ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྐད་འཕྲིན་ནང་གི་གྲོགས་པོ་འདི་རིགས་ལ་དོགས་ཟོན་བྱོས།

སྤེལ་དུས 2019-05-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས རྩོམ་པ་པོ།
          སྐད་འཕྲིན་གྲོགས་ཚོམས་སུ་ཆ་འཕྲིན་འདྲ་མིན་སྣ་ཚོགས་སྤེལ་མཁན་མང་པ་དང་། ལྷག་པར་དུ་འཕྲིན་གྲོགས་རེ་འགས་ཆ་འཕྲིན་བརྒྱུད་སྤེལ་བྱེད་པར་བརྟེན་ནས་འཕྲིན་གྲོགས་ཚོར་མགོ་སྐོར་གཏོང་ཐབས་བྱེད་བཞིན་ཡོད་པ་རེད།
          གྲོགས་ཚོམས་སུ་སྤེལ་བའི་ཆ་འཕྲིན་རིགས་འདི་དག་8ནི་མགོ་སྐོར་གཏོང་བའི་རིགས་ཡིན་པ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་ཐེར་འདོན་བྱས་ཡོད།
          གཤམ་ནས་ཞིབ་ཕྲར་གཟིགས་རོགས།
          མགོ་སྐོར་གཏོང་ཐབས་དང་པོ།
          རང་གཤིས་ཚོད་ལྟ།
          ཐོག་མར་ཚོད་ལྟ་དེ་རིགས་ཀྱི་བཟང་ཆ་མང་པོ་བཤད་དེ་ང་ཚོ་འགུག་ཐབས་བྱེད་པ་དང་། རྗེས་སུ་ང་ཚོ་དངོས་སུ་ཞུགས་སྐབས་སྤྱི་སྟེགས་དེ་སྒྲིག་འགལ་རྐྱེན་གྱིས་དོ་སྣང་བྱེད་མི་ཐུབ་པ་མ་ཟད། དེ་སྔའི་ཚོད་ལྟའི་ནང་དོན་དེར་ཡང་བལྟ་མི་ཐུབ་པ་དང་། པར་རིས་བཟོ་བའི་སྦྲེལ་ཐག་ཀྱང་སྒྲིག་འགལ་རྐྱེན་གྱིས་བསུབས་ཡོད་པ་རེད། དོན་དངོས་སུ་དེ་ནི་APPགསར་སྤེལ་བྱེད་སྐབས་ཀྱི་ཚོང་གཉེར་ཚོད་ལྟ་ཞིག་ཡིན་པ་དང་། ཚོད་ལྟའི་ནང་ཞུགས་སྐབས་མིང་དང་སྐྱེས་སྐར་སོགས་གསལ་པོ་འབྲི་དགོས་ཤིང་། རང་ཉིད་ཀྱི་སྐད་འཕྲིན་སྤྱད་ནས་ཐོ་འགོད་བྱེད་དགོས་ལ། དེ་ལྟར་མི་སྒེར་གྱི་གསང་བའི་ཆ་འཕྲིན་གཡོ་ལེན་བྱེད་བཞིན་ཡོད་པ་དང་། རིགས་འདྲའི་མགོ་སྐོར་གཏོང་ཐབས་ལ་རང་མིང་འབྲི་ཐབས་བཟོ་བཀོད་དང་།  ཁྱེད་རང་བརྙན་འཕྲིན་ཟློས་གར་ནང་གི་མི་སུ་ཞིག་འདྲ་བར་བལྟ་བ་སོགས་མང་པོ་ཡོད།
          མགོ་སྐོར་གཏོང་ཐབས་གཉིས་པ།
          འདེམས་ཤོག་འཕངས་ནས་བྱ་དགའ་ལེན་པ། 
          ཐོག་མར་སྤྱི་སྟེགས་ལ་དོ་སྣང་བྱས་རྗེས་བུ་ཕྲུག་གི་འདྲ་པར་བསྐུར་དགོས་པ་དང་། དེ་ནས་འདེམས་ཤོག་འཕངས་ནས་བྱ་དགའ་བརྩོན་ལེན་བྱེད་དགོས་པའི་སྐོར་བརྗོད་པ་དང་། མཇུག་འབྲས་ནི་དེ་ལས་ཨང་དང་པོ་རྩ་བ་ནས་རག་ཐབས་མེད་པ་དང་། སྒོར་མོ་བཏང་ནས་འདེམས་ཤོག་ཉོས་རྗེས། ལམ་སེང་འབྲེལ་ལམ་ཆད་འགྲོ་བ་རེད། དོན་དངོས་སུ་དེ་ནི་འདེམས་ཤོག་ཉོ་བར་བརྟེན་ནས་སྒོར་མོ་གཡོ་ལེན་བྱེད་ཐབས་ཤིག་ཡིན་པ་དང་། དེ་རིགས་ལས་ཁ་པར་ཨང་གྲངས་དང་ཁྱིམ་ཚང་གི་ཆ་འཕྲིན་སོགས་ཕྱི་ལ་འཆོར་ཉེན་ཆེ་བ་རེད།
          མགོ་སྐོར་གཏོང་ཐབས་གསུམ་པ།
          མོས་བསྟོད་བསགས་ནས་བྱ་དགའ་ལེན་པ།
          ཐོག་མར་མོས་བསྟོད་80གསོག་ཐུབ་ན་རིན་མེད་ཀྱིས་འདྲ་པར་ལེན་ཆོག་པ་དང་། མོས་བསྟོད་150གསོག་ཐུབ་ན་རིན་མེད་ཀྱིས་དྲོད་སྙོམ་འཕྲུལ་ཆས་སྟེར་རྒྱུ་ཡིན་པ་སོགས་ཀྱི་ཆ་འཕྲིན་བསྐུར་བ་དང་། མཇུག་འབྲས་ནི་འདྲ་པར་ལེན་དུས་རིན་མེད་ཡིན་ནའང་འདྲ་པར་གྱི་པར་སྒྲོམ་ལ་རིན་གོང་མཐོ་བ་མ་ཟད་ཆ་འཕྲིན་ཕྱི་ལ་ཤོར་བས་འཕྲིན་ཐུང་སྣ་ཚོགས་འབྱོར་བ་རེད། དོན་དངོས་སུ་མོས་བསྟོད་གསོག་པའི་བྱེད་སྒོ་དེ་རིགས་ཀྱིས་རིན་མེད་ལ་ཁ་གཡར་ནས་དངོས་པོ་གཞན་པ་བཙོང་ཐབས་བྱེད་བཞིན་ཡོད་པ་དང་། ལ་ལ་ཞིག་ནི་རྫུན་གཏམ་ཁོ་ན་ཡིན་པ་དང་བྱ་དགའ་ཐོབ་པའི་གོ་སྐབས་རྩ་བ་ནས་མེད།
          མགོ་སྐོར་གཏོང་ཐབས་བཞི་པ།
          གྲོན་དངུལ་གྲབས་གསོག་བྱས་ནས་སྨན་པར་བསྟེན་པ།
          བྱིས་པར་སྨན་བཅོས་དང་མི་འཚོལ་བ། དབུལ་སྐྱོར་བྱེད་པ་སོགས་ཀྱི་ཆེད་དུ་དངུལ་གྲབས་གསོག་བྱེད་པའི་ཆ་འཕྲིན་རྣམས་ལས་མང་ཆེ་བ་ཞིག་བདེན་པ་ཡིན་མོད། ཡིན་ནའང་མི་ལ་ལས་མང་ཚོགས་ཀྱི་གཅེས་སེམས་ལ་བརྟེན་ནས་མགོ་སྐོར་གཏོང་བཞིན་ཡོད། སྐབས་འགར་ཆ་འཕྲིན་བདེན་པ་ཡིན་ནའང་སྔར་བཞིན་མགོ་སྐོར་གཏོང་བའི་ཆ་འདྲེས་ཡོད་པ་དང་། གལ་ཏེ་ཆ་འཕྲིན་རྫུན་མ་ཡིན་ན་ཕ་རོལ་པས་ཁྱེད་ཀྱི་ཁ་པར་ཨང་གྲངས་ལ་བརྟེན་ནས་གློག་འཕྲིན་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད། དོན་དངོས་སུ་གྱོད་དོན་དེ་རིགས་ཀྱི་རྒྱ་ཧ་ཅང་ཆེ་བ་དང་། རྒྱུ་ནོར་ཕྱིར་ལེན་པའི་གོ་སྐབས་ཉག་ཕྲ་བ་རེད།
          མགོ་སྐོར་གཏོང་ཐབས་ལྔ་བ།
          མི་མང་པོས་མཉམ་དུ་ཤིང་ཏོག་ཉོ་བ།
          ནང་འདྲེན་བྱས་པའི་ཤིང་ཏོག་རིགས་ག་གེ་མོའི་རིན་གོང་ཅི་འདྲ་ཡིན་པ་དང་། སྐད་འཕྲིན་ནང་གི་མི་གྲངས་ག་ཚོད་ཅིག་གིས་མཉམ་དུ་ཉོས་ན་རིན་གོང་དམའ་མོས་ཉོ་ཐུབ་ཀྱི་ཡོད་ལ། གལ་ཏེ་མི་གྲངས་མ་འདང་ན་ཉོ་མི་ཐུབ་པ་དང་མི་གྲངས་འདང་ན་ཉོ་ཐུབ་ཀྱི་ཡོད་པའི་སྐོར་གྱི་ཆ་འཕྲིན་སྤེལ་བ་དང་། མཇུག་འབྲས་ནི་དུས་ཡུན་རིང་པོ་འགོར་ནའང་ཤིང་ཏོག་ཉོ་མི་ཐུབ་པ་དང་སྒོར་མོ་ཡང་དང་ཡང་དུ་ཕྱིར་བསློགས་པ་དང་། མི་སྒེར་གྱི་ཆ་འཕྲིན་ཕྱི་ལ་ཤོར་བས་བརྡ་འཕྲིན་དང་ཁ་པར་སྣ་ཚོགས་འབྱོར་བ་རེད། དོན་དངོས་སུ་དེ་རིགས་ནི་ཚོང་བདག་གིས་APPཡི་ཕབ་ལེན་ཁ་གྲངས་ཇེ་མང་དུ་གཏོང་ཆེད་ཡིན་པ་དང་། གལ་ཏེ་མི་ངན་གྱི་ལག་ཏུ་ཁ་པར་ཨང་གྲངས་དང་ཐོབ་ཐང་ལག་ཁྱེར། དངུལ་བྱང་སོགས་ཀྱི་ཆ་འཕྲིན་ཤོར་བ་ཡིན་ན། མགོ་སྐོར་ཐེབས་པའི་ཉེན་ཁ་ཆེ།
          མགོ་སྐོར་གཏོང་ཐབས་དྲུག་པ།
          རིན་གོང་གཅོག་རོགས་བྱེད་པ།
          མི་ལ་ལས་སྐད་འཕྲིན་གྲོགས་ཚོམས་སུ་རིན་གོང་གཅོག་རོགས་བྱེད་པའི་སྐོར་གྱི་ཆ་འཕྲིན་བསྐུར་གྱི་ཡོད་པ་དང་། གལ་ཏེ་རིན་གོང་སྒོར་0བར་དུ་གཅོག་ཐུབ་ན། རིན་མེད་ངང་ཁ་པར་དང་པར་ཆས་སོགས་དང་ཐ་ན་སྒོར་ཁྲི་ཁ་ཤས་ཅན་གྱི་་རླངས་འཁོར་ཉོ་ཐུབ་ཀྱི་ཡོད་པ་བཤད་པ་དང་། མཇུག་འབྲས་ནི་དངུལ་སྤྲད་རྗེས་དངོས་པོ་མི་འབྱོར་བ་མ་ཟད། མགོ་སྐོར་འཕྲིན་ཐུང་མང་པོ་འབྱོར་བ་རེད། དོན་དངོས་སུ་ཆ་འཕྲིན་དེ་རིགས་གྱིས་མི་སྒེར་གྱི་མིང་དང་ཁ་པར་ཨང་གྲངས། ཐ་ན་ཐོབ་ཐང་ལག་ཁྱེར་ཨང་གྲངས་སོགས་གཡོ་ལེན་བྱེད་ཀྱི་ཡོད། 
          མགོ་སྐོར་གཏོང་ཐབས་བདུན་པ།
          བརྒྱུད་སྐུར་བྱས་ན་རིན་མེད་ལེགས་སྐྱེས་སྤྲོད་རྒྱུ།
          མི་ཆེ་གེ་མོས་འདིའི་སྔོན་ཏག་ཏག་ལ་རིན་མེད་ངང་ལེགས་སྐྱེས་བླངས་པ་ཡིན། ཆ་འཕྲིན་འདི་བདེན་པ་ཡིན་པ་དང་། བརྒྱུད་སྐུར་བྱས་རྗེས་དྲས་པར་བསྐུར་དང་རིན་མེད་ངང་ལེགས་སྐྱེས་སྤྲོད་རྒྱུ་ཡིན་པའི་སྐོར་གྱི་ཆ་འཕྲིན་བསྐུར་བ། མཇུག་འབྲས་ནི་བསྐུར་གླ་ལེན་གྱི་ཡོད་པ་མ་ཟད་དངོས་པོ་རྫུན་མ་ཡིན་པ། བརྟག་དཔྱད་བྱས་པར་གཞིགས་ན་རིན་མེད་དུ་སྤྲོད་པའི་ཚོང་རྫས་དེ་དག་ནི་སྤྱིར་བཏང་དུ་མངགས་ཉོ་དྲ་བ་ལ་ལས་སྡེབ་འཚོང་བྱེད་བཞིན་ཡོད་པ་དང་། རིན་གོང་ཧ་ཅང་དམའ་བ་རེད།
          མགོ་སྐོར་གཏོང་ཐབས་བརྒྱད་པ།
          བརྒྱུད་སྐུར་བྱས་ནས་དྲ་བའི་བཞུར་ཚད་ལེན་པ།
          ཁྱེད་ཀྱི་གྲོགས་པོས་རིན་མེད་ངང་བཞུར་ཚད་Mམང་པོ་ཞིག་བླངས་ཟིན་པ་དང་། ཁ་པར་ཨང་གྲངས་བཏགས་རྗེས་བཞུར་ཚད་Gའདི་འདྲ་ཞིག་ཡོད་སྤྲོད་རྒྱུ་ཡིན་པ་སོགས་ཀྱི་ཆ་འཕྲིན་བསྐུར་བ། ཁ་པར་ཨང་གྲངས་བཏགས་རྗེས་བཞུར་ཚད་ཁ་པར་དུ་ཐོན་མེད་པ་མ་ཟད། འཕྲིན་ཐུང་དང་ཁ་པར་སྣ་ཚོགས་འབྱོར་བ་རེད། དོན་དངོས་སུ་དེ་ནི་བརྡ་ཁྱབ་ཀུང་སིས་ཁ་པར་ཨང་གྲངས་རག་ཐབས་བྱས་རྗེས་བརྡ་ཁྱབ་སྤེལ་བའི་ཐབས་ཤིག་ཡིན་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།