ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་བསྟན་དོན། ཁྲལ་འཇལ་མཁན་གྱིས་ཆེད་དོན་འཐེན་འཕྲིའི་སྲིད་ཇུས་ཀྱི་ཕན་པ་དུས་ཐོག་ཏུ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་པ།

སྤེལ་དུས 2018-12-27 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                ཟླ་12ཚེས་25ཉིན། རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱི་མི་སྒེར་གྱི་ཐོབ་ཁྲལ་སྒྱུར་བཅོས་ལས་ཀའི་བརྙན་ལམ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་དང་ཅུས་ཀྲང་ཝང་ཅུན་ཚོགས་འདུར་ཕེབས་ནས་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་སྲིད་ཇུས་2019ལོའི་ཟླ་1ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་བ་དང་དཀའ་གནད་བསལ་ཏེ་ནུས་ཤུགས་ཡོད་རྒུས་མི་སྒེར་གྱི་ཐོབ་ཁྲལ་སྒྱུར་བཅོས་བརྟན་པོའི་ངང་དོན་འཁྱོལ་ཐུབ་པ་བྱས་ནས་ཁྲལ་འཇལ་མཁན་ལ་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་སྲིད་ཇུས་ཀྱི་ཕན་པ་དུས་ཐོག་ཏུ་ཐོབ་པ་བྱེད་དགོས་ལུགས་བསྟན་ཡོད།
                ཝང་ཅུན་གྱིས་2019ལོའི་ཟླ་1ཚེས་1ཉིན་གྱི་མི་སྒེར་གྱི་ཐོབ་ཁྲལ་སྒྱུར་བཅོས་ཀྱི་གོམ་སྟབས་གཉིས་པའི་བར་ཉིན་ཁ་ཤས་ལས་མེད་པས་རྒྱལ་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་གཙོ་གནད་དང་དམིགས་ཚད་ལས་འགན་ལ་དམིགས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གནད་སྨིན་ཤུགས་འདོན་གྱིས་སྒྱུར་བཅོས་བདེ་བླག་ངང་ལག་བསྟར་ཐུབ་པ་བྱེད་དགོས་སྟེ། གཅིག་ནི་ལས་འགན་བཀོད་སྒྲིག་ལ་དེ་བས་དམིགས་པ་དང་དེ་བས་ཁ་གསལ་ཡོང་བ་བྱས་ཏེ་གསོ་སྦྱོང་དང་ཟུར་ཁྲིད་དམིགས་སར་འཁྱོལ་བ་དང་། ལས་གནས་དང་འགན་འཁྲི་ཆ་སྒྲིག་དམིགས་སར་འཁྱོལ་བ། གྲ་སྒྲིག་ཆ་ཚང་དམིགས་སར་འཁྱོལ་བ་བཅས་བྱེད་དགོས་པ་དང་། གཉིས་ནི་ཟུར་སྣོན་འཐེན་འཕྲི་རང་འགུལ་དང་དེ་བས་གནད་སྨིན་ཡོང་རྒྱུར་ཟུར་ཁྲིད་བྱེད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་ཆ་རྐྱེན་བསྐྲུན་ཏེ་འཐེན་སྣོན་ཚན་པར་ཁྲལ་དོན་བདེ་བླག་ངང་གཉེར་རོགས་བྱེད་དགོས་པ། གསུམ་ནི་ཁྲལ་འཇལ་བར་སྤུས་ཀ་དེ་བས་ལེགས་པ་དང་སྙིང་དེ་བས་ཉེ་པོས་ཞབས་འདེགས་ཞུ་བ་དང་། ཁྲལ་འཇལ་བས་སྐད་ཆ་དྲིས་ཚེ་ངེས་པར་དུ་ལན་འདེབས་དགོས་པ་དང་དོགས་གནད་ཡོད་ཚེ་ངེས་པར་དུ་སེལ་དགོས་པ། བཞི་ནི་སྤྱི་ཚོགས་ཀྱི་ཐུན་མོང་བཅོས་སྐྱོང་དེ་བས་དགེ་མཚན་ལྡན་པ་དང་དེ་བས་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་ནས། ས་གནས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་པའི་བརྩོན་ལེན་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་དང་རང་འགུལ་ངང་མཐུན་སྦྱོར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་ལ་བརྟེན་ཏེ་སྒྱུར་བཅོས་ཀྱི་ཕྱི་ངོས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་བཅས་བྱེད་དགོས་ལུགས་བསྟན་ཡོད།མི་དམངས་ཉིན་རེའི་ཚགས་པར།