ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

“ནག་སེལ་གཤེད་བཅོམ”བྱས་ནས་གནོད་འཚེ་ཕོག་མཁན་ལ་མ་དངུལ་སྒོར་ཁྲི་20ལྷག་ཕྱིར་བསློགས་པ།

སྤེལ་དུས 2018-12-28 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                   ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལྷ་སའི“ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས”ཀྱི་ཆེད་དོན་འཐབ་རྩོད་ཀྱི་གཙོ་གནད་ཉེས་དོན་གྱོད་གཞིའི་མྱུལ་ཞིབ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཉེ་དུས་ཀྱི་གཙོ་གནད་ཉེས་དོན་གྱོད་གཞིའི་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་བ་རེད།
                   ཡོངས་བསྒྲགས་ཚོགས་འདུར་ཟླ་9པ་ནས་བཟུང་། ལྷ་ས་སྤྱི་བདེས་བརྐུས་པའི་གྱོད་གཞི་124དང་། འཕྲོག་བཅོམ་གྱི་གྱོད་གཞི་3 གནོད་འཚེ་བཏང་བའི་གྱོད་གཞི་14བཅས་རྩད་ཆོད་པ་དང་གྱོད་འབྲེལ་མི་སྣ་256ཁྲིམས་ལྟར་ཐག་གཅོད་བྱས་པ་དང་། གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་4གཞོགས་འདེགས་ཀྱིས་རྩད་བཅད་ནས་བཟུང་བ། གྱོད་འབྲེལ་མ་དངུལ་སྒོར་ཁྲི་80ལྷག་ཙམ་གཏོང་སྤྲོད་མཚམས་འཇོག་དང་། སྒོར་ཁྲི་301བཀག་འཇོག་བྱས་པ། གནོད་འཚེ་ཕོག་མཁན་ལ་མ་དངུལ་སྒོར་ཁྲི་20ལྷག་ཕྱིར་བསློགས་ཏེ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད།