དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ས་གདན་ཁང་པའི་ཕྱི་ནང་གང་དུ་འདིང་དགོས་སམ།

སྤེལ་དུས 2021-03-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
       ས་གདན་ནི་ཁྱིམ་ཚང་ཚང་མར་ཡོད་པའི་དངོས་པོ་ཞིག་སྟེ། རྒྱལ་སྒོ་དང་། ཁྲུས་ཁང་གི་སྒོ་ཁ། ཐབ་ཚང་གི་སྒོ་ཁ་སོགས་ཚང་མར་འདིང་གི་ཡོད། ཡིན་ནའང་ཁྱེད་ཀྱིས་ས་གདན་ཁང་པའི་ཕྱི་ནང་གང་དུ་འདིང་དགོས་མིན་ལ་བསམ་བློ་གཏོང་མྱོང་ངམ། ས་གདན་ཡང་སྙིང་སྒོའི་ཕྱི་རོལ་དུ་འདིང་ན་འགྲིག་གམ་ནང་དུ་འདིང་ན་འགྲིག་ཅེ་ན། ས་གདན་ནི་ཕྱི་ནང་གཉིས་ཀར་འདིང་དགོས་ཀྱི་ཡོད། 

       སྒོའི་ཕྱི་རོལ་གྱི་ས་གདན་གྱིས་ས་འདམ་འགོག་པ་དང་། སྒོའི་ནང་ཕྱོགས་སུ་ཡོད་པའི་ས་གདན་གྱིས་གཙོ་བོ་ས་འདམ་ཞིབ་མོ་འགོག་ཐུབ་པ་མ་ཟད། ཁང་པའི་ནང་སླེབས་ནས་ལྷམ་བརྗེ་དུས་ས་གདན་ཡོད་ན་རྐང་པ་མི་གྲང་བར་ཡང་ཕན་ཐོགས་ཡོད་རེད།
       ས་གདན་འདིང་ཡུལ་མི་གཅིག་པར་གཞིགས་ནས་ས་གདན་གྱི་རིགས་འདེམས་དགོས། 
       རྒྱལ་སྒོའི་འགྲམ་དུ་འདིང་བའི་ས་གདན་ལ་འགྱིག་ཤོག་གིས་བཟོས་ཤིང་ཐལ་རྡུལ་མི་ཐུམ་པའི་རིགས་འདེམས་དགོས་པ་དང་།
       སྒོའི་ནང་ཕྱོགས་སུ་འདིང་བའི་ས་གདན་ལ་སྤུ་ཐུང་ལ་ཚགས་དམ་པའི་ས་གདན་འདེམས་དགོས།

       ཐབ་ཚང་ནང་། སྤྱིར་བཏང་ཐོག་གྲུ་བཞི་ནར་དབྱིབས་ཀྱི་ས་གདན་ཆེ་ཆུང་གཉིས་འདིང་བ་སྟེ། ཐབ་ཚང་དུ་སྤུ་ཐུང་ཐུང་གི་ས་གདན་དཀྱུས་མས་ཆོག་ཅིང་། མདོག་ནོག་པོ་དང་རྒྱབ་ངོས་མི་ཤུད་པའི་རིགས་འདིང་གང་ཐུབ་བྱེད་དགོས།
       ཁྲུས་ཁང་ནང་། སྤྱིར་ཁྲུང་ཁང་གི་སྒོ་ཁ་རུ་འདིང་བའི་ས་གདན་ལ་རྐང་འདྲེད་མི་ཤོར་བ་དང་ཆུ་འཇིབ་ནུས་ཆེ་བའི་སྤུ་གདན་འདིང་དགོས།
       ཉལ་ཁང་གི་སྒོ་འགྲམ་དང་ཡང་ན་ཉལ་ཁྲིའི་གཞོགས་གཉིས་སུ་འདིང་པའི་ས་གདན་གྱི་རྒྱུ་སྤུས་སྲིང་བལ་ལམ་ཡང་ན་ཚི་སྣ་ཕྲ་དྲགས་ཅན་འདིང་ན་ལེགས།
       ཁྱིམ་སྤྱོད་ས་གདན་ཅི་ལྟར་འདེམ་དགོས་སམ།
       ས་གདན་ལེགས་པར་ཆུ་འཇིབ་པ་དང་རྡུལ་འཛིན་པའི་ནུས་པ་ལེགས་ཤིང་གཙང་འཁྲུ་བྱེད་བདེ་བའི་ཁྱད་ཆོས་ལྡན་ཡོད།
       གལ་ཏེ་ཁྱེད་ཚང་ལ་ས་དྲོད་ཡོད་ཚེ་འགྱིག་རྒྱུའི་ས་གདན་རྒྱབ་ལོགས་ལ་སྤྱིན་ཡོད་པ་གཏན་ནས་ཉོ་མི་རུང་སྟེ། དགུན་ཁར་དྲོད་གཏོང་དུས་དྲོད་ཚད་མཐོ་བའི་འགྱིག་ངོས་ཀྱིས་ས་ངོས་ལ་གནོད་སྐྱོན་གཏོང་སྲིད། དེས་ན།

       རི་མོ་རྙོག་འཛིང་ཅན་དང་ཁ་དོག་ནོག་པོའི་རིགས་ཀྱི་ས་གདན་སྦགས་བཙོག་བྱས་ཀྱང་མངོན་གསལ་མིན་པས་དེ་རིགས་བདམས་ན་ལེགས།
       ས་གདན་ཆུང་ཡང་ཡིད་འཇོག་བྱེད་ས་མང་། ད་ནི་ཁྱེད་ཀྱིས་ས་གདན་འདེམ་ཚུལ་དང་འདིང་ཚུལ་ཤེས་སོང་ངམ།
རྩོམ་སྒྲིག་པ། སྣང་རྡོར།