ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གཏན་འབེབས་གསར་པ་འདི་དག་གིས་ཁྱོད་ཀྱི་ཟས་གོས་འགྲོ་སྡོད་དང་དངུལ་ཁུག་ལ་ཤུགས་རྐྱེན་ཐེབས་ངེས།

སྤེལ་དུས 2019-07-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཟླ་7པའི་ཚེས་1ཉིན་ནས་བཟུང་གཏན་འབེབས་གསར་པ་ཁག་གཅིག་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། ལམ་ཡིག་དཀྱུས་མ་དང་ཤང་ཀང་དང་ཨའོ་མོན་གྱི་ལག་ཁྱེར་གྱི་གྲོན་བསྡུ་དམའ་རུ་ཕྱིན་པ་དང་། ETCཤར་བགྲོད་ཀྱི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ། ཁྲལ་དོན་ཐོ་སུབ་ཀྱི་གོ་རིམ་སྔར་བས་ལེགས་སུ་ཕྱིན་པ་་་་་
          ལམ་ཡིག་དཀྱུས་མ་དང་ཤང་ཀང་དང་ཨའོ་མོན་གྱི་ལག་ཁྱེར་གྱི་གྲོན་བསྡུ་དམའ་རུ་ཕྱིན་པ།

          རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུས་བརྡ་ཐོ་བཏང་ནས། ཟླ་7ཚེས་1ཉིན་ནས་བཟུང་སྒེར་རྐྱེན་ལམ་ཡིག་དཀྱུས་མའི་གྲོན་བསྡུའི་ཚད་གཞི་དེ་མི་དམངས་ཤོག་སྒོར་160ནས་སྒོར་120བར་ཆག་པ་དང་། ཤང་ཀང་དང་ཨའོ་མོན་བར་འགྲོ་འོང་བྱེད་པའི་ལག་ཁྱེར་གྱི་གྲོན་བསྡུའི་ཚད་གཞི་དེ་སྒོར་80ནས་སྒོར་60བར་ཆག་ཡོད་པ་བསྟན་ཡོད།
          མོ་ཊ་ཉོ་བར་ཁྲལ་ཚད་ནི་རིན་གོང་བཞིན་རྩིས་རྒྱག་པ།

          《རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་བཅའ་ཁྲིམས》ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཁྲལ་བསྡུའི་རླངས་འཁོར་ཉོ་སྒྲུབ་བྱེད་པའི་ཁྲལ་རྩིས་རིན་གོང་ནི་ཁྲལ་འཇལ་མཁན་གྱིས་ཕྱིར་འཚོང་བྱེད་མཁན་ལ་དངོས་སུ་སྤྲད་པའི་རིན་དངུལ་ཡོངས་རྫོགས་ཡིན་པ་དང་། དེའི་ནང་གནས་ཐང་འཕར་ཁྲལ་གྱི་ཁྲལ་དངུལ་ཚུད་མེད་པ་དང་ཁྲལ་ཚད་ནི་བརྒྱ་ཆ་བཅུ་ཡིན།
          ཁྲལ་དོན་ཐོ་སུབ་གོ་རིམ་སྔར་བས་ལེགས་སུ་ཕྱིན་པ།

          རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཏང་ནས། ཟླ་7ཚེས་1ཉིན་ནས་བཟུང་ཁྲལ་དོན་ཐོ་ཁོངས་ནས་མ་སུབ་གོང་གི་ལས་སྒོ་སྒྲུབ་པའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་བཏང་སྟེ། མིང་ངོ་མ་བཀོད་ནས་ཁྲལ་འཇལ་བའི་ཁྲལ་འཇལ་མཁན་གྱིས་《ཁྲལ་དོན་ཐོ་འགོད་ལག་ཁྱེར》དངོས་གཞིའི་(དངོས་གཞི་མིན་པ)ཡིག་ཆ་སོགས་མཁོ་འདོན་བྱ་མི་དགོས་པ་རེད།
          རྒན་གསོའི་སྒྲིག་གཞིའི་རིམ་པ་དཔྱད་བསྡུར་གཏན་འབེབས་ལ་རྒྱལ་ཁབ་ཀྱི་ཚད་གཞི་བཏོན་པ།

          ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུའི་《རྒན་གསོའི་སྒྲིག་གཞིའི་རིམ་པ་དབྱེ་བ་དང་ཞིབ་དཔྱད་གཏན་འབེབས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ན་རྒན་གསོའི་སྒྲིག་གཞིའི་དཔྱད་བསྡུར་གཏན་འབེབས་དེ་རིམ་པ་ལྔར་དབྱེ་བ་དང་། རིམ་པ་ཇི་ཙམ་མཐོ་ན། རྒན་གསོའི་སྒྲིག་གཞིའི་ཁོར་ཡུག་དང་། སྒྲིག་བཀོད་སྒྲིག་ཆས། གཉེར་སྐྱོང་དོ་དམ། ཞབས་ཞུ་བཅས་ཐད་ཀྱི་ཕྱོགས་བསྡུས་ནུས་པ་དེ་ཙམ་གྱིས་ཆེ་བ་ཡོད་པ་རེད།
          ETCཤར་གཏོང་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

          འགྲིམ་འགྲུལ་སྐྱེལ་འདྲེན་པུས་བརྡ་ཐོ་པར་འགྲེམས་བྱས་ནས། ཟླ་7ཚེས་1ཉིན་ནས་བཟུང་ETCསྤྱོད་མཁན་ལ་5%ལས་མི་ཉུང་བའི་ཤར་གཏོང་གྲོན་དངུལ་གྱི་གཞི་རྩའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་པོ་བྱ་རྒྱུ་མ་ཟད། ས་ཁོངས་དེ་གའི་ETCརླངས་འཁོར་ལ་ཁྱད་པར་མེད་པའི་གཞི་རྩའི་གཟིགས་སྐྱོང་མངོན་འགྱུར་བྱ་རྒྱུ།
          ཚོང་རྟགས་ཐོ་འགོད་དང་བསྒྱུར་བཅོས་གྲོན་དངུལ་ཇེ་དམའ་རུ་སོང་བ།

          ཟླ་7ཚེས་1ཉིན་ནས་བཟུང་ཤེས་བྱའི་བདག་དབང་སྡེ་ཚན་གྱིས་ཚོང་རྟགས་བསྟུད་སྤྱོད་ཀྱི་ཐོ་འགོད་གྲོན་དངུལ་སྒོར་1000ནས་སྒོར་500བར་ཆག་པ་དང་། སྒྱུར་བཅོས་འགྲོ་གྲོན་སྒོར་250ནས་སྒོར་150བར་ཆག་ཡོད་པ་རེད། དྲ་ཐོག་ནས་རེ་ཞུ་བྱས་པ་མ་ཟད་གློག་རྡུལ་གྱི་ཚོང་རྟགས་ལས་སྒོ་གཉེར་བར་བསྒྱུར་གླ་སྤྲོད་མི་དགོས།
          རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་ཀྱི་ས་བཀྲ་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ།

          ཟླ་7ཚེས་10ཉིན་ནས་བཟུང་རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་ཀྱི་ས་བཀྲ་དང་དབྱར་ཁའི་གུང་གསེང་འཁོར་སྐྱོད་ཀྱི་ས་བཀྲ་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། བསྐྱར་དར་རྟགས་ཅན་གསར་པ་ཁག་གཅིག་སྤྱོད་འགོ་ཚུགས་པ་དང་ནང་སའི་ཤང་ཀང་གི་མྱུར་བགྲོད་ལྕགས་ལམ་བབས་ཚུགས་58བར་སྣོན་རྒྱུ་ཡིན་པ།
          ཧྲང་ཧའེ་ཡིས་གད་སྙིགས་རིགས་དབྱེ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ།

          《ཧྲང་ཧའེ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། འཚོ་བའི་གད་སྙིགས་དེ་ཚུར་བསྡུའི་དངོས་པོ་དང་། གནོད་ལྡན་གད་སྙིགས། གད་སྙིགས་རློན་པ། གད་སྙིགས་སྐམ་པོ་བཅས་སུ་དབྱེ་ཡོད་པ་དང་། གཏན་འབེབས་ལྟར་མ་སྤྲད་ན་ཆད་པ་གཅོད་རྒྱུ་དང་། ས་ཆ་གཞན་གྱི་ཡུལ་སྐོར་བས་ཀྱང་དེ་ལྟར་བྱེད་དགོས་ཀྱི་ཡོད།
          པེ་ཅིང་དུ་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་པ།

          པེ་ཅིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་བརྡ་ཐོ་བཏང་དོན། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་ཆུ་ཚོད་རེར་སྒོར་12.18ལས་མི་དམའ་བ་དང་ཟླ་རེར་སྒོར་2120ལས་མི་དམའ་བ་ནས་ཆུ་ཚོད་རེར་སྒོར་12.64ལས་མི་དམའ་བ་དང་ཟླ་རེར་སྒོར་2200ལས་མི་དམའ་བར་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།
          ཀན་སུའུ་ཡིས་བསྡོམས་རྩིས་གྲངས་གཞི་རྫུན་བཟོ་བྱེད་མི་ཆོག་པ་བྱ་རྒྱུ།

          ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུའི་《ཀན་སུའུ་ཞིང་ཆེན་གྱི་བསྡོམས་རྩིས་སྲོལ་ཡིག》ནང་། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་བསྡོམས་རྩིས་སྒྲིག་གཞི་དང་དེ་བཞིན་སྒྲིག་གཞི་གཞན་དག་དང་མི་སྣས་བསྡོམས་རྩིས་དཔྱད་ཡིག་རྫུན་བཟོ་དང་གཡོ་བཅོས་བྱ་རྒྱུར་ལྐོག་བཀོད་བྱེད་མི་ཆོག་པ་དང་། ཚན་པ་དང་མི་སྒེར་གང་རུང་ལ་བསྡོམས་རྩིས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་དབང་ཡོད་ཅེས་གཏན་འབེབས་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།