ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཉེས་ཅན་འདི་རིགས་ལ་སྲོག་ཁྲིམས་གཅོད་རྒྱུ་རེད།

སྤེལ་དུས 2019-10-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ན་སོ་དར་ལ་མ་བབས་པའི་མི་བསད་པའི་ཉེས་ཅན་ཁག་ཅིག་ལ་སྲོག་ཁྲིམས་གཅོད་རྒྱུ་རེད།

          སྤྱི་ཟླ་10ཚེས་23ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་ཉེས་དོན་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གནས་ཚུལ་སྙན་སྒྲོན་ཞུ་སྐབས་ན་སོ་དར་ལ་མ་བབས་པའི་མི་བསད་པའི་ནག་ཉེས་ཚབས་ཆེན་བསགས་མཁན་ཁག་ཅིག་ལ་ཁྲིམས་ལྟར་ཞིབ་བཤེར་ཆོག་མཆན་སྤྲད་པ་དང་འབྲེལ་སྲོག་ཁྲིམས་ལག་བསྟར་བྱ་དགོས་ཞེས་བསྟན་ཡོད།
          ཀྲོའུ་ཆང་གིས་བརྗོད་པར། སློབ་གྲྭའི་བདེ་འཇགས་དེ་རྒྱ་ཆེའི་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་མིན་དང་འབྲེལ་བ་ཡོད་ལ། ཁྱིམ་ཚང་ཁྲི་སྟོང་གི་བདེ་སྐྱིད་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས། དེ་ནི་མི་རྣམས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པའི་དམངས་འཚོ་ཞིག་རེད། 2014ལོ་ནས་བཟུང་མི་དམངས་ཁྲིམས་ཁང་གིས་སློབ་མར་དམིགས་པའི་དྲག་ཤུགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་ཀྱིན་ཡོད་ཅིང་། ཉེས་པ་ཤིན་ཏུ་ཚབས་ཆེན་བསགས་པ་དང་མང་ཚོགས་ཀྱིས་ཞེ་འཁོན་ཆེན་པོ་བྱེད་པའི་ན་སོ་དར་ལ་མ་བབས་པའི་མི་བསད་པའམ་རྨས་སྐྱོན་བཏང་བའི་ཉེས་ཅན་ཁག་ཅིག་ལ་ཁྲིམས་ལྟར་ཞིབ་བཤེར་ཆོག་མཆན་སྤྲད་པ་དང་འབྲེལ་སྲོག་ཁྲིམས་ལག་ལེན་དུ་བསྟར་ཡོད།
          དེ་མིན་གཞན་ད་དུང་སློབ་གསོ་པུའུ་སོགས་དང་མཉམ་དུ་སློབ་གྲྭའི་བརྙས་བཅོས་འགོག་བཅོས་ཀྱི་བསམ་འཆར་པར་འགྲེམས་བྱས་ཡོད་ཅིང་། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར་མཉམ་འབྲེལ་ཐོག་བཏོན་ནས་སློབ་གྲྭའི་བདེ་འཇགས་དོན་རྐྱེན་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སློབ་གྲྭར་སྐོར་འགོག་བྱེད་པ་དང་ཟིང་ཆ་སློང་བ་སོགས་“སློབ་གྲྭའི་ཟིང་སློང་”གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་སློབ་གྲྭ་དང་དགེ་སློབ་ཡོངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་དགོས། སློབ་གྲྭ་ནི་ཆེས་ཉི་འོད་ཞི་འཇམ་དང་ཆེས་བདེ་འཇགས་ཀྱི་གནས་སུ་འགྱུར་བར་འབད་བརྩོན་བྱ་དགོས།
          ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་དང་དྲ་སྦྲེལ་བརྒྱུད་ཚོང་སོགས་མང་ཚོགས་དང་འབྲེལ་བ་ཆེ་བའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་བཅད་པར་ཡང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། སྙན་ཞུ་ལས་མངོན་པར། 2014ལོ་ནས་བཟུང་ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་དང་དྲ་སྦྲེལ་བརྒྱུད་ཚོང་སོགས་མང་ཚོགས་དང་འབྲེལ་བ་ཆེ་བའི་ཉེས་གསོག་གི་ཁྱབ་ཁོངས་རྒྱ་ཆེ་ཞིང་གནོད་འཚེ་ཕོག་པའི་མང་ཚོགས་མང་བ། གྱོད་འབྲེལ་དངུལ་འབོར་ཆེ་བ་བཅས་ཡིན་པས་དྲ་ཐོག་ཏུ་འཕེལ་ཕྱོགས་མངོན་གསལ་དོད་ཅིང་། དྲ་ཐོག་དང་དྲ་ཕྱིའི་ཁྱབ་སྤེལ་མྱུར་ཚད་མགྱོགས་པ། སྤྱི་ཚོགས་ལ་གནོད་འཚེ་ཆེན་པོ་ཡོད་པ་བཅས་ཡིན།
ཁྲིམས་ཁང་རིམ་པ་ཁག་གིས་འབྲེལ་ཡོད་གྱོད་གཞི་ཁྲི་6.5འདྲི་གཅོད་བྱས་ཡོད་ཅིང་། ཉེས་ཅན་ཁྲི་10.8ལ་ཉེས་ཆད་བཅད་ཡོད། དེ་བཞིན་“eབོགས་གཏོང་”དང“ཧྥན་ཡ་”སོགས་ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་དང་བརྒྱུད་འཚོང་བྱེད་སྒོར་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་པའི་ཉེས་གསོག་གྱོད་གཞི་ཁག་གཅིག་ཁྲིམས་ལྟར་འདྲི་ཞིབ་འོས་འཚམ་བྱས་ཡོད།
          ཀྲོའུ་ཆང་གིས་མུ་མཐུད་དུ་བསྟན་དོན། ཉེས་ཅན་པར་དཔལ་འབྱོར་ཐད་ཕན་པ་གཏན་ནས་ཐོབ་ཏུ་འཇུག་མི་རུང་སྟེ། རྒྱུ་ནོར་གྱི་ཁྲིམས་ཆད་བེད་སྤྱོད་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱུ་ནོར་གྱི་ཁྲིམས་ཆད་ཀྱིས་དཔལ་འབྱོར་ཐད་ཀྱི་ཉེས་གསོག་བཀག་འགོག་དང་ནག་ཉེས་བསྐྱར་གསོག་བྱེད་ནུས་བཙན་འཕྲོག་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དེ་དང་ཆབས་ཅིག་གྱོད་འབྲེལ་རྒྱུ་ནོར་བདའ་འདེད་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ཕན་ལ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གྱོང་གུན་དངོས་ཆུང་དུ་གཏོང་གང་ཐུབ་བྱ་དགོས།
རྩོམ་སྒྲིག་པ། བོ་དོང་བདེ་སྒྲོལ།