ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གླ་ཕོགས་དང་གྲོན་དངུལ་ཆད་འགྱངས་བྱས་ན་ཇི་ལྟར་བྱེད་དགོས།

སྤེལ་དུས 2019-07-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
གླ་ཕོགས་དང་གྲོན་དངུལ་ཆད་འགྱངས་བྱས་ན་ཇི་ལྟར་བྱེད་དགོས། བྱེད་ཐབས་འདི་དག་གིས་ཁྱེད་ལ་ཁེ་དབང་སྲུང་རོགས་བྱེད།
          ངལ་རྩོལ་བྱས་རྗེས་དུས་ཐོག་ཏུ་གླ་ཆ་ལེན་རྒྱུ་ནི་ངལ་རྩོལ་པ་རེ་རེའི་རེ་འདུན་ཡིན་མོད། འོན་ཀྱང་སྐབས་འགར་འདོད་པ་དང་རྒྱབ་འགལ་ཡིན་ཏེ། ལོ་འདི་ཤར་ཚུན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ངལ་རྩོལ་པའི་གླ་ཆ་ཆད་འགྱངས་ཀྱི་དཔེ་མཚོན་གྱོད་གཞི་ཁག་གཉིས་སྔ་རྗེས་སུ་ཡོངས་བསྒྲགས་བྱས་པ་དང་ཁྱོན་གྱོད་གཞི་20ཡོད་པ་རེད།
          འོ་ན་གནད་དོན་ཞིག་ཡོད་པ་ནི། གལ་ཏེ་སྦྱིན་བདག་གིས་གླ་ཕོགས་ཆད་པ་དང་། མཉམ་ལས་ཕྱོགས་ཀྱིས་གྲོན་དངུལ་ཆད་འགྱངས་བྱས་པ། ཐ་ན་ལེན་དགོས་པའི་དངུལ་དུས་ཡུན་རིང་པོར་ལེན་མ་ཐུབ་ན་ཇི་ལྟར་བྱ།
          བྱེད་ཐབས་འདི་དག་གིས་ཁྱེད་ལ་ཁེ་དབང་སྲུང་རོགས་བྱེད་ཐུབ།

@ངལ་རྩོལ་པ་ཡོངས་ལ་ཞུ་རྒྱུར།
          ས་གནས་ཁག་གི་ངལ་རྩོལ་འགན་ལེན་ལྟ་ཞིབ་ལས་ཁུངས་ལ་ཐེར་འདོན་ཞུ་གཏུག་བྱེད་པ།
          ངལ་རྩོལ་པར“གླ་ཕོགས་ཆད་པའི”གནས་ཚུལ་འཕྲད་ཚེ་ལས་མི་བཀོལ་སྤྱོད་བྱེད་སའི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཚན་ལ་ཐད་ཀར་ཞུ་གཏུག་ཐེར་འདོན་བྱེད་ཆོག་ཅིང་།  འབྲེལ་གཏུག་བྱེད་སྟངས་གཤམ་དུ་ཕྱོགས་བསྡོམས་བྱས་ཡོད།

          ངལ་རྩོལ་རྩོད་གླེང་འདུམ་གཅོད་ལས་ཁུངས་ལ་འདུམ་གཅོད་བྱ་རྒྱུའི་རེ་འདུན་ཞུ་བ།
          སྦྱིན་བདག་གིས་གླ་ཕོགས་ཆད་འགྱངས་བྱས་པ་དང་། ཡང་ན་ལས་རྨས་ཀྱི་སྐྱིན་ཚབ་མ་སྤྲད་པའི་སྐབས་སུ། ངལ་རྩོལ་པས་ངལ་རྩོལ་འདུམ་གཅོད་ཨུ་ཡོན་ལྷན་ཁང་དུ་སོང་ནས་ངལ་རྩོལ་འདུམ་གཅོད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་རེ་འདུན་ཞུས་ཆོག དོ་སྣང་བྱེད་དགོས་པ་ཞིག་ལ། ངལ་རྩོལ་སྐོར་གྱི་རྩོད་གླེང་འདུམ་གཅོད་ཡོང་རེ་ཞུ་བའི་གོ་ཆོད་ཡུན་ཚད་ནི་ལོ་གཅིག་ཡིན། འདུམ་གཅོད་ཀྱི་གོ་ཆོད་ཡུན་ཚད་ནི་དོ་བདག་གིས་རང་གི་ཁེ་དབང་ལ་གནོད་འཚེ་ཕོག་ཚུལ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བརྩི་རྒྱུ།

@ཞིང་པ་ལས་མི།
          རྒྱ་ཆེའི་ཞིང་པ་ལས་མི་ཚོས་དོ་སྣང་བྱ་དགོས་པ་ཞིག་ནི། ཁྱེད་ཀྱིས་ད་དུང་བྱ་ཐབས་འདི་དག་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱས་ཆོག་པ་སྟེ།
          འདིར་ཡོང་ནས་བཅའ་ཁྲིམས་རོགས་སྐྱོར་འཚོལ་བ།
          ཀྲུང་གོའི་བཅའ་ཁྲིམས་ཞབས་ཞུའི་དྲ་བས་ཞིང་པ་ལས་མིར་གླ་ཆ་ཆད་འགྱངས་རོགས་སྐྱོར་གྱི་ལྗང་མདོག་བགྲོད་ལམ་བཏོད་པ་དང་། ཞིང་པ་ལས་མིས་བཅའ་ཁྲིམས་བློ་འདྲི་བརྒྱུད་རོགས་རམ་འཚོལ་ཆོག་པ་མ་ཟད། ད་དུང་ཁོ་ཚོར་འཕྲད་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐད་ཀར་བརྗོད་ཆོག བཅའ་ཁྲིམས་རོགས་སྐྱོར་ཞུ་མཁན་གླ་ཆ་ཆད་འགྱངས་བྱས་པའི་ཞིང་པ་ལས་མི་ཚང་མར་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཆ་རྐྱེན་ལ་ཞིབ་བཤེར་མི་བྱེད་པ་དང་། ཉིན་དེར་རེ་ཞུ་དང་། ཉིན་དེར་བདག་སྤྲོད། ཉིན་དེར་ཞིབ་མཆན་འགོད་པ། ཉིན་དེར་ཁྲིམས་རྩོད་པ་མངགས་གཏོང་བཅས་བྱས་ནས་བཅའ་ཁྲིམས་ཀྱི་རོགས་སྐྱོར་མཁོ་འདོན་ཧུར་ཐག་བྱ་རྒྱུ།
          ཀྲུང་གོའི་བཅའ་ཁྲིམས་ཞབས་ཞུའི་དྲ་བ།
          中国法律服务网:http://www.12348.gov.cn/#/askForSalary/askForSalaryIndex
          འདིར་ཡོང་ནས་ཁུངས་སྣེ་ཡར་ཞུ་བྱེད་པ
     མི་སྤྱི་པུའི་གཞུང་ཕྱོགས་དྲ་ཚིགས་ཀྱིས་ཉེ་ཆར་བཏོད་པའི་“གླ་ཆ་ཆད་འགྱངས་རྩ་བ་ནས་བཅོས་སྒྲིག་བྱེད་པ”ཞེས་པའི་ཆེད་སྒྲིག་ནང་། “ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་ཁུངས་སྣེ་བཤད་པའི”ཆེད་སྤྱོད་སྦྲག་སྒམ་བཙུགས་ནས། ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་ཁུངས་སྣེ་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། མང་ཚོགས་ཀྱིས་གླེང་མང་བ་དང་ཡོངས་ཁྱབ་རང་བཞིན་ལྡན་པའི་གནད་དོན་གྱི་ཁུངས་སྣེ་གལ་ཆེན་ཐད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཁེ་ལས་ཀྱི་གླ་ཆ་ཆད་འགྱངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པས་ཐད་ཀར་མི་སྣ་མངགས་ནས་ས་གནས་ས་ཐོག་ཏུ་ལྟ་སྐུལ་བྱ་རྒྱུ་རེད། ཞིབ་བཤེར་ར་སྤྲོད་བརྒྱུད་དོན་དག་དངོས་ཡིན་ཤེས་པ་དང་། ཅུང་དཔེ་མཚོན་ཡིན་པའི་གནད་དོན་ཡོངས་བསྒྲགས་བྱས་ནས་ཐག་གཅོད་ནན་པོ་བྱ་རྒྱུ་རེད།
          ཆེད་སྒྲིག་ས་གནས།
          专栏地址:
          http://www.mohrss.gov.cn/SYrlzyhshbzb/rdzt/gznmgqxwt/tqnmggzxsfy/

@ཁེ་ལས་འབྲིང་ཆུང་།
     རྒྱ་ཆེའི་ཁེ་ལས་འབྲིང་ཆུང་ལ་གལ་སྲིད་རྒྱལ་ཁབ་ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱིས་གྲོན་དངུལ་ཆད་འགྱངས་བྱས་ཚེ་ཁྱེད་ཀྱིས་འདི་ལྟར་ཁེ་དབང་སྲུང་སྐྱོང་བྱེད་ཆོག་པ་སྟེ།
     འདིར་ཡོང་ནས་ཐོ་འགོད་ཞུ་གཏུག་བྱེད་པ།
     འདི་ལོའི་ཟླ་4པར། རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་སྲིད་ཇུས་ཆ་འཕྲིན་དྲ་སྦྲེལ་ཡོངས་བསྒྲགས་ལས་སྟེགས་ཀྱིས“ཆད་དངུལ་གཙང་སྤྲོད་ཀྱི་ཐོ་འགོད་ལས་སྟེགས”སྒོ་ཕྱེ་ནས། ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་ཆད་འགྱངས་ཀྱི་ཐོ་འགོད(ཞུ་གཏུག)སྟེགས་བུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ལས་སྟེགས་ཀྱིས་གཙོ་བོ་རྒྱལ་ཁབ་ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་གི་དངོས་ཟོག་དང་། ལས་གྲྭ ཞབས་ཞུ་སོགས་ཀྱི་གྲོན་དངུལ་ཆད་འགྱངས་བྱས་པ་ཐོ་འགོད་(ཞུ་གཏུག)་བདག་སྤྲོད་བྱེད་ཀྱི་ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་བའི་ཆད་འགྱངས་གནད་དོན་དང་གནས་ཚུལ་གོང་ཞུ་བྱེད་པའི་ཐོ་འགོད་ཀྱི་ཐབས་ལམ་ཞིག་རེད།
     ལས་སྟེགས་ས་གནས།
     平台地址:
     http://www.sme-service.org.cn
     མཇུག་མཐར། གལ་ཏེ་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་གྲོན་དངུལ་ཆད་འགྱངས་བྱས་པ་དང་། ཡང་ན་སྲིད་གཞུང་སྡེ་ཁག་གིས་བྱ་བ་མི་སྒྲུབ་པ་དང་། དལ་མོར་སྒྲུབ་ན། ཁྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་མི་ཐུབ་པའི་ཚེ། ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་བ་བྱོས།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“དྲ་སྦྲེལ+ལྟ་བཤེར”སྟེགས་བུ་དངོས་སུ་ཤར་གཏོང་བྱས་ཤིང་སྤྱི་ཚོགས་ལ་ཁ་ཕྱོགས་ནས་བསམ་འཆར་དང་གྲོས་འགོ་དང་གནད་དོན་གྱི་ཁུངས་སྣེ་བསྡུ་རུབ་བྱེད་བཞིན་ཡོད།
     ཁྱེད་ཀྱིས་ཤེས་སམ། ལས་སྟེགས་དེ་ཤར་གཏོང་བྱས་ནས་སྐར་མ་22སོང་རྗེས“ཏ་ཐུང་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་སྒྲིག་གཞིས་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་བཅོས་འགན་བཅོལ་གྲོན་དངུལ་ཆད་འགྱངས་བྱེད་པའི”ཁུངས་སྣེ་འབྱོར་བ་དང་། དྲ་དམངས་ཀྱིས་སྨན་ཚོང་ཁང་100ལྷག་ཙམ་ལ་འཁོར་རྒྱུག་མ་དངུལ་ཟད་པ་དང་སྒོ་རྒྱག་དགོས་པའི་གནས་ཚུལ་འཕྲད་ཡོད་པ་ཐེར་འདོན་བྱས་ཡོད། གནད་དོན་གྱི་ཁུངས་སྣེ་འབྱོར་བ་ནས་བཟུང་སྨན་ཚོང་ཁང་177གྱི་འགྲོ་གྲོན་ཚང་མ་གཙང་རྩིས་བརྒྱབ་ནས་ཉིན་8ལས་འགོར་མེད།
ཁ་པར་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་བ་བྱེད་ཐུབ།

རྩོམ་སྒྲིག་པ། རྡོ་རྗེ།