ལྷ་སའི་གྲོང་མི་རྣམས་དོ་སྣང་བྱེད་རྒྱུ། ཟླ་འདིའི་ཚེས་15ཉིན་ནས་བཟུང་སྤྱི་ཚོགས་འགན་བཅོལ་བྱང་བུ་སྤྱད་དེ་སྤྱི་སྤྱོད་རླངས་འཁོར་བསྡད་ན་རིན་སྐར་1ལས་སྤྲོད་མི་དགོས།
སྤེལ་དུས 2019-08-14
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྱི་ཚོགས་འགན་བཅོལ་བྱང་བུ་བེད་སྤྱོད་ཀྱི་རྣམ་པ་གསར་བ་གཏོད་པ་དང་ལྷ་སའི་རྒྱ་ཆེའི་གྲོང་མི་རྣམས་སྤྱི་སྤྱོད་རླངས་འཁོར་ལ་སྡོད་རྒྱུར་སྟབས་བདེ་བསྐྲུན་ཆེད། ཉེ་དུས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། དངུལ་ཁང་མཉམ་ལས་བོད་ལྗོངས་ཡན་ལག་ཀུང་སི། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུས་རྩ་གཉིས་ཨང་རྟགས་བཤེར་ནས་སྤྱི་སྤྱོད་རླངས་འཁོར་ནང་སྡོད་པའི་རེ་ཞུ་བྱེད་ཆོག་པའི་བྱེད་སྒོ་ཁྱབ་གདལ་བཏང་བ་རེད། ཟླ་8པའི་ཚེས་15ཉིན་ནས་བཟུང་ལྷ་སའི་གྲོང་མིས་སྤྱི་ཚོགས་འགན་བཅོལ་བྱང་བུ་ལས་རིན་སྐར་1རེ་སྤྲད་དེ་ལྷ་ས་གྲོང་ཁུལ་གྱི་ལམ་ཁག་སོ་སོའི་སྤྱི་སྤྱོད་རླངས་འཁོར་ནང་སྡོད་ཆོག་པ་རེད།
བྱེད་སྒོའི་དུས་ཚོད་ནི་2019ལོའི་ཟླ་8པའི་ཚེས་15ཉིན་ནས་2019ལོའི་ཟླ་11པའི་ཚེས་15ཉིན་བར་ཡིན།
བེད་སྤྱོད་ཀྱི་ཆ་རྐྱེན། སྤྱི་ཚོགས་འགན་བཅོལ་བྱང་བུའི་དངུལ་རྩའི་ཐོ་ཁོངས་ནང་ཞུགས་བྱས་ཟིན་པའི་མི་སྒེར་གྱིས་སྣོན་འཇུག་བྱས་པའི་ཞིང་ལས་དངུལ་ཁང་དང་འཛུགས་སྐྲུན་དངུལ་ཁང་། བཟོ་སྐྲུན་དངུལ་ཁང་། ཀྲུང་གོ་དངུལ་ཁང་། བོད་ལྗོངས་དངུལ་ཁང་། ཀོང་ཏ་དངུལ་ཁང་། སྦྲག་སྲིད་དངུལ་ཁང་། དམངས་འཚོ་དངུལ་ཁང་། ཀྲུང་གོའི་ཡིད་རྟོན་དངུལ་ཁང་བཅས་ཀྱི་དངུལ་རྩའི་ནུས་པ་ལྡན་པའི་སྤྱི་ཚོགས་འགན་བཅོལ་བྱང་བུ་བཅས་ཚུད་ཡོད་པ་རེད།
གཟིགས་སྐྱོང་བྱེད་སྟངས། ལྷ་སའི་སྤྱི་ཚོགས་འགན་བཅོལ་བྱང་བུ་སྤྱད་དེ་གྲོང་ཁུལ་གྱི་ལམ་ཁག་སོ་སོའི་སྤྱི་སྤྱོད་རླངས་འཁོར་ནང་སྡོད་ཐེངས་རེར་རིན་སྐར་1ལས་མི་དགོས་པ་དང་ཉིན་རེར་ཐེངས་4ལ་ལོངས་སུ་སྤྱད་ཆོག
རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཆ་འཕྲིན་ལྟེ་གནས་ཀྱི་ལས་དོན་མི་སྣས་གསན་འདེབས་ལྟར་ན། སྤྱི་ཚོགས་འགན་སྲུང་བྱང་བུ་བླངས་ཟིན་པ་དང་དངུལ་རྩའི་ནུས་པ་ཡོད་པའི་བྱང་བུ་བདག་གིར་འཛིན་མཁན་གྱིས་དངུལ་རྩའི་ཐོ་ཁོངས་སུ་དངུལ་ལྷག་ཡོད་ཚེ་གཞན་གང་ཡང་བསྒྲུབ་མི་དགོས་པར་ཐད་ཀར་བྱང་བུ་སྤྱད་ཆོག སྤྱི་ཚོགས་འགན་བཅོལ་བྱང་བུ་བླངས་ཀྱང་དངུལ་རྩའི་ནུས་པ་མེད་པའི་བྱང་བུ་བདག་གིར་འཛིན་མཁན་གྱིས་རང་ཉིད་སོ་སོའི་སྤྱི་ཚོགས་འགན་བཅོལ་བྱང་བུ་དང་ཐོབ་ཐང་ལག་ཁྱེར་འཁྱེར་ནས་དེ་འབྲེལ་གྱི་མཉམ་ལས་དངུལ་ཁང་གི་ལས་སྟེགས་སུ་ཕྱིན་ནས་ཐོ་འགོད་བྱེད་དགོས། སྤྱི་ཚོགས་འགན་བཅོལ་བྱང་བུ་བླངས་མེད་པའི་བྱང་བུ་འཁྱེར་མཁན་གྱིས“བོད་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་བྱང་བུའི”འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་ནས་“ལས་སྒྲུབ་ཚོམས་ཆེན—བྱང་བུ་བཟོ་བའི་མྱུར་ཚད”ཀྱི་རང་འདེམས་འདྲི་རྩད་ནང་ཞུགས་ཆོག་པ་དང་ཆབས་ཅིག 0891—12333ལ་ཁ་པར་བཏང་ནས་བློ་འདྲི་བྱེད་ཆོག་པ་རེད། སྤྱི་ཚོགས་འགན་སྲུང་བྱང་བུ་ཡི་གྲངས་གཞི་འཚོལ་བསྡུ་བྱས་མེད་པའི་འགན་བཅོལ་ནང་ཞུགས་མཁན་གྱིས“བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུའི” འཕྲིན་ཕྲན་སྤྱི་སྟེགས་ལ་བརྟེན་ནས“ལས་སྒྲུབ་ཚོམས་ཆེན—གྲངས་གཞི་བསྡུ་སྒྲུབ”ནང་ནས་རང་འགུལ་ངང་འཚོལ་བསྡུ་བྱེད་ཆོག་ལ་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་གཉེར་ལས་ཁུངས་སུ་ཕྱིན་ནས་འཚོལ་བསྡུ་བྱས་ནའང་ཆོག་པ་རེད།
དོ་སྣང་བྱེད་དགོས་པ་ཞིག་ལ། སྤྱི་ཚོགས་འགན་སྲུང་བྱང་བུ་ལ་སྐར་1སྤྲད་ནས་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པར་ཉིན་རེའི་གྲངས་འབོར་ལ་ཚད་ཡོད་པ་དང་། དེའི་མཇུག་མཐའི་འགྲེལ་བཤད་དབང་ཆ་ཡོད་ཚད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཆ་འཕྲིན་ལྟེ་གནས་ན་ཡོད།