ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

▶ས་གནས་ཁག་གི་བོད་རིགས་མང་ཚོགས་ཀྱིས་ལོ་གསར་དགའ་གཏོང་བྱེད་བཞིན་པ།

སྤེལ་དུས 2023-02-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

         སྤྱི་ཟླ་2པའི་ཚེས་21ཉིན་ནི་བོད་ཆུ་མོ་ཡོས་ལོའི་ལོ་གསར་ཚེས་གཅིག་ཡིན་ཞིང་། ས་གནས་ཁག་གི་བོད་རིགས་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་སྐོར་བྲོ་འཁྲབ་པ་དང་ཞིམ་ཟས་ལ་རོལ་ནས་ལོ་གསར་པར་བསུ་བ་ཞུས་ཡོད། 
         བོད་ལྗོངས་ལྷོ་ཁ་རུ་མི་རྣམས་ཀྱིས་ཆུ་ཕུད་བླངས་བ་དང་། ཇ་བསྲུབས་མ་དང་མཆོད་ཆང་བཞེས་ཏེ་ལོ་གསར་དགའ་གཏོང་བྱེད་བཞིན་ཡོད། ལྷ་ས་རུ་ཚང་མས་ལྷ་མོ་གཟིགས་པ་དང་སྐོར་བྲོ་འཁྲབ་ནས་ལོ་གསར་དགའ་གཏོང་བྱེད་བཞིན་ཡོད། 
         སི་ཁྲོན་གྱི་དཀར་མཛེས་དང་རྔ་བ་སོགས་སུ་འཁྲུག་ཆ་དོད་པའི་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པ་དང་། ཡུན་ནན་བདེ་ཆེན་དུ་སྲོལ་རྒྱུན་གྱི་མདའ་འཕེན་འགྲན་བསྡུར་དང་འབའ་གཞས་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བའི་ཐོག་ནས་ཡུལ་དེ་གའི་མང་ཚོགས་ཀྱི་མགྲོན་བསུའི་སྤྲོ་སེམས་མཚོན་པར་བྱས་ཡོད། 
         ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་བོད་ཡུལ་གྲོང་ཚོར། སྐྱེས་ཕོ་མོ་རྒན་གཞོན་ལྷན་དུ་འཛོམས་ནས་སྐོར་བྲོ་འཁྲབ་ཅིང་། ཕན་ཚུན་བར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་དང་ཆར་ཆུ་དུས་སུ་འབབ་པའི་སྨོན་འདུན་ཞུས་ཡོད། 
         མཚོ་སྔོན་མཚོ་བྱང་དང་ཡུལ་ཤུལ་སོགས་སུ་བོད་རིགས་བུ་ཕྲུག་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་། བསང་གསོལ་བཏང་ནས་ལོ་ཆུ་བཟང་ཞིང་བསམ་དོན་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།