ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལོ་15ལ་སླེབས་པའི་སློབ་མ་ཞིག་གིས་ཁ་པར་རོལ་རྩེད་ལ་ལྐོག་ཏུ་དངུལ་སྒོར་8000སྤྲད་པ། ཕ་མས་རོལ་རྩེད་ཚོང་པར་དངུལ་སློག་དགོས་པའི་རེ་བ་བཏོན་པ་དང་། ཐེང་ཞུན་གྱི་ཞབས་ཞུ་བས་ཐག་གཅོད་བྱེད་བཞིན་པ།

སྤེལ་དུས 2018-12-14 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             ལོ་15ལ་སླེབས་པའི་སློབ་མ་ཞིག་གིས་ཁ་པར་རོལ་རྩེད་ལ་ལྐོག་ཏུ་དངུལ་སྒོར་8000སྤྲད་པ། ཕ་མས་རོལ་རྩེད་ཚོང་པར་དངུལ་སློག་དགོས་པའི་རེ་བ་བཏོན་པ་དང་། ཐེང་ཞུན་གྱི་ཞབས་ཞུ་བས་ཐག་གཅོད་བྱེད་བཞིན་པ། ད་ལྟའི་ཁྱིམ་བདག་ཚང་མར་སེམས་སྐྱོ་བའི་དམིགས་བསལ་གྱི་གནད་དོན་ཞིག་ཡོད་པ་ནི་ཕྲུ་གུས་ཁ་པར་རོལ་རྩེད་ལ་མགོ་འཁོར་ནས་རང་ཚོད་མི་ཐུབ་པ་དེ་རེད། ཉིན་ཤས་གོང་། ལིའུ་ཆེ་གེ་མོས་འདི་ག་ཚགས་པར་གྱི་འབྲེལ་གཏུག་ཁ་པར་བརྒྱབ་ནས་ངའི་ཕྲུ་གུས་ལྐོག་ཏུ་རོལ་རྩེད་རྩེ་སྒོར་8000ཉོས་འདུག་ཅེས་བརྗོད། 
             ཁྱིམ་བདག
             ཕྲུ་གུས་ལྐོག་ཏུ་རོལ་རྩེད་ལ་དངུལ་བླུགས་པ། ལིའུ་ཆེ་གེ་མོ་དང་བཟའ་ཟླས་ལྷ་སར་གླ་པ་རྒྱུག་པ་དང་ཕྲུ་གུ་ཡང་ལྷ་སར་སློབ་གྲྭ་འགྲིམ་བཞིན་ཡོད། “ང་རང་རྒྱུན་དུ་ལས་ཀ་མང་བས་ཕྲུ་གུས་སློབ་གྲྭ་གྲོལ་རྗེས་ངའི་སྲུ་མོའི་ཚོང་ཁང་དུ་སོང་ནས་སྦྱོང་ཚན་འབྲི་བ་ཡིན། ཟླ་12ཚེས་2ཉིན་སྲུ་མོས་ཁ་པར་གྱི་དངུལ་ཁུག་ནང་ནས་སྒོར་6900ལྷག་ཙམ་ཉུང་དུ་ཕྱིན་པ་དང་། དེ་རྗེས་ངའི་ཕྲུ་གུས་ཝང་ཀྲི་རུང་ཡའོ་ཞེས་པའི་རོལ་རྩེད་ཅིག་རྩེ་ཆེད་རོལ་རྩེད་རྩེ་སྒོར་ཉོས་པ་ཤེས་འདུག”ཅེས་ལིའུ་ཆེ་གེ་མོས་ཁ་པར་ནས་འཚབ་འཚུབ་ངང་བཤད། གསར་འགོད་པས་འདྲི་རྩད་བྱས་པ་བརྒྱུད། ལིའུ་ཆེ་གེ་མོའི་བུ་ཞའོ་ཀང(བསྒྱུར་མིང)འདི་ལོ་ལོ་15ལ་སླེབས་པ་དང་། སློབ་གྲྭ་གྲོལ་རྗེས་རྟག་ཏུ་ལིའུ་ཆེ་གེ་མོའི་སྲུ་མོའི་ཚོང་ཁང་དུ་ངལ་གསོ་བར་འགྲོ་ཡི་ཡོད་པ་ཤེས་རྟོགས་བྱུང་། “སྲུ་མོ་ནི་ཚོང་པ་ཞིག་ཡིན། རྒྱུན་དུ་མི་གཞན་གྱིས་ཁོ་མོར་ཁ་པར་བརྒྱུད་ནས་དངུལ་སྤྲོད་ཀྱི་ཡོད། ཟླ་འདིའི་ཟླ་འགོར་ཁོ་མོས་ཟླ་གོང་མའི་དངུལ་རྩིས་རྒྱག་སྐབས་སྒོར་6900ལྷག་ཙམ་ཚང་གི་མེད་པ་ཤེས། ང་དང་སྲུ་མོས་རྒྱུ་རྐྱེན་གང་ཡིན་མ་ཤེས་པས། ཕ་ཡུལ་གཅིག་པའི་མི་ཞིག་བཙལ་ནས་སྐད་འཕྲིན་ཐོག་གི་འཛད་སྤྱོད་གྲོན་དངུལ་གྱི་རྩིས་ཐོར་ལྟ་རོགས་ཞུས་པ་ཡིན། མཐར་རྩིས་ཐོའི་ནང་སྒོར་6900ལྷག་ཙམ་ཟིན་པའི་རྩིས་ཐོ་ཞིག་ཡོད་པ་ནི་རོལ་རྩེད་རྩེ་སྒོར་ཉོས་པའི་རྩིས་ཐོ་ཡིན་པ་ཤེས་བྱུང་། ང་ཚོས་རོལ་རྩེད་རྩེ་ག་ལ་ཤེས། ཞའོ་ཀང་གིས་རྒྱུན་དུ་ཁ་པར་རོལ་རྩེད་རྩེ་ཡི་འདུག ཞའོ་ཀང་གིས་ལྐོག་ཏུ་ཉོས་པ་ཏན་ཏན་རེད”ཅེས་ལིའུ་ཆེ་གེ་མོས་བཤད། སློབ་གྲྭ་གྲོལ་རྗེས་ལིའུ་ཆེ་གེ་མོས་ཞའོ་ཀང་ལ་རོལ་རྩེད་རྩེ་སྒོར་ཉོས་མིན་ཡང་ཡང་དྲིས་མཐར་ཞའོ་ཀང་གིས་ཁས་བླངས་པ་སྟེ། ཁོ་པས་ཟླ་བ་གོང་མར་ལིའུ་ཆེ་གེ་མོའི་སྲུ་མོའི་ཁ་པར་གཡར་ནས་རོལ་རྩེད་རྩེ་སྐབས། ཁ་པར་གཏོང་སྤྲོད་མཉེན་ཆས་སྤྱད་དེ་རོལ་རྩེད་རྩེ་སྒོར་6900ལྷག་ཙམ་ཉོས་པ་ཡིན་ཞེས་བཤད། སྐབས་དེར་ལིའུ་ཆེ་གེ་མོའི་ཟླ་བོས་རང་ཉིད་ཀྱི་ཁ་པར་ནས་ཀྱང་དངུལ་སྒོར་1100ལྷག་ཉུང་དུ་ཕྱིན་པ་ཤེས་ལ། ཞའོ་ཀང་གིས་ད་དུང་པ་ཕའི་ཁ་པར་ནས་རོལ་རྩེད་རྩེ་སྒོར་ཉོས་པ་ཁས་བླངས། ལིའུ་ཆེ་གེ་མོ་ཁོང་ཁྲོ་གཏིང་ནས་ལངས་པ་དང་། ཕྲུ་གུས་རོལ་རྩེད་རྩེ་ཆེད་ཐེངས་གཉིས་ལ་དངུལ་སྒོར་8000ལྷག་ཙམ་སྤྱད་འདུག ང་དང་བཟའ་ཟླའི་ཟླ་བ་གཅིག་ལྷག་ཙམ་གྱི་གླ་ཕོགས་ཀྱང་ཚང་མ་མེད་པར་བཟོས་འདུག་ཅེས་བཤད། “ང་ཚོས་ཟླ་12ཚེས་2ཉིན་གནས་ཚུལ་དེ་ཤེས་སྐབས་ཅི་བྱ་གཏོལ་མེད་དུ་གྱུར་སོང་། ཚེས་3ཉིན་ངས་མི་གཞན་ལ་དངུལ་དེ་དག་ཕྱིར་སློག་ཐུབ་མིན་སྐད་ཆ་འདྲི་སྐབས་ཚང་མས་ཐབས་ཤེས་མེད་ཅེས་བརྗོད་ཀྱི་འདུག”ཅེས་ལིའུ་ཆེ་གེ་མོས་བཤད། 
             འཕེལ་རིམ། 
             ཐེང་ཞུན་གྱི་ཞབས་ཞུ་བས་བཏབ་པའི་ལན། ལས་ཀའི་ཉིན་མོ་1ནས་3བར་ཐག་གཅོད་བྱ་རྒྱུ་ཡིན་པ། དེ་རྗེས་གསར་འགོད་པས་ཐེང་ཞུན་གྱི་ཞབས་ཞུ་བ་དང་འབྲེལ་བ་བྱས་ཤིང་། ཞབས་ཞུ་བས་བཤད་པ་གཞིར་བཟུང་། གསར་འགོད་པས“ན་སོ་དར་ལ་མ་བབ་པའི་མིའི་རོལ་རྩེད་གནད་དོན”ཐད་ཀྱི་ཞབས་ཞུ་བར་ཁ་པར་བརྒྱབ་པ་ཡིན། ཞབས་ཞུ་བ་དེས་སྔོན་ལ་གནས་ཚུལ་ཞིབ་ཕྲ་གསལ་བཤད་བྱེད་དགོས་པ་དང་། དེ་ནས་ཁོང་ཚོས་ཐོ་འགོད་བྱ་རྒྱུ། ཆེད་དོན་འགན་འཁུར་སྡེ་ཚན་གྱིས་ལས་ཀའི་ཉིན་མོ་1ནས་3ནང་ལན་འདེབས་རྒྱུ་ཡིན་ཞེས་བརྗོད། གསར་འགོད་པས་དངུལ་ཚང་མ་ཕྱིར་སློག་མིན་སྐོར་མུ་མཐུད་སྐད་ཆ་འདྲི་སྐབས། ཞབས་ཞུ་བ་དེས་རྗེས་མཐུད་ཀྱི་ཞིབ་ཕྲའི་ལས་འགན་འཁུར་བའི་ལས་དོན་མི་སྣས་ཐག་གཅོད་བྱེད་པར་ལྟ་དགོས་ཞེས་བརྗོད་བྱུང་། (དཀོན་མཆོག་སྒྲོལ་མས་བསྒྱུར། སྤེན་ཚེ་དང་ཚེ་ལྷས་ཞུས)
             ཁྲིམས་རྩོད་པ། 
             ཁྱིམ་བདག་ལ་ཉོ་ཚོང་རྩིས་མེད་དུ་གཏོང་དགོས་པའི་འདོད་ཚུལ་བརྗོད་པའི་དབང་ཆ་ཡོད་པ། གསར་འགོད་པས་འབྲེལ་ཡོད་ཁྲིམས་རྩོད་པར་བློ་འདྲི་བྱེད་སྐབས་ཁོང་ཚོས་གྱོད་དོན་དེ་ན་སོ་དར་ལ་མ་བབ་པའི་མིས་རྒྱུ་ནོར་སྤྱད་པའི་ཁོངས་སུ་གཏོགས་པས་ལྟ་སྐྱོང་བས་ཁས་ལེན་ཐོབ་པ་ན་གཞི་ནས་བདེན་པར་འཛིན་པ་ཡིན། ད་ལྟ་ལག་ལེན་བསྟར་བའི་གཏན་འབེབས་ལ་གཞིཌ་ན། དྲ་རྒྱའི་རོལ་རྩེད་ཀྱི་རྟོག་བཟོའི་དངུལ་ལོར་ཉོ་ཚོང་ཞབས་ཞུ་ཁེ་ལས་ཀྱིས་ན་སོ་དར་ལ་མ་བབ་པའི་མིར་ཉོ་ཚོང་ཞབས་ཞུ་མཁོ་འདོན་བྱེད་ཆོག་གི་མེད། 《དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ》ལྟར་ན། ལོ་10མན་གྱི་ན་སོ་དར་ལ་མ་བབ་པའི་མི་དག་དམངས་དོན་ནུས་པ་མེད་མཁན་གྱི་ཁོངས་སུ་གཏོགས་ཤིང་། ཁོ་ཚོའི་དངུལ་བེད་སྤྱོད་ཀྱི་བྱ་སྤྱོད་ནི་གོ་མི་ཆོད་པ་ཞིག་ཡིན་པས་དངུལ་ཕྱིར་སློག་བྱེད་དགོས། ལོ་10ཡན་ནས་ལོ་18ཧྲིལ་པོ་མན་གྱི་ན་སོ་དར་ལ་མ་བབ་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་རྒྱུ་ཚོད་འཛིན་གྱི་མིའི་ཁོངས་སུ་གཏོགས་པས། དེའི་ནུས་པའི་ཁྱབ་ཁོངས་ཀྱི་ཉོ་ཚོང་བསྡོམས་འབོར་ལས་བརྒལ་ན་ཁྱིམ་བདག་ལ་རྩིས་མེད་དུ་གཏོང་རྒྱུའི་འདོད་ཚུལ་བརྗོད་པའི་དབང་ཆ་ཡོད་ཅེས་བཤད། ཕྲུ་གུའི་འཛད་སྤྱོད་བྱ་སྤྱོད་དེ་གོ་ཆོད་མིན་ཚོང་ཟོག་གི་རིན་གོང་ལ་ལྟ་དགོས་པ་མ་ཟད། ད་དུང་ཕྲུ་གུའི་ལོ་ན་དང་ཚོང་ཟོག་ངམ་ཡང་ན་ཞབས་ཞུའི་དམིགས་བསལ་རང་བཞིན་སོགས་ལའང་ལྟ་དགོས། རྒྱུན་གཏན་གྱི་འཛད་སྤྱོད་དང་ཡིག་ཆས་སམ་སིལ་ཟས་ཉོ་བ་ཚང་མ་ནི་དེའི་ལོ་ན་དང་རིག་ནུས་དང་འཚམ་པའི་དམངས་དོན་བྱ་སྤྱོད་ཡིན་མོད། འོན་ཀྱང་སྒོར་བརྒྱ་ཕྲག་འགའ་དང་ཐ་ན་སྟོང་ཕྲག་འགའ་ཟིན་པའི་རོལ་རྩེད་སྒྲིག་ཆས་རིགས་ཀྱི་ཚོང་ཟོག་ཉོ་བ་མ་ཟད། ད་དུང་ཁ་པར་ཐོག་ནས་འཛད་སྤྱོད་བྱེད་དགོས་བྱུང་ན་ཁྱིམ་བདག་གི་མོས་མཐུན་ཐོབ་དགོས་ཀྱི་ཡོད། གནད་དོན་དེར་དམིགས་ནས་རང་སྐྱོང་ལྗོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཀྱང་ལིའུ་ཆེ་གེ་མོར་12315ཐད་འབྲེལ་ཁ་པར་བརྒྱབ་ནས་ཞུ་གཏུག་གམ་ཡང་ན་ཐེར་འདོན་བྱེད་ཆོག ཞུ་གཏུག་གམ་ཡང་ན་ཐེར་འདོན་ཞུ་འབྱོར་བྱུང་རྗེས་ལས་དོན་པ་གནས་ཚུལ་ཤེས་རྟོགས་བྱེད་པར་གཏོང་རྒྱུ་དང་། ཕྱིས་སུ་གནས་ཚུལ་ཞིབ་ཕྲ་གཞིར་བཟུང་ཐག་གཅོད་བྱེད་ངེས་ཡིན་ཞེས་བཤད།