རྡོ་མཐིང་སྤང་གསུམ་གྱི་ལས་སྣོན་ཟིན་བྲིས།
སྤེལ་དུས 2021-03-01
ཡོང་ཁུངས། ཁམས་པའི་དྲ་བ།
རྩོམ་པ་པོ།
ཟེ་ཚ། སྨན་རྫས་འདུལ་སྦྱོང་དང་འགད་རྫས་སོགས་སུ་སྤྱོད་པའི་རྫས་ཞིག
སྔོ་བོང་ང་དམར་པོ། རྡོ་རྒྱུས་འདུལ་སྦྱོང་རྡོ་རིགས་གཞན་གྱི་ལས་སྣོན་དང་ཅུང་མི་འདྲ་ཞིང་། རྒྱུན་མཐོང་སྨན་སྦྱོར་འདུལ་སྦྱོང་ཡིག་ཆ་ཁག་ལས་ཀྱང་མཐོང་དཀོན་པའི་ལག་ལེན་ཞིག་ཡིན་སྟབས་འདིར་ཟིན་བྲིས་ཀྱི་ཚུལ་དུ་ཕྱོགས་བསྡུས་ཤིག་བཀོད་པ་ཡིན།
རྡོ་རྒྱུས། མཐིང་རྒྱུས། སྤང་རྒྱུས་ཞེས་རྡོའི་དབྱིབས་རྒྱུས་ཕྲན་གཤིབ་པ་འདྲ་ལ། ཁ་དོག་སྐྱ་བོ། མཐིང་སྔོན། སྤང་ཞེས་ལྗང་ཁུའི་མདོག་བཅས་གསུམ་ཡོད་པས་དབྱིབས་དང་ཁ་དོག་ལ་ལྟོས་ནས་རྡོ་རྒྱུས། མཐིང་རྒྱུས། སྤང་རྒྱུས་ཞེས་མིང་བཏགས་པ་ཡིན། རྡོ་མཐིང་སྤང་གསུམ་གང་ཡིན་ཡང་ས་རྡོ་སོགས་གད་སྙིགས་གཙང་སེལ་བྱས་ནས་ཆེ་ཆུང་སྲན་མ་ཙམ་ཁྲོབ་བརྡུང་བྱ། ས་ཞགས་དང་དྲེག་པ་སོགས་དག་པར་བཀྲུས་རྗེས། ཤ་རྒྱུས་ལྟ་བུ་ཆུ་ཁར་སྤུར་བ་རྣམས་དྭངས་སྙིག་ཕྱེས་ནས་། ཆུ་གཙང་གིས་ཐེངས་ཁ་ཤས་བཤལ། དེ་ནས་རྡོ་རྒྱུས་ཁེ500ཡི་ཚད་ལ། ཟེ་ཚྭ་ཁེ་100་དང་། བོང་དམར་ཁེ20ནས25བར་བཏབ། ཆུ་ཧོ་ཧྲིན་5000བླུགས་ནས་ཆུ་ཚོད་གསུམ་ནས་བཞི་བར་བཙོས་ནས༼ ཆུ་འཐག་ན་ཡང་བསྐྱར་ཁར་གསབ་བྱེད་ནས་བཙོ་དགོས༽ ཚོས་རྗེས་ཆུ་གཙང་གིས་ཐེངས་ཁ་ཤས་བཤལ། སྣོད་ངོས་སུ་ཆགས་པའི་དྲེད་པ་དང་། རྡོ་དྲེག་དག་པར་བཀྲུས་ནས་མྱུར་སྐམ་བྱས་པས་འགྲུབ།
རྡོ་རྒྱུས་འདུལ་མ།རྡོ་རྒྱུས་ནི་སྨན་དུ་སྤྱོད་ཆོག་པ་མ་ཚད་རྡོ་རས་དང་། རྡོ་ཚོན་སོགས་སུ་སྤྱོད་ཆོག་ཅེས་བཤད་སྲོལ་འདུག་ཀྱང་དངོས་སུ་ལག་ལེན་བྱེད་པ་མ་མཐོང་།
རྩོམ་སྒྲིག་པ། སྣང་རྡོར།