ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས། འདི་ལོ་དཔེ་མཚོན་གྱོད་གཞི་གསུམ་མྱུལ་ཞིབ་ལེགས་གྲུབ་ཟིན་པ། རྐུ་ཤོར་བའི་རིག་དངོས་བདེ་བླག་ངང་ཚུར་བླངས་པ།

སྤེལ་དུས 2018-12-29 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          ཀྲུང་དབྱང་དང་། བོད་རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་དང་དེ་བཞིན་ལྗོངས་སྤྱི་བདེ་ཐིང་གི་གཅིག་གྱུར་བཀོད་སྒྲིག་གི་བླང་བྱ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། “ནག་སེལ་གཤེད་བཅོམ་དང་ཁྲིམས་བརྒལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག”གི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ནས་ནག་སེལ་གཤེད་བཅོམ་གྱི་ཕར་རྒོལ་སྟོབས་ཤུགས་ཆེན་པོ་ཆགས་པར་བྱ་ཆེད། ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ལ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཉེ་དུས་ཀྱི“ནག་སེལ་གཤེད་བཅོམ་དང་ཁྲིམས་བརྒལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག”གི་ཆེད་དོན་འཐབ་རྩོད་ཀྱི་གཙོ་གནད་ཉེས་དོན་གྱོད་གཞིའི་མྱུལ་ཞིབ་ལས་དོན་བརྡ་ཁྱབ་བཏང་བ་རེད།
          “9.18”ཀྱི་རྐང་བཙུཌ་ནས་མི་བསད་པའི་གྱོད་གཞི་མྱུལ་ཞིབ་བྱས་པ།
          ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་ཅུས་ཀྲང་གཞོན་པ་ཧྲེན་ཏེ་ཅུན་གྱིས་ངོ་སྤྲོད་བྱས་པར། 2018ལོའི་ཟླ་9ཚེས་18ཉིན་གྱི་ཆུ་ཚོད་2དང་སྐར་མ་15ལ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་བཀའ་བཀོད་འབྱོར་ནས་ཁྲེང་ཀོན་ཆུས་རྡོ་ཟམ་སྲང་ལམ་སྒོ་རྟགས་ཨང་36གི་ཁང་རྟགས་18ནང་ཕུང་པོ་གཅིག་རྙེད་བྱུང་བས་མི་བཏང་ནས་རྩད་གཅོད་བྱེད་རྒྱུའི་རེ་བ་བཏོན་པ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཉེས་དོན་མྱུལ་ཞིབ་སྡེ་ཚན་ལ་དུས་ཚོད་དམ་འཛིན་ངང་གྱོད་དོན་ཞིབ་འཇུག་བྱས་ཏེ་མགྱོགས་མྱུར་རྩད་གཅོད་དགོས་པའི་བླང་བྱ་བཏོན་པ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཇོན་ཐང་ལྡན་པའི་སྤྱི་བདེ་མི་སྣ་བདམས་ནས་ཆེད་དོན་འགག་སྒྲོལ་ཚོགས་ཆུང་འཕྲལ་མར་བཙུགས་པ་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་བརྒྱུད་ཆེད་དོན་ཚོགས་ཆུང་གིས་མགྱོགས་མྱུར་པད་ཆེ་གེ་མོ་ཉེས་གསོག་དོགས་ཅན་ཡིན་པའི་གཏན་འཁེལ་བྱས་མོད། འོན་ཀྱང་པད་ཆེ་གེ་མོར་མྱུལ་ཞིབ་ལ་ངོ་རྒོལ་བྱེད་པའི་བསམ་པ་ཤུགས་ཆེན་ཡོད་རྐྱེན་ཉིན་མང་པོ་བྲོས་བྱོལ་ཕྱིན་ནས་གར་སོང་མ་ཤེས་པས་གྱོད་གཞི་མྱུལ་ཞིབ་ལས་དོན་སྤེལ་བར་དཀའ་ངལ་ཆེན་པོ་འཕྲད། དེར་བརྟེན་ཆེད་དོན་ཚོགས་ཆུང་གིས་དུས་ཐོག་ཏུ་གྱོད་དོན་དབྱེ་ཞིབ་ཚོགས་འདུ་འཚོགས་ནས་ཁུངས་སྣེ་ཞིབ་བསྡུར་གྱི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་སྟེ་ཆ་འཕྲིན་མང་པོའི་དཀྱིལ་ནས་ཉེས་གསོག་དོགས་ཅན་གྱི་ཁུངས་སྣེ་ཕྲན་བུ་ཤེས་པ་རེད།
          འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་ཆེད་དོན་ཚོགས་ཆུང་གིས་མཐར་ཟླ་12ཚེས་2ཉིན་གྱི་ཆུ་ཚོད་14ལ་ཁྲེང་ཀོན་ཆུས་དོག་སྡེ་ཤང་དོག་སྡེ་ལུང་ཤུར་གྱི་ཉེ་འཁོར་ནས་ཉེས་གསོག་དོགས་ཅན་པད་ཆེ་གེ་མོ་བཟུང་བ་རེད། བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་པད་ཆེ་གེ་མོས་མི་སྒེར་གྱི་བུ་ལོན་སྤྲོད་དགོས་པས་གནོད་འཚེ་ཕོག་མཁན་འཕྲིན་ཆེ་གེ་མོ་གདུག་རྩུབ་ཆེན་པོས་བསད་དེ་གཟི་དང་ལག་ཐོགས་ཁ་པར་སོགས་འཁྱེར་བའི་ཉེས་གསོག་དོན་དངོས་སྦས་གསང་མེད་པར་ངོས་ལེན་ཞུས་པ་དང་། མིག་སྔར་ཉེས་གསོག་དོགས་ཅན་པད་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་དོན་སྔར་བཞིན་ཞིབ་དཔྱད་བྱེད་བཞིན་ཡོད།
          དགོན་སྡེའི་རིག་དངོས་རྐུ་འཕྲོག་གྱོད་གཞི་རྩད་ཆོད་པ།
          2018ལོའི་ཟླ་6པར་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པ་གཞིར་བཟུང་། ཁོངས་གཏོགས་ཁུལ་དུ་ཁྲིམས་འགལ་བ་ཁག་གཅིག་གིས་བཀྲ་ཤིས་ལྗོངས་དགོན་པའི་གནའ་རྫས་བརྐུ་རྩིས་བྱེད་པའི་དོགས་པ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཁུངས་སྣེ་དེར་གཞིགས་ནས་སྟག་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་མགྱོགས་མྱུར་ཆེད་དོན་ཚོགས་ཆུང་བཙུགས་པ་དང་འབྲེལ་མི་བཏང་སྟེ་སྒུག་བརྒྱབ་ནས་བསྡད་པ་དང་དུས་མཚུངས་གྱོད་དོན་གོང་རིམ་ལ་སྙན་སེང་ཞུས་པ་རེད། ཟླ་7ཚེས་2ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ་ཆེད་དོན་ཚོགས་ཆུང་གིས་དགོན་སྡེའི་གནའ་ཤུལ་རྐུ་བསྔོག་བྱེད་མཁན་ཉེས་གསོག་དོགས་ཅན་6ས་ཆ་དེ་གར་བཟུང་བ་དང་འབྲེལ། ཁུངས་སྣེ་བཙལ་འཚོལ་བྱས་པས་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་11སྔ་རྗེས་སུ་བཟུང་བ་རེད།
          བརྟག་དཔྱད་དང་འདྲི་རྩད་བྱས་ནས་ཤེས་རྟོགས་བྱུང་བར་2018ལོའི་ཟླ་6པ་དང་7པར་ཉེས་གསོག་དོགས་ཅན་ལྷག་ཆེ་གེ་མོ་སོགས་མི་3གྱིས་སྔ་རྗེས་སུ་པ་ཆེ་གེ་མོ་སོགས་མི་13ཁྲིད་ནས་སྟག་རྩེ་ཆུས་བཀྲ་ཤིས་ལྗོངས་དགོན་པའི་གནའ་ཤུལ་དུ་བསྐྱོད་ནས་ལྕགས་རིགས་འཚོལ་ཆས་སོགས་ལག་ཆ་འཁྱེར་ཏེ་གནའ་ཤུལ་ཐེངས་བརྒྱད་བསྔོགས་ནས་སངས་རྒྱས་ཀྱི་སྐུ་དང་ཟངས་ཆས་སོགས་རིག་དངོས་སྣ་ཁ་48བརྐུས་པ་ལས་རིམ་པ་གཉིས་པའི་རིག་དངོས་ཁག་4དང་། རིམ་པ་གསུམ་པའི་རིག་དངོས་ཁག་4 རིག་དངོས་དཀྱུས་མ་ཁག་40བཅས་ཡོད་པ་དང་རྗེས་སུ་རིག་དངོས་དེ་དག་ཉེས་གསོག་དོགས་ཅན་འཕྲིན་ཆེ་གེ་མོར་ལྐོག་ཚོང་བྱས་པའི་ཉེས་གསོག་དོན་དངོས་ཞིབ་བཤེར་ཐུབ་པ་རེད།
          གྱོད་གཞི་དེ་ཚོགས་པའི་ཉེས་གསོག་ཡིན་རྐྱེན་མིག་སྔའི་བར་གྱོད་འབྲེལ་མི་སྣ་16ཁྲིམས་ལྟར་བཟུང་བ་དང་། མི་1ཉེས་དོན་བཀག་ཉར་བྱས་པ། རྐུ་བརྒྱབ་པའི་རིམ་པ་གཉིས་པའི་རིག་དངོས་ཁག་4དང་། རིམ་པ་གསུམ་པའི་རིག་དངོས་ཁག་10 རིག་དངོས་དཀྱུས་མ་ཁག་56 བཙོག་དངུལ་སྒོར་ཁྲི་15.5ལྷག་ཙམ་བཅས་གཞུང་བཞེས་བཏང་བ་རེད། གྱོད་གཞི་དེ་སྔར་བཞིན་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། དེ་ནི་རང་ལྗོངས་སུ་བདེ་བླག་ངང་མྱུལ་ཞིབ་ཐུབ་པའི་དགོན་སྡེའི་གནའ་ཤུལ་རིག་དངོས་རྐུ་འཕྲོག་གྱོད་གཞི་ཐེངས་དང་པོ་དེ་རེད།
          ངན་གཤེད་དང་འབྲེལ་བའི་ནག་ཚོགས་གཅིག་རྩ་མེད་བཏང་བ།
          2018ལོའི་ཟླ་7ཚེས་1ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ངན་སེལ་གཞུང་དོན་ཁང་དུ་མང་ཚོགས་ཀྱིས་བཤད་པའི་ཁུངས་སྣེ་ཞིག་འབྱོར་ནས་ཚའེ་ཆེ་གེ་མོས་མི་སྣ་བསྐོངས་ཏེ་ལྷ་ས་གྲོང་ཁྱེར་དུ་གཏུམ་སྤྱོད་ཀྱི་སྒོ་ནས་བུ་ལོན་དེད་པ་དེ་ངན་གཤེད་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དང་འབྲེལ་བ་འདུག་ཅེས་བརྗོད། ཁུངས་སྣེ་དེར་དམིགས་ནས་ངན་སེལ་གཞུང་དོན་ཁང་གིས་འཕྲལ་མར་གནས་ཚུལ་བརྟག་དཔྱད་ལས་དོན་སྤེལ་བར་བརྟེན། ཚའེ་ཆེ་གེ་མོས་2008ལོ་དང་2017ལོར་དུག་རྫས་དང་འབྲེལ་བ་ཡོད་པའི་གནད་དོན་གྱིས་རྐྱེན་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་དེའི་སྐྱེ་ཡུལ་སུའེ་ཉིང་གྲོང་ཁྱེར་སྤྱི་བདེ་ཅུས་སུ་སྔ་རྗེས་སུ་སྲིད་འཛིན་བཀག་ཉར་བྱས་པ་དང་འབྲེལ་འདི་ལོ་མི་གཞན་ལ་ཉེས་རྡུང་བཏང་རྐྱེན་ཧྲེན་ཀྲེན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྲིད་འཛིན་བཀག་ཉར་བྱས་པ་ཤེས་རྟོགས་བྱུང་བ་རེད།
          ཞིབ་དཔྱད་བྱས་པ་བརྒྱུད་ཚའེ་ཆེ་གེ་མོ་ད་དུང་མྱུལ་ཞིབ་བྱེད་བཞིན་པའི་གྱོད་གཞི་གཞན་དང་འབྲེལ་བ་ཡོད་པའི་མི་སྣ་དབར་འབྲེལ་བ་དམ་ཟབ་ཡོད་ཅིང་། མྱུལ་ཞིབ་མི་སྣས་ཚའེ་ཆེ་གེ་མོ་དང་དོགས་ཡོད་མི་སྣ་གཞན་དག་ལ་མྱུར་ཞིབ་ལས་དོན་དམ་ཚགས་སྤེལ་བས་ཚའེ་ཆེ་གེ་མོས་གཏེ་པོ་བྱས་པའི་ངན་གཤེད་ཕྱོགས་གཏོགས་ཀྱི་ནག་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་དུ་རྒྱན་ཁང་བཙུགས་པ་དང་གཏུམ་སྤྱོད་ཀྱི་སྒོ་ནས་བུ་ལོན་དེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་ཞིབ་བཤེར་ཐུབ་པ་རེད། དུས་འགོའི་མྱུལ་ཞིབ་དང་ཟུང་འབྲེལ་བྱས་ཏེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཟླ་10ཚེས་25ཉིན་ནས་ཟླ་11ཚེས་7ཉིན་བར་འཛིན་བཟུང་བྱ་སྤྱོད་སྤེལ་ཏེ་ཚའེ་ཆེ་གེ་མོ་དང་དེ་བཞིན་གྱོད་འབྲེལ་མི་སྣ་གཞན་དག་སོགས་མི་དྲུག་གཅིག་རྗེས་གཉིས་མཐུད་ངང་བཟུང་བ་དང་མིག་སྔར་གྱོད་གཞི་དེ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
          གཞན་ཡང་ཧྲེན་ཏེ་ཅུན་གྱིས་ངོ་སྤྲོད་བྱས་དོན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ལོ་མཇུག་གི་བདེ་འཇགས་དུས་བབ་ཀྱི་འགྱུར་ལྡོག་ལ་དམིགས་པ་དང་འབྲེལ་མང་ཚོགས་ཀྱིས་ཤོད་པའི“འཆལ་རྒྱན་དུག”གསུམ་དང་དེ་བཞིན་གྱོད་གཞི་གཞན་དག་གྲལ་བཤེར་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཞིང་། ཟླ་9པ་ཚུན་ཁྱོན་རྐུ་འཕྲོག་གྱོད་གཞི་124དང་། བཙན་གཡེམ་གྱོད་གཞི་4 འཕྲོག་བཅོམ་གྱོད་གཞི་3 གནོད་འཚེ་གཏོང་བའི་གྱོད་གཞི་14བཅས་རྩད་ཆོད་པ་དང་གྱོད་འབྲེལ་མི་སྣ་256ཁྲིམས་ལྟར་ཐག་གཅོད་བྱས་པ་དང་། གློག་འཕྲིན་ཁ་བསླུས་ཐེངས་4རྩད་གཅོད་ལ་གཞོགས་འདེགས་བྱས་ཏེ་གྱོད་འབྲེལ་མ་དངུལ་སྒོར་ཁྲི་80ལྷག་ཙམ་སྤྲོད་མཚམས་བཅད་པ་དང་། སྒོར་ཁྲི་301བསྡམས་བཅད་བྱས་པ། གནོད་འཚེ་ཕོག་ཡུལ་ལ་མ་དངུལ་སྒོར་ཁྲི་20ལྷག་ཙམ་སློག་པ་བཅས་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་ལ་བརྟན་ལྷིང་དང་བཀྲ་ཤིས་པའི་སྤྱི་ཚོགས་བདེ་འཇགས་ཁོར་ཡུག་ཧུར་ཐག་བཏོད་པ་རེད།