ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བརྩམས་ཆོས་བདག་དབང་དང་འབྲེལ་བའི་བཅའ་ཁྲིམས་ཤེས་བྱ།

སྤེལ་དུས 2019-04-26 ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
          བརྩམས་ཆོས་བདག་དབང་།
          རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག  དེ་མིན་རྩོམ་རིག་དང་རོལ་དབྱངས།འཁྲབ་གཞུང་། རི་མོ། བརྐོས་རིས། བརྙན་ཕབ། གློག་བརྙན་ཕབ་སྐྲུན་སོགས་ཀྱི་བརྩམས་ཆོས་ལ་པར་སྐྲུན་བདག་དབང་སྤྲོད་རྒྱུ་དང་། པར་སྐྲུན་བདག་དབང་ནི་ཁྲིམས་ལུགས་སུ་གཏན་ཁེལ་བྱས་པའི་ལས་ཁུངས་ཤིག་གམ་མི་སྒེར་ཞིག་ལ་བརྩམས་ཆོས་ག་གེ་མོ་ཞིག་པར་སྐྲུན་དང་ཕྱིར་འཚོང་བྱེད་པའི་དབང་ཆ་ཡོད་ལ། སུ་ཞིག་གིས་བསྐྱར་དཔར་དང་། ལོ་ཙཱ། བསྒྱུར་སྒྲིག འཁྲབ་སྟོན་སོགས་གང་བྱེད་ན་བདག་དབང་ཡོད་པའི་མི་དེའི་ཁས་ལེན་ཐོབ་དགོས། དེ་ལྟར་མ་བྱས་ཚེ་གཞན་གྱི་བདག་དབང་ལ་གནོད་འཚེ་བཏང་བ་རེད། ཤེས་བྱའི་ཐོན་སྐྱེད་དབང་ཆའི་ཡང་སྙིང་ནི་མིའི་རིགས་ཀྱི་བློ་གྲོས་རྩལ་ལས་ཐོན་པའི་གྲུབ་འབྲས་དེ་རྒྱུ་ནོར་དུ་བརྩི་རྒྱུ་དེ་ཡིན།

          བརྩམས་ཆོས་བདག་དབང་ནི། རྩོམ་རིག་དང་སྒྱུ་རྩལ། ཚན་རིག་ལག་རྩལ་དང་འབྲེལ་བའི་བརྩམས་ཆོས་ཀྱི་ཐོག་མའི་རྩོམ་པ་པོ་ལ་ཁྲིམས་ལྟར་རང་གི་བརྩམས་ཆོས་ལ་དམངས་དོན་ཁེ་དབང་ལོངས་སུ་སྤྱད་ཆོག་པ་དེ་ལ་ཟེར། 

          རང་རྒྱལ་དུ། སྒྲ་ཡངས་འཇུག་ནས་བརྩམས་ཆོས་བདག་དབང་བརྗོད་པའི་ཚེ། དེར་བརྩམས་ཆོས་བདག་དབང་དང་། བརྩམས་ཆོས་ཀྱི་གཞོགས་འབྲེལ་དབང་ཆ་དང་། རྩིས་འཁོར་མཉེན་ཆས་ཀྱི་བརྩམས་ཆོས་བདག་དབང་ཡང་འདུས་ཏེ། བརྩམས་ཆོས་བདག་དབང་བཅའ་ཁྲིམས་ཀྱིས་གཏན་དུ་ཁེལ་བའི་ཁྱབ་ཁོངས་སུ་གཏོགས། འདི་ནི་བརྩམས་ཆོས་བདག་དབང་ཡོད་པའི་མི་དེས་མཐའ་གཅིག་ཏུ་རང་གི་བརྩམས་ཆོས་ལ་དབང་བྱས་ཆོག་པ་མཚོན། སྒྲ་དོག་འཇུག་གི་བརྩམས་ཆོས་བདག་དབང་ལ་ཡང་འགྲེམ་སྤེལ་དབང་ཆ་དང་། མིང་འགོད་དབང་ཆ། བསྒྱུར་བཅོས་བྱེད་དབང་། བརྩམས་ཆོས་ཆ་ཚང་ཡོང་བར་སྲུང་སྐྱོང་གི་དབང་ཆ། བཀོལ་སྤྱོད་དབང་ཆ་དང་གླ་ཆ་ཐོབ་པའི་དབང་ཆ་སོགས་འདུས། བརྩམས་ཆོས་བདག་དབང་དེ་བརྩམས་ཆོས་ཀྱི་མིའི་ཐོབ་ཐང་བདག་དབང་དང་རྒྱུ་ནོར་བདག་དབང་གཉིས་སུ་དབྱེ་ཡོད། ལན་རེར་རྩོམ་པ་པོའི་ཁེ་དབང་དང་ཆེད་ཁེའི་བདག་དབང་། ཚོང་རྟགས་དབང་ཆ་བཅས་ལ་སྡེབ་པའི་རྣམ་པ་ཡོད་དེ། འདི་ནི་ཤེས་བྱའི་ཐོན་སྐྱེད་དབང་ཆའི་ཁྱད་ཆོས་ཤིག་ཡིན།

          ནང་དོན་གཙོ་བོ།
          1.བརྩམས་ཆོས་བདག་དབང་ནི། བརྩམས་ཆོས་ཡོངས་སུ་གྲུབ་པའི་ཉིན་དེ་ནས་བཟུང་བྱུང་བ་རེད།
          2.དེར་པར་སྐྲུན་དབང་ཆ་ཡང་ཟེར་ཞིང་། ནང་གསེས་སུ་བརྩམས་ཆོས་ཀྱི་མིའི་ཐོབ་ཐང་བདག་དབང་དང་རྒྱུ་ནོར་བདག་དབང་གཉིས་འདུས།
          3.ཁོངས་གཏོགས་ཀྱི་ཁེ་དབང་།
          (1)འགྲེམ་སྤེལ་དབང་ཆ་སྟེ། བརྩམས་ཆོས་དེ་ཉིད་འགྲེམ་སྤེལ་བྱེད་པར་ཐག་གཅོད་པའི་ཁེ་དབང་ལ་ཟེར།
          (2)མིང་འགོད་པའི་དབང་ཆ་སྟེ། རྩོམ་པ་པོའི་ཐོབ་ཐང་དང་། བརྩམས་ཆོས་སུ་མིང་འགོད་པའི་ཁེ་དབང་ལ་ཟེར།
          (3)བསྒྱུར་བཅོས་བྱེད་དབང་སྟེ། བསྒྱུར་བཅོས་སམ་གཞན་ལ་བསྒྱུར་བཅོས་བྱེད་པའི་ཆོག་མཆན་གནང་བའི་ཁེ་དབང་ལ་ཟེར།
          (4)བརྩམས་ཆོས་ཆ་ཚང་ཡོང་བར་སྲུང་སྐྱོང་བྱེད་པའི་དབང་ཆ་སྟེ། བརྩམས་ཆོས་དངོས་ལ་གོ་བ་ཕྱིན་ཅི་ལོག་པར་མི་ལེན་པ་དང་། བཟོ་བཅོས་མི་བྱེད་པར་སྲུང་སྐྱོང་བྱེད་པའི་ཁེ་དབང་ལ་ཟེར།
          (5)འདྲ་བཤུས་བྱེད་དབང་སྟེ། པར་སྐྲུན་དང་། བསྐྱར་དཔར། བཀབ་དཔར། སྒྲ་ལེན་པ། བརྙན་ལེན་པ། པར་བཤུ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་བརྩམས་ཆོས་གཅིག་གམ་དུ་མ་བཟོས་པའི་ཁེ་དབང་ལ་ཟེར།
          (6)འགྲེམ་སྤེལ་བྱེད་དབང་སྟེ། ཕྱིར་བཙོངས་པའམ་སྦྱིན་པའི་ཐབས་ལ་བརྟེན་ནས་སྤྱི་དམངས་ལ་བརྩམས་ཆོས་ཀྱི་མ་གདན་ནམ་བུ་དཔེ་མཁོ་སྤྲོད་བྱེད་པའི་ཁེ་དབང་ལ་ཟེར།
          (7)གླ་གཏོང་བྱེད་དབང་སྟེ། གླ་ཡོན་བྱིན་རྗེས་མི་གཞན་ལ་སྐབས་ཐོག་ཏུ་གློག་བརྙན་བརྩམས་ཆོས་སམ་གློག་བརྙན་ཕབ་སྐྲུན་བྱེད་པའི་ཐབས་ལ་བརྟེན་ནས་བསྐྲུན་པའི་བརྩམས་ཆོས་དང་། གླས་མི་ཆོག་པ་ཕུད་པའི་རྩིས་འཁོར་མཉེན་ཆས་བཀོལ་ཆོག་པའི་ཁེ་དབང་ལ་ཟེར།
          (8)བཤམས་སྟོན་བྱེད་དབང་སྟེ། རི་མོའི་བརྩམས་ཆོས་དང་། བརྙན་པར་བརྩམས་ཆོས་ཀྱི་མ་གདན་དང་། བུ་དཔེ་བཤམས་སྟོན་བྱེད་པའི་ཁེ་དབང་ལ་ཟེར།
          (9)འཁྲབ་སྟོན་བྱེད་དབང་སྟེ། འཁྲབ་སྟོན་བརྩམས་ཆོས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྤྱི་ལ་བསྒྲགས་པའི་ཁེ་དབང་ལ་ཟེར།
          (10)བརྙན་གཏོང་བྱེད་དབང་སྟེ། བརྙན་གཏོང་འཕྲུལ་ཆས་སོགས་ཚན་རྩལ་སྒྲིག་ཆས་ཀྱིས་རི་མོ་དང་། བརྙན་པར། གློག་བརྙན་ནམ་གློག་བརྙན་ཕབ་སྐྲུན་བྱེད་པའི་ཐབས་ལ་བརྟེན་ནས་བསྐྲུན་པའི་བརྩམས་ཆོས་སོགས་ཡང་བསྐྱར་ཀུན་གྱི་མིག་དབང་དུ་སྟོན་པའི་ཁེ་དབང་ལ་ཟེར།
          (11)རྒྱང་སྒྲོག་བྱེད་དབང་སྟེ། སྐུད་མེད་དང་སྐུད་ལམ་མམ། རྟགས་དང་། སྒྲ། རི་མོ་སོགས་སྐྱེལ་བའི་ཡོ་བྱད་ལ་བརྟེན་ནས་སྤྱི་དམངས་ལ་བརྩམས་ཆོས་རྒྱང་སྒྲོག་གམ་ཁྱབ་བསྒྲགས་བྱེད་པའི་ཁེ་དབང་ལ་ཟེར།
          (12)དྲ་རྒྱའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དབང་སྟེ། སྐུད་མེད་དམ་སྐུད་ལམ་ནས་ཆ་འཕྲིན་སྤྱི་དམངས་ལ་བརྩམས་ཆོས་མཁོ་སྤྲོད་བྱས་ནས། སྤྱི་དམངས་ཀྱིས་རང་ཉིད་ཀྱིས་འདེམ་པའི་དུས་ཚོད་དང་དྲ་ཚིགས་ནས་བརྩམས་ཆོས་རོལ་མྱོང་ཐུབ་པའི་ཁེ་དབང་ལ་ཟེར།
          (13)ཕབ་སྐྲུན་ཁེ་དབང་སྟེ། གློག་བརྙན་ཕབ་པའམ་གློག་བརྙན་ཕབ་སྐྲུན་བྱེད་པའི་ཐབས་ལམ་རིགས་འདྲར་བརྟེན་ནས་བརྩམས་ཆོས་སྒྲིག་གཞིའི་སྟེང་དུ་བཀོད་པའི་ཁེ་དབང་ལ་ཟེར།
          (14)བསྒྱུར་སྒྲིག་བྱེད་དབང་སྟེ། སྔར་གྱི་བརྩམས་ཆོས་བསྒྱུར་བཅོས་བྱས་ཏེ་སྒེར་ཚུགས་ཅན་གྱི་བརྩམས་ཆོས་གསར་པ་བསྐྲུན་པའི་ཁེ་དབང་ལ་ཟེར།
          (15)ལོ་ཙཱ་བྱེད་དབང་སྟེ། བརྩམས་ཆོས་དེ་སྐད་དམ་ཡིག་རིགས་ཤིག་ནས་སྐད་དང་ཡིག་རིགས་གཞན་ཞིག་ཏུ་བསྒྱུར་བའི་ཁེ་དབང་ལ་ཟེར།
          (16)ཕྱོགས་སྒྲིག་བྱེད་དབང་སྟེ། བརྩམས་ཆོས་ཡོངས་སམ་དེའི་ཆ་ཤས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་བརྩམས་ཆོས་གསར་པ་ཞིག་བསྐྲུན་པའི་ཁེ་དབང་ལ་ཟེར།
          (17)བརྩམས་ཆོས་བདག་དབང་ཅན་ལ་ཡོད་འོས་པའི་དབང་ཆ་གཞན་དག་བཅས་སོ།།
          བརྩམས་ཆོས་བདག་དབང་གིས་ཁག་ཐེག་བྱ་དགོས་པ་ནི་བསམ་བློའི་རྣམ་པ་མཚོན་པ་ལས་བསམ་བློ་རང་སྟེང་ལ་བསྲུང་བ་མིན། རྒྱུ་མཚན་ནི་བརྩམས་ཆོས་རྒྱུ་ནོར་དབང་ཆ་དེའི་རིགས་ནི་ཆེད་དུ་མི་སྒེར་གྱི་རྒྱུ་ནོར་ཁེ་ཕན་ལ་འགན་སྲུང་བྱེད་པ་དང་མཉམ་དུ། མིའི་རིགས་ཀྱི་ཤེས་རིག་གསོག་འཇོག་གམ་ཤེས་བྱའི་ཆ་འཕྲིན་བརྒྱུད་སྒྲོག་ལའང་ལྟ་རྟོག་བྱ་དགོས། དེ་བས་བརྩི་ཐབས་དང་བགྲང་པའི་ཐབས། ལག་རྩལ་ལམ་འཕྲུལ་ཆས་འཆར་འགོད་སོགས་བརྩམས་ཆོས་བདག་དབང་གི་འགན་སྲུང་བྱེད་པའི་ཡུལ་ཁོངས་སུ་མི་གཏོགས།

          ཐོ་འགོད་ལམ་ལུགས།
          བརྩམས་ཆོས་བདག་དབང་ནི་རང་དབང་སྒོས་ཐོ་འགོད་བྱེད་པ་སྟེ། བརྩམས་ཆོས་ཐོ་འགོད་བྱས་ཡོད་མེད་གཉིས་ཀའི་རྩོམ་པ་པོ་དང་བརྩམས་ཆོས་བདག་དབང་ཡོད་མཁན་གྱི་བརྩམས་ཆོས་བདག་དབང་ལ་གནོད་པ་མེད། རང་དབང་སྒོས་བརྩམས་ཆོས་ཐོ་འགོད་བྱེད་པའི་ལམ་ལུགས་འདིའི་དམིགས་ཡུལ་ནི་བརྩམས་ཆོས་བདག་དབང་ཅན་དང་དེའི་བརྩམས་ཆོས་བཀོལ་སྤྱོད་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། བརྩམས་ཆོས་བདག་དབང་གི་རྩོད་གླེང་འདུམ་འགྲིག  རྩོད་གླེང་འདུམ་འགྲིག་བྱེད་དུས་བདེན་དཔང་མཁོ་སྤྲོད་བྱེད་པར་ཕན་པ་ཡིན་ནོ།།
རྩོམ་སྒྲིག་པ། རིན་ཆེན།