ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བོད་ལྗོངས་ཀྱི་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བའི་ཚད་གཞི་དམའ་རུ་བཏང་བ།

སྤེལ་དུས 2019-06-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་1ཉིན་ནས་བཟུང་། བོད་ལྗོངས་ཀྱི་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བའི་ཚད་གཞི་དམའ་རུ་བཏང་ནས་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་བའི་བསྡུར་ཚད་16%བར་ཆག་པ་དེས་ཁེ་ལས་དང་ལས་བཟོ་བའི་འགན་བཅོལ་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་བར་ཕན་ཐོགས་པ་དང་། ལས་བཟོ་དེ་བས་མང་བ་རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་མ་ལག་ནང་ཚུད་ནས་ཁེ་ལས་འཕེལ་རྒྱས་དང་རྒན་གསོའི་འགན་བཅོལ་ལམ་ལུགས་འཕེལ་རྒྱས་ཀྱི་འཁོར་རྒྱུག་ཡག་པོ་ཞིག་ཆགས་ཡོད།
          《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་བའི་ཕྱོགས་བསྡུས་ཇུས་གཞི》(གཤམ་དུ་བོད་ལྗོངས་ཀྱི《ཕྱོགས་བསྡུས་ཇུས་གཞི》ཞེས་བསྡུ་རྒྱུ)དེ་མི་སྤྱི་པུའུ་དང་། ནོར་སྲིད་པུའུ། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་2019ལོའི་ཟླ་4ཚེས་25ཉིན་བཀྲམ་པ་དང་། 2019ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད། བོད་ལྗོངས་ཀྱི《ཕྱོགས་བསྡུས་ཇུས་གཞི》བཏོན་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་དངུལ་བསྡུ་ལེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཕྱོགས་བསྡུས་ཇུས་འདོན་བཅས་བྱས་ནས་འགན་བཅོལ་ནང་ཞུགས་པའི་སྡེ་ཚན་གྱིས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་བའི་དོན་དངོས་ཁུར་པོ་དངོས་སུ་ཆག་པ་འགན་ལེན་བྱེད་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཆ་ཁག་དུས་བཀག་ལྟར་དང་འདང་ངེས་ལྟར་སྤྲོད་པའི་འགན་ལེན་བྱེད་པར་སྤྱི་ཡོངས་ནས་སྤྱི་འདོམས་བསམ་གཞིག་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།