ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རླངས་འཁོར་འཇོག་གནས་ཀྱི་རྟགས་གང་འདོད་དུ་བརྒྱབ་ཆོག་གམ།

སྤེལ་དུས 2019-07-12 ཡོང་ཁུངས། ཁྲིམས་ལུགས་ཚགས་པར། རྩོམ་པ་པོ།
          གནས་ཚུལ་ག་འདྲའི་འོག་གཞུང་ལམ་སྟེང་རླངས་འཁོར་འཇོག་གནས་ཀྱི་རྟགས་བརྒྱབ་ཆོག
          བློ་མཐུན་རྩོམ་སྒྲིག་པ་ལགས།
          ཚེ་ཐར་གཏན་སྡོད་བྱས་ཡོད་པའི་གཞིས་ཁུལ་དེ་ནི་གཞིས་ཁུལ་རྙིང་པ་ཞིག་ཡིན་པར་མ་ཟད། དེར་རླངས་འཁོར་འཇོག་གནས་དེ་འདྲའི་མང་པོ་མི་འདུག  ཡིན་ན་ཡང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་འཕེལ་རྒྱས་སུ་སོང་བ་དང་བསྟུན། རླངས་འཁོར་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད་པ་དང་། ཚེ་ཐར་བསྡད་ཡོད་པའི་གཞིས་ཁུལ་ཡང་དེ་ལས་མ་འདས། དེར་བརྟེན། གཞིས་ཁུལ་གྱི་རླངས་འཁོར་འཇོག་གནས་མི་འདང་བའི་གནས་བབ་ཛ་དྲག་ནས་ཛ་དྲག་ཡིན་ལ། སྡོད་དམངས་ཀྱིས་སྔོན་ནས་ཚད་བཀག་ཡོད་པའི་རླངས་འཁོར་འཇོག་གནས་དབྲོག་ཆེད། མི་ཁ་ཤས་ཤིག་གིས་གཞིས་ཁུལ་གྱི་ས་ངོས་གང་རུང་དུ་རླངས་འཁོར་འཇོག་གནས་འཛིན་པ་དང་། དེ་མིན་གཞིས་ཁུལ་གྱི་ཕྱིའི་གཞུང་ལམ་སྟེང་དུའང་རླངས་འཁོར་འཇོག་གནས་བཟུང་བས། རྒྱུན་ལྡན་གྱི་འགྲིམ་འགྲུལ་ཤར་གཏོང་ལ་བར་ཆད་ཚབས་ཆེན་བཟོས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་རླངས་འཁོར་འཇོག་གནས་མ་འདང་ན་སྡོད་དམངས་ཀྱིས་གང་འདོད་སྒོས་རླངས་འཁོར་འཇོག་གནས་ལ་རྟགས་བརྒྱབ་ཆོག་གམ།
ཞེས་སྐར་མ་ཡིས། 

          བློ་མཐུན་སྐར་མ་ལགས།
          མི་དམངས་ཀྱི་འཚོ་བའི་ཆུ་ཚད་འཕེལ་རྒྱས་སུ་སོང་བ་དང་བསྟུན། མི་མང་པོ་ཞིག་ལ་རང་ཉིད་ལ་དབང་བའི་རླངས་འཁོར་རེ་ཡོད་པ་རེད། དེར་མ་ཟད་ང་ཚོས་གྲོང་ཁྱེར་དུའང་རླངས་འཁོར་རིགས་མི་འདྲ་བ་སྣ་ཚོགས་མཐོང་ལམ་དུ་མངོན་ཡོང་། དེ་བས་མི་སུ་དང་གང་གིས་ཀྱང་རླངས་འཁོར་འཇོག་གནས་ལ་བསམ་བློ་མི་གཏོང་ཀ་མེད་རེད། ཚོང་ར་ཆེ་ཤོས་ལ་ལ་དང་སྡེབ་འཚོང་ཚོང་ར་སོགས་ཐུན་མོང་གི་འདུ་ར་རུ་རླངས་འཁོར་འཇོག་ཆེད་རླངས་འཁོར་འཇོག་གནས་ཀྱི་རྟགས་བརྒྱབ་ཡོད་པ་མཐོང་སྲིད། དེ་བས་ཐུན་མོང་གཞུང་ལམ་སྟེང་རླངས་འཁོར་འཇོག་གནས་ལ་རྟགས་བརྒྱབ་ཆོག་གམ་ཞེ་ན།
          གཞུང་ལམ་ལས་དོན་ནི་མང་ཚོགས་ཀྱི་འགྲོ་འོང་སྟབས་བདེ་བཟོ་ཆེད་ཡིན་ཞིང་། གལ་ཏེ་གཞུང་ལམ་སྟེང་རླངས་འཁོར་འཇོག་གནས་སྒྲིག་འགོད་བྱས་ཏེ་མི་རྣམས་ཀྱི་འགྲོ་འོང་ལ་བར་ཆད་བཟོས་ཚེ། གཞུང་ལམ་སྟེང་རླངས་འཁོར་འཇོག་གནས་སྒྲིག་འགོད་བྱ་མི་ཆོག དེ་བས་རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་མི་རྣམས་ཀྱི་རྒྱུན་ལྡན་འགྲོ་འོང་ལ་བར་ཆད་མི་བཟོ་བའི་གནས་ཚུལ་འོག གཞུང་ལམ་སྟེང་རླངས་འཁོར་འཇོག་གནས་སྒྲིག་འགོད་བྱ་ཆོག་པར་གཏན་ཁེལ་བྱས་ཡོད། རང་རྒྱལ་གྱི《འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན33པའི་གཏན་འཁེལ་ལྟར་ན། “ཐུན་མོང་འཛུགས་སྐྲུན་གསར་འཛུགས་དང་བསྐྱར་བཟོ། རྒྱ་བསྐྱེད། ཚོང་ལས་ཁྲོམ་ལམ། སྡོད་ཁུལ་སོགས་འཛུགས་སྐྲུན་བྱ་ཚེ། རླངས་འཁོར་འཇོག་གནས་གཟུག་འོས་ལ། རླངས་འཁོར་འཇོག་གནས་མི་འདང་ཚེ། དུས་ལྟར་བསྐྱར་བཟོ་དང་རྒྱ་བསྐྱེད་འོས། རླངས་འཁོར་འཇོག་གནས་གང་འདོད་དུ་བཀོལ་སྤྱོད་མཚམས་འཇོག་པའམ་ཡང་ན་མི་གཞན་གྱིས་བཀོལ་སྤྱོད་བྱ་མི་ཆོག གྲོང་ཁྱེར་གྱི་ཁྱབ་ཁོངས་སུ།མི་རྣམས་ཀྱི་འགྲོ་འོང་དང་རླངས་འཁོར་གྱི་ཤར་གཏོང་ལ་བར་ཆད་མི་བཟོ་བའི་གནས་ཚུལ་འོག སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རླངས་འཁོར་འཇོག་གནས་ལ་རྟགས་བརྒྱབ་ཆོག”ཅེས་བཀོད་ཡོད།
ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

          མི་སྒེར་ལ་དབང་བའི་ཁང་པའི་གནས་ཚུལ་དྲུག
          1. ཕྱོགས་གཅིག་གིས་གཉེན་སྒྲིག་མ་བྱས་གོང་ལ་སྒེར་ནས་ཁང་པ་ཉོས་པ་དང་། གཉེན་སྒྲིག་མ་བྱས་གོང་ལ་ཁང་པའི་དཔང་ཡིག་བླངས་ཟིན་པར་མ་ཟད་དངུལ་བུན་ཚང་མ་འཇལ་ཚར་བ་ཡིན་ན་ཁྱོ་ཤུག་ཕྱོགས་གཅིག་གི་སྒེར་གྱི་རྒྱུ་ནོར་དུ་གཏོགས།
          2. ཕྱོགས་གཅིག་གིས་གཉེན་སྒྲིག་མ་བྱས་གོང་ལ་སྒེར་ནས་ཁང་པ་ཉོས་པ་དང་། གཉེན་སྒྲིག་མ་བྱས་གོང་ལ་དངུལ་བུན་ཚང་མ་འཇལ་ཚར་མོད། འོན་ཀྱང་གཉེན་བསྒྲིག་རྗེས་ཕྱོགས་གཅིག་གིས་ཁང་པའི་དཔང་ཡིག་བླངས་བར་མ་ཟད་རང་གི་མིང་ཐོག་ཏུ་ཐོ་འགོད་བྱས་པ་ཡང་སྔར་བཞིན་ཁྱོ་ཤུག་ཕྱོགས་གཅིག་གི་སྒེར་གྱི་རྒྱུ་ནོར་དུ་ངོས་འཛིན་བྱ་དགོས་ཏེ། ཕྱོགས་གཞན་པར་བགོ་བཤའ་རྒྱག་པའི་དབང་ཆ་མེད།
          3. གཉེན་བསྒྲིགས་རྗེས་ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་མ་བསྒྲིག་གོང་གི་རྒྱུ་ནོར་གྱིས་ཁང་པ་ཉོས་པ་དང་། ཁང་རིན་ཚང་མ་སྤྲད་ཟིན་པར་མ་ཟད་རང་གི་མིང་ཐོག་ཏུ་ཐོ་འགོད་བྱས་པ་བཅས་གལ་ཏེ་མ་རྩ་གཏོང་བའི་ཚོང་གཉེར་བྱ་སྤྱོད་མིན་ན། ཕྱོགས་ཅིག་ཤོས་ཀྱི་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་གྱི་འགྱུར་ལྡོག་ཏུ་གཏོགས་པས། ཕྱོགས་གཅིག་གི་སྒེར་གྱི་རྒྱུ་ནོར་ཡིན་པར་ངོས་འཛིན་དགོས།
          4. གཉེན་བསྒྲིགས་རྗེས་ཕྱོགས་གཅིག་གི་ཕ་མས་དངུལ་བུན་ཚང་མ་སྤྲད་ནས་བུ་ཕྲུག་ལ་ཁང་པ་ཉོས་པ་དང་། ཁང་པ་ཡང་བུ་ཕྲུག་གི་མིང་ཐོག་ཏུ་ཐོ་འགོད་བྱས་པ་ཡིན་ན། རང་ཉིད་ཀྱི་བུ་ཕྲུག་ཕྱོགས་གཅིག་ཁོ་ནར་འབུལ་བར་བརྩིས་པའང་ཁྱོ་ཤུག་ཕྱོགས་གཅིག་གི་སྒེར་གྱི་རྒྱུ་ནོར་དུ་ངོས་འཛིན་བྱ་དགོས།
          5. མི་སྒེར་གྱིས་གཉེན་སྒྲིག་མ་བྱས་གོང་ལ་ཉོས་པའི་ཁང་པ་དེ་ཕྱོགས་གཅིག་གི་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་དུ་གཏོགས་ལ། དོ་བདག་པར་ཁ་ཆད་གཞན་མེད་ཚེ་བཟའ་འཐོར་བྱེད་སྐབས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྟར་བགོ་བཤའ་རྒྱག་མི་རུང་།
          6. གཉེན་སྒྲིག་མ་བྱས་གོང་ལ་ཕྱོགས་གཅིག་གིས་ཁང་པ་འཛུགས་སྐྲུན་བྱས་ཤིང་། གཉེན་བསྒྲིགས་རྗེས་ཕྱོགས་གཉིས་ཀས་ཐུན་མོང་གིས་བེད་སྤྱོད་བྱས་པ་ལ། གལ་ཏེ་ཕྱོགས་གཉིས་ཀར་དེའི་སྐོར་གྱི་ཁ་ཆད་མེད་ན། ཁང་པ་ནི་གཉེན་སྒྲིག་མ་བྱས་གོང་གི་མི་སྒེར་གྱི་རྒྱུ་ནོར་ལ་གཏོགས་པས། ཁང་པ་འཛུགས་སྐྲུན་བྱེད་མཁན་ཁོ་ནར་དབང་བ་ཡིན། གལ་ཏེ་གཉེན་སྒྲིག་མ་བྱས་གོང་གི་ཁང་པ་ཉོ་བྱེད་དུ་བུ་ལོན་ཡོད་པ་དང་། གཉེན་བསྒྲིགས་རྗེས་བུ་ལོན་ཕྱོགས་གཉིས་ཀས་ཐུན་མོང་གིས་འཇལ་བ་ཡིན་ན། བཟའ་འཐོར་བྱེད་དུས་ཁང་པ་ཐོབ་ཡོད་པའི་ཕྱོགས་དེས་ཕྱོགས་གཞན་པར་བུ་ལོན་སྐྱིན་ཚབ་ཀྱི་ཕྱེད་ཀ་སྟེར་དགོས།
རྩོམ་སྒྲིག་པ། རྡོ་རྗེ།