དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

དབུ་ལ་རལ་བའི་ཉི་ཟླ་ཁུར་བའི། ། ཁམས་པའི་ཕོ་རྒོད་མི་ཡི་དྭངས་མ། །

སྤེལ་དུས 2020-12-24 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།

 

 

         འདི་དག་ནི་ཁམས་ཉག་ཆུ་ཨོ་ཐོག་ཡུལ་གྱི་དམངས་སྲོལ་རིག་གནས་མཚོན་པའི་འདྲ་པར་འགའ་ཡིན་ལ། རལ་བ་ནི་ཁམས་ཕྱོགས་དུ་དར་ཁྱབ་ཆེ་བའི་རྒྱན་ཆ་ཞིག་ཡིན་ལ། རལ་བ་དམར་པོ་དང་ནག་པོ་གཉིས་ཡོད་པ་ལས་ཁམས་ཉག་ཆུ་ཨོ་ཐོག་ཡུལ་གྱི་རལ་བ་ནི་ཕལ་ཆེར་ནག་པོ་ཡིན།   
         ལྷམ་མཐིལ་མ་རྐང་བའི་མཐིལ་ན་མཛེས། ། དེ་གྱོན་ནས་གནའ་བྲོ་འཁྲབ་ན་ཡག །

         ལྷམ་འདིའི་མིང་ལ(ལྷམ་མཐིལ་མ)ཞེས་འབོད་ལ།  ལྷམ་མཐིལ་མ་ནི་དགེ་འདུན་པ་དང་སྐྱ་བོ་གཉིས་ནས་གྱོན་ཆོག་མོད།  དེ་ལ་ཅུང་ཟད་མི་འདྲ་ས་ཡང་ཡོད།
         ཐུགས་ལ་བྱམས་བརྩེའི་མེ་ཏོག་བཞད་པའི། ། ཁམས་པའི་བུ་མོ་གསེར་གྱི་རང་གཤིས། །

         གོང་གི་བུད་མེད་ཀྱི་རྒྱན་ཆ་འདིའི་མིང་ལ་མགོ་ཆའམ་ཁྱ་མོ་ཞེས་བརྗོད་ལ།   རྒྱན་ཆ་འདི་ནི་གསེར་དངུལ་གཉིས་ལས་བྱས་པ་ཡང་ཡོད་པས་གསེར་གྱིས་བརྡུང་བའི་རྒྱན་ཆ་ནི་ད་ལྟ་དར་སྲོལ་ཆེ།  རྒྱན་ཆ་འདི་ཡང་ཉག་ཆུ་ཨོ་ཐོག་གི་ཐུན་མོང་མ་ཡིན་པ་ཞིག་གོ །
རྩོམ་སྒྲིག་པ། སྣང་རྡོར།