ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

རྒྱ་བོད་དབར་གྱི་སྒྱུ་རྩལ་སྤེལ་རེས་མཚོན་པའི་འགྲེམས་སྟོན།

སྤེལ་དུས 2022-06-28 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཀྲུང་གོའི་གྲགས་ཅན་སྒྱུ་རྩལ་མཁས་ཅན་ཏིན་དབྱི་ཡི་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཐོག་མ་ཀུ་རུ་ཁ་སྟེ་ཏིན་དབྱི་བོད་ལྗོངས་སུ་སླེབས་ཞེས་པ་དེ་ཉེ་དུས་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་གཉེར་འགོ་ཚུགས་པ་རེད། 

          ཤེས་རྟོགས་བྱུང་བར་གཞིགས་ན།  འགྲེམས་སྟོན་དེ་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་དང་ཐིའི་ཧའུ་སྒྱུ་རྩལ་ལྟེ་གནས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་ཞིང་།  འགྲེམས་སྟོན་ཐོག་ཏིན་དབྱི་ཡིས་བོད་ལྗོངས་བརྗོད་དོན་གཙོ་བོར་བྱས་པའི་བརྩམས་ཆོས་གསར་རྐྱང་རབ་དང་རིམ་པ་ཐོག་མར་ཁྱབ་བསྒྲགས་བྱས་པ་མ་ཟད།  ད་དུང་དུས་རབས་གོང་མའི་ལོ་རབས་80པ་ནས་ད་བར་གྱི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་ལེགས་འདེམས་བྱས་ཏེ་སྒྱུ་རྩལ་པའི་བརྩམས་ཆོས་ཀྱི་འཕེལ་རྒྱས་བརྒྱུད་རིམ་དག་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་ལེགས་སྒྲིག་བྱས་ཡོད།    

          ཏིན་དབྱི་ཡིས་གསར་རྩོམ་གནང་བའི་བརྩམས་ཆོས་དེ་དག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་རྒྱ་བོད་རིག་གནས་སྒྱུ་རྩལ་དབར་རྒྱུན་ཆད་མེད་པར་སྤེལ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་ཁུངས་སྣེ་རྒྱུན་མཐུད་བྱས་ཡོད། དེ་ཡང་དུས་རབས་གོང་མའི་དུས་དཀྱིལ་དུ་ཝུའུ་ཀོན་ཀྲུང་དང་།  ཝུའུ་ཙུའོ་མི།  ཏུང་ཤིས་ཝུན་སོགས་སྒྱུ་རྩལ་པ་ཚོས་མཚོ་བོད་ས་མཐོར་ཐེངས་མང་བསྐྱོད་དེ་ནང་སར་མཐའ་མཚམས་ས་ཁུལ་གྱི་རི་མོའི་འགྲེམས་སྟོན་བྱས་པ་དང་། ལོ་རབས་70པའི་རྗེས་སུ་ཧན་ཧྲུའུ་ལི་དང་ཁྲེན་ཏན་ཆིང་སོགས་སྒྱུ་རྩལ་མཁས་ཅན་གྱིས་བོད་དུ་གཞི་ཚུགས་པའམ་ཡང་ན་དུས་ཐུང་བོད་དུ་བསྐྱོད་པ་དང་ཆེད་དོན་གསར་རྩོམ་གནང་བ་དེ་དག་གིས་བོད་ལྗོངས་ཀྱི་སྒྱུ་རྩལ་གསར་རྩོམ་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་མ་ཟད། ནང་སའི་རི་མོའི་ཉམས་འགྱུར་ཡང་མངོན་ཡོད། ཏིན་དབྱི་ཡི་ད་ཐེངས་གསར་རྩོམ་ནང་ཁུངས་སྣེ་དེ་དག་རྒྱུན་མཐུད་བྱས་ཡོད་པ་མ་ཟད།    དུས་རབས་གསར་པའི་ལྟ་ཚུལ་དང་མཚོན་ཚུལ་ཡང་མངོན་པར་བྱས་ཡོད། 

          གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་རིན་མེད་ཐོག་སྤྱི་ཟླ་8ཚེས་14བར་གཉེར་རྒྱུ་རེད་འདུག 
རྩོམ་སྒྲིག་པ། སྣང་རྡོར།