         2019ལོའི་ཟླ་7པར། ང་རང་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་མཁས་དབང་ལྷན་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་དབང་གིས་ཕ་ཡུལ་ལ་གཉེན་འཕྲད་འགྲོ་ཞོར་དུ་དུས་ཆེན་དེའི་བྱེད་སྒོ་ཁག་ལ་རྟོག་ཞིབ་དང་། ལྟ་སྦྱོང་། ཉམས་ལེན་བཅས་བྱས་པ་ཡིན།
         དུས་ཆེན་གྱི་ཉིན་དང་པོ་སྟེ། ཟླ་7པའི་ཚེས་16(བོད་ཟླ་5པའི་ཚེས་15)ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པ་ཙམ་ལ་ང་རང་རླངས་འཁོར་བཏང་སྟེ། ང་རང་སྡོད་སའི་གྲོང་ཚོ་ནས་དུས་ཆེན་གཏོང་སའི་ཐང་དགོན་གྲོང་ཚོར་ཕྱིན་པ་ཡིན། ལམ་ཐག་སྤྱི་ལེ་བཅུ་ཙམ་བསྐྱོད་རྗེས། བྱེད་སྒོ་སྤེལ་ཡུལ་དུ་འབྱོར་སོང་།
         དེ་ནས་དུས་ཚོད་གང་འཚམ་ཞིག་སོང་རྗེས། མི་རྣམས་ནས“ད་ནི་རྟ་རྒྱུག་རན་འདུག”ཅེས་བརྗོད་བཞིན། རྟ་རྒྱུག་གཏོང་འགོ་ཚུགས་སའི་ཕྱོགས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་ལྟད་མོར་འགྲོ་བཞིན་འདུག་པས། ང་ཡང་དམངས་སྲོལ་དེ་པར་དུ་ལེན་པའི་ཆེད་དུ་མི་གཞན་དང་མཉམ་དུ་བྲེལ་བྲེལ་ཟིང་ཟིང་ངང་ཕྱིན་པ་ཡིན། དེ་ནས་བསངས་དུད་དཀར་ལྷོག་ལྷོག་ཅིག་དགུང་དུ་འཕྱུར་བ་དང་ཆབས་ཅིག རྟ་པ་རྣམས་ཀྱིས་རྟ་ཕོ་འགྲོས་རྒྱུག་ལ་བསྐུལ་ཏེ། ཤར་རེར་བྱེད་སྒོ་སྤེལ་སའི་སྤང་ཐང་དེར་ཁ་གཏད་ནས། བློ་གཤོགས་ཆེ་བ་དང་། སྤྲོ་བ་འཕེལ་བ། སྤོབས་ཉམས་ལྡན་པ། སྒམ་བརླིང་ཆེ་བ་བཅས་ཀྱི་སྒོ་ནས་ཕྱིན་སོང་། སྤང་ཐང་དེའི་འདབས་རོལ་ན། བསངས་ར་ཆེན་པོ་ཞིག་ཡོད་པ་དེར་སྐོར་བ་ལན་གསུམ་བརྒྱབ་རྗེས། ཚང་མ་རྟ་ལས་བབས་ཏེ། མགྲིན་གཅིག་ཏུ་སྐད་གསང་མཐོན་པོས་ལྷ་རྒྱལ་འཐེན་པ་དང་། དེ་ནས་ཞིང་ལ་ལོ་ལེགས་དང་། ཕྱུགས་ལ་འཕེལ་ཁ། མི་ལ་བདེ་སྐྱིད། རྒྱལ་ཁམས་འཆམ་མཐུན་བཅས་ཡོང་བའི་སྨོན་ལམ་བཟང་པོ་ཡང་ནས་ཡང་དུ་བཏབ་པ་དང་སྦྲགས། མི་སེམས་འགུལ་བའི་དུས་ཆེན་འགོ་ཚུགས་མཛད་སྒོའམ་རྟ་རྒྱུག་བྱེད་སྒོ་རེ་ཞིག་མཇུག་འགྲིལ་སོང་།

         སྲོལ་རྒྱུན་གྱི་རྩེད་སྣའམ་གཏམ་བརྗོད་ཟློས་གར་ཐུང་གྲས“དོམ་དྲེད་མོ”ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
         དེ་ནས་བྱེད་སྒོའི་གཙོ་གནད་དེ། གེ་སར་རྒྱལ་པོའི་མཛད་རྣམ་ལས་བདུད་འདུལ་ཞེས་པའི་ཟློས་གར་འཁྲབ་སྟོན་འགོ་ཚུགས་སོང་བ་དང་། འཁྲབ་སྟོན་པའི་རྒྱན་གོས་དང་། འཁྲབ་རྩལ། རོལ་དབྱངས(སྒྲ་ཐག)ཀྱི་ཉམས་འགྱུར། གར་གྱི་སྟངས་སྟབས་སོགས་གང་ནས་བལྟས་ཀྱང་། ཆེད་ལས་རིག་རྩལ་ཚོགས་པ་དང་ཁྱད་པར་དེ་ཙམ་མི་འདུག་ལ། སྲིད་འཛིན་གྲོང་ཚོ་ཁག་ལྔའི་འཁྲབ་སྟོན་པ་ཁྱོན་མི་47གྱི་གཞི་ཁྱོན་ལས་གྲུབ་པའི་གྲ་རྒྱས་ཤིང་། བྱིན་ཆགས་པའི་འཁྲབ་སྟོན་དེར་ང་རང་ཧ་ལས་ཧང་སངས་བྱུང་ལ། རྗེས་སུ་ཡི་རང་གི་བསམ་པ་ཞིག་ཀྱང་འགོག་མེད་དུ་སྐྱེས་བྱུང་།

         གེ་སར་རྒྱལ་པོའི་མཛད་རྣམ་བདུད་འདུལ་ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།
         དུས་ཆེན་གྱི་ཉིན་གཉིས་པའི་སྔ་དྲོར། སླར་ཡང་གེ་སར་རྒྱལ་པོའི་མཛད་རྣམ་ལས་དམྱལ་གླིང་གི་དུམ་བུ་ཐུང་ངུ་ཞིག་འཁྲབ་སྟོན་བྱས་སོང་བ་དང་། འཁྲབ་ཚན་དེར་འཁྲབ་སྟོན་པ་ཁྱོན་མི་37ལས་གྲུབ་འདུག་ཅིང་། དེ་ནི་ཞལ་འབག་སྣ་ཚོགས་གྱོན་ནས་འཁྲབ་པའི་འཁྲབ་ཚན་ཞིག་རེད་འདུག་པས། འཁྲབ་ཆས་དང་། ཞལ་འབག་སོགས་ཕུན་སུམ་ཚོགས་ཤིང་། རྙོག་འཛིང་ཆེ་བ། དེ་དག་གི་བཟོ་རྩལ་དང་། ཚོན་མདངས། རི་མོའི་སྒྱུ་རྩལ་སོཌ་ངོམས་སུ་ཆོག་པ་ཞིག་རེད་འདུག དེ་ནས་དགོང་མོ་ཕྱི་པོའི་བར་དུ་གོ་རིམ་བཞིན་དུ་གྲོང་ཚོ་ཁག་ནས་གནའ་ཉམས་དོད་ལ་རྡོག་བྲོ་རྩིང་བའི་སྤོ་བྲོ་དང་། སྤྲོ་སྣང་འཕེལ་ཞིང་འགྱུར་ཁུག་སྙན་པའི་རལ་གཞས། ཁ་རྩལ་བདེ་ཞིང་བཞད་གད་སློང་བའི་སྲོལ་རྒྱུན་ཁ་ཤགས། ཉན་ན་དགའ་ཞིང་བླངས་ན་སྤྲོ་བའི་སྤོ་དབྱངས། ལོ་རྒྱུས་རིང་ལ་གོ་དོན་ཟབ་པའི་སྲོལ་རྒྱུན་རྩེད་སྣའམ་གཏམ་བརྗོད་ཟློས་གར་ཐུང་གྲས་ལ་སོཌ་འཁྲབ་སྟོན་བྱས་སོང་། དེ་དག་གི་ཁྲོད་ནས་མང་དག་ཅིག་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སུ་ཚུད་པ་ཤ་སྟག་རེད་འདུག་ལ། ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་དགོས་མཁོ་དང་ཡང་ཡོངས་སུ་མཐུན་པ་ཞིག་ཀྱང་རེད་འདུག

         ཐང་དགོན་གེ་སར་འཁྲབ་སྟོན་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི“མི་བརྒྱ་རྟ་བརྒྱ”
         དུས་ཆེན་གྱི་ཉིན་གསུམ་པའི་སྔ་དྲོ་ནི། སྔོན་ལ་ཉིན་གཉིས་རིང་གི་རིག་རྩལ་འཁྲབ་སྟོན་ལ་ཕྱོགས་སྡོམ་དང་། གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ་རེད་འདུག་ཅིང་། དེ་ཡང་རིམ་པ་མི་དབྱེ་བར། འཁྲབ་སྟོན་ལ་ཞུགས་པའི་གྲོང་ཚོ་ཚང་མ་དང་། འཁྲབ་སྟོན་པ་མི་སྒེར་ཡོད་དོ་ཅོག་ལ་ཇ་དང་། ཁ་བཏགས་སོགས་སྤྲོད་སྲོལ་འདུག་ཅིང་། ད་དུང་དུས་ཆེན་གྱི་རིང་ལ་དངོས་པོ་རྙེད་ནས་སྦ་གསང་མེད་པར་དུས་ཆེན་གྱི་འགན་འཁུར་མི་སྣར་གོང་འབུལ་བྱེད་མཁན་དང་། དེ་མིན་མི་བཟང་ལས་བཟང་གི་བྱ་བ་སྒྲུབ་མཁན་བཅས་ལ་བསྟོད་བསྔགས་དང་། འོས་འཚམ་གྱི་བྱ་དགའ་ཡང་སྤྲོད་སྲོལ་འདུག དེ་གའི་མི་རྣམས་ནི་དེ་འདྲའི་བག་ཆགས་ལྡན་པ་ཞིག་ཡིན་འདུག་པས། བྱ་དགའ་དངོས་པོ་ཆེ་ཆུང་ལ་གང་ཡང་མི་བལྟོས་པར་མི་ཚོགས་ཀྱི་ཁྲོད་དུ་ཁ་བཏགས་གཅིག་དང་། བསྔགས་བརྗོད་ཀྱི་བསྟོད་ཚིག་ཅིག་ཐོབ་ན་གདོང་ལ་བློ་ཡིད་ཚིམ་པའི་རྣམ་འགྱུར་ཞིག་ངང་གིས་ཐོན་བཞིན་འདུག ཉིན་དེའི་མཇུག་ཏུ་ཚང་མས་རང་མོས་ངང་སྲོལ་རྒྱུན་གྱི་རྩལ་རྩེད་སྣ་ཚོགས་དང་། དངོག་ཟོག་བརྗེ་རེས་ཀྱི་བྱེད་སྒོར་ཞུགས་རྒྱུ་རེད་འདུག

         སྲོལ་རྒྱུན་གྱི་ཁ་ཤགས་འཁྲབ་སྟོན་བྱེད་བཞིན་པ།
         མདོར་ན། དུས་ཆེན་དེ་ནི་རྒྱུན་འཛིན་གྱི་ཁྲོད་ནས་འགྱུར་ལྡོག་དང་། འཕེལ་རྒྱས་ཀྱི་ཁྲོད་ནས་གསར་གཏོད། སྲོལ་རྒྱུན་གྱི་དམངས་ཁྲོད་རིག་རྩལ་དང་དེང་དུས་ཀྱི་གསར་གཏོད་རིག་རྩལ་མཉམ་དུ་འདྲེས་ཤིང་། རིག་རྩལ་རྙིང་པ་ནས་རིམ་བཞིན་གསར་པའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་པའི་མང་ཚོགས་རང་བཞིན་ལྡན་པའི་བྱེད་སྒོ་ཆེས་ཡག་པོ་ཞིག་རེད་འདུག་ལ། ས་གནས་དེ་གའི་དངོས་མིན་རིག་གནས་ཀྱི་འགྲན་ཚོགས་ཤིག་ཀྱང་རེད་འདུག དེས་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན་མདུན་དུ་སྐུལ་བ། ལྷག་པར་དུ་ཡུལ་སྐོར་བྱ་གཞག་གོང་དུ་སྤེལ་བར་ཕན་ནུས་ཀྱང་ངེས་ཅན་ཐོན་ཐུབ་ངེས་ཡིན་པའི་བྱེད་སྒོ་ཞིག་ཀྱང་རེད་འདུག
         (ཕུར་བུ་རྡོ་རྗེ། སྲིད་གྲོས་ཉིང་ཁྲི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་དང་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་མཁས་དབང་ལྷན་ཚོགས་ཀྱི་ཚོགས་མི)
རྩོམ་སྒྲིག་པ།སྣང་རྡོར།