ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་མེད་དང་གནོད་འཚེ་བཏང་བའི་དཔེ་མཚོན་གྱོད་དཔེ་ལྔ་བརྡ་ཁྱབ་བཏང་བ།

སྤེལ་དུས 2019-10-31 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་སྣང་མེད་དང་གནོད་འཚེ་བཏང་བའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་མེད་དང་གནོད་འཚེ་བཏང་བའི་དཔེ་མཚོན་གྱོད་དཔེ་ཁག་5བརྡ་ཁྱབ་བཏང་བ་རེད།
           མངའ་རིས་ས་ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྲིད་ཇུས་མ་དངུལ་འགན་ལེན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དམ་ཆོས་ཀྱིས་སྲིད་ཇུས་ལག་བསྟར་བྱེད་རིང་འགན་འཛོལ་དང་འགན་ཤོར་བྱུང་བའི་གནད་དོན། 2017ལོར་དམ་ཆོས་ཀྱིས་མངའ་རིས་ས་ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྲིད་ཇུས་མ་དངུལ་འགན་ལེན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བྱེད་རིང་། 《བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》ནོར་ནས་ལག་བསྟར་བྱས་པས།  སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དང་གསར་དུ་སྐྱེས་པའི་ཕྲུ་གུ་ཚང་མར་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལོངས་སུ་སྤྱོད་ཐུབ་མེད་པ་དང་དུས་མཚུངས། དམ་ཆོས་ལ་ད་དུང་འགན་འཁྲི་ལག་བསྟར་ཡང་དག་མ་བྱས་པའི་རྐྱེན་གྱིས་དབུལ་སྐྱོར་མ་དངུལ་རང་སོར་ལུས་པའི་གནད་དོན་ཡོད་པ་རེད། དེས་ན། 2019ལོའི་ཟླ་5པར་དམ་ཆོས་ལ་ཏང་ནང་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
           ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་བསོད་ནམས་ཚེ་བརྟན་གྱིས་ལས་ཀའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན། 2014ལོ་ནས་2016ལོ་བར་བསོད་ནམས་ཚེ་བརྟན་གྱིས་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་བྱེད་རིང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་བྱེད་ལམ་གསར་པའི་རྒན་གསོའི་དངུལ་བསྡུ་བའི་ལས་དོན་སྤེལ་སྐབས་རྒན་གསོ་འགན་བཅོལ་གྱི་དངུལ་བསྡུས་པའི་ཐོག་མའི་དཔྱད་གཞི་ཁག་གཅིག་བརླགས་པ་དང་དེ་རྗེས་ཞིབ་དཔྱད་མ་བྱས་པར་རང་དགར་རྒན་གསོ་འགན་བཅོལ་གྱི་དངུལ་བསྡུས་པའི་ཟིན་ཐོ་ཁ་གསབ་བྱས་རྐྱེན། ཆུ་ཤུར་གྲོང་རྡལ་གྱི་རྒན་གསོ་འགན་བཅོལ་གྱི་དངུལ་དེབ་ཀྱི་ཟིན་ཐོ་དང་མི་སྤྱི་ཅུས་ཀྱི་རྒན་གསོ་འགན་བཅོལ་ཁོངས་གཏོགས་ཀྱི་དངུལ་འཇལ་གྱི་ཟིན་ཐོའི་དབར་ཧེ་བག་སྒོར་ཁྲི་13.6ཤོར་ནས་ཤུགས་རྐྱེན་ངན་པ་བཟོས་ཡོད། དེས་ན། 2019ལོའི་ཟླ་8པར་བསོད་ནམས་ཚེ་བརྟན་ལ་ཏང་ནང་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་རེད།
           ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཞིང་འབྲོག་ཚན་རྩལ་ཞབས་ཞུའི་ས་ཚིགས་ཀྱི་དེ་སྔའི་ཀྲེན་ཀྲང་ཚེ་རིང་ཆོས་སྒྲོན་གྱིས་སྒྲིག་འགལ་ངང་རིན་སྤྲོད་མི་དགོས་པའི་སྨན་རྫས་བཙོངས་པའི་གནད་དོན། 2014ལོ་ནས་2016ལོ་བར་ཚེ་རིང་ཆོས་སྒྲོན་གྱིས་ལྷ་རི་རྫོང་ཞིང་འབྲོག་ཚན་རྩལ་ཞབས་ཞུའི་ས་ཚིགས་ཀྱི་ཀྲེན་ཀྲང་བྱེད་རིང་། རྫོང་ཞིང་འབྲོག་ཚན་རྩལ་ཞབས་ཞུའི་ས་ཚིགས་ཀྱིས་མང་ཚོགས་ལ་རིན་སྤྲོད་མི་དགོས་པར་སྟེར་དགོས་པའི་སྨན་རྫས་སྒྲིག་འགལ་ངང་ཕྱིར་ཚོང་བྱས་ཏེ་ཁེ་བཟང་སྒོར་ཁྲི་4ལྷག་ཙམ་བླངས་པས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཕོག་ཡོད། དེ་དང་དུས་མཚུངས། ཚེ་རིང་ཆོས་སྒྲོན་ལ་ད་དུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཐོན་ཡོད། དེས་ན། 2019ལོའི་ཟླ་3པར་ཚེ་རིང་ཆོས་སྒྲོན་ལ་ཏང་ནང་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་དང་སྲིད་དོན་གྱི་སྐྱོན་ཐོ་འགོད་པའི་ཆད་པ་བཅད་པ་རེད།
           ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཁམས་རགས་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་དབང་འདུས་ཀྱིས་སྒྲིག་འགལ་ངང་མཉམ་སྡེབ་ཀྱི་ས་ཞིང་ཉོ་ཚོང་བྱས་པའི་གནད་དོན། 2009ལོ་ནས་2012ལོ་བར་པ་སངས་དབང་འདུས་ཀྱིས་ཁྲིམས་འགལ་ངང་མཉམ་སྡེབ་ས་ཞིང་ཁྱོན་སྨི་ངོས་གྲུ་1560.13ཉོ་ཚོང་བྱས་ནས་མི་སྒེར་ལ་ཁེ་བཟང་སྒོར་ཁྲི་8.3རག་ཐབས་བྱས་པ་དང་དུས་མཚུངས། པ་སངས་དབང་འདུས་ལ་ད་དུང་སྒྲིག་འགལ་གནད་དོན་གཞན་དག་ཡོད་པ་རེད། དེས་ན། 2019ལོའི་ཟླ་6པར་པ་སངས་དབང་འདུས་ལ་ཏང་ནང་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།
           གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཨོ་ལོ་བུ་ཆུང་དང་། པད་སྡིངས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་རྒོད་སྐྱེས། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཨ་ཆུང་། ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ལྷ་དབང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཕུན་བཅས་ཀྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ས་ཆ་བསྡུས་པའི་ཁ་གསབ་དངུལ་གཞན་སྤྱོད་བྱས་པའི་གནད་དོན། 2018ལོའི་ཟླ་1པོར་བྲག་མཇུག་ཤང་པད་སྡིངས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་རྒོད་སྐྱེས་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཨ་ཆུང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ལྷ་དབང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཕུན་བཅས་ཀྱིས་གྲོས་བསྡུར་བྱས་རྗེས་པད་སྡིངས་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ས་ཆ་བསྡུས་པའི་ཁ་གསབ་དངུལ་སྒོར་ཁྲི་20དེ་དག་བྲག་མཇུག་ཤང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཨོ་ལོ་བུ་ཆུང་ལ་ཁང་པ་ཉོ་བྱེད་དུ་གཡར་ཡོད། 2019ལོའི་ཟླ་9པར་ཨོ་ལོ་བུ་ཆུང་ལ་ཏང་ནང་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་། ཉི་མ་རྒོད་སྐྱེས་དང་། ཨ་ཆུང་། ལྷ་དབང་། བཀྲ་ཕུན་བཅས་མི་བཞི་པོར་ཏང་ནང་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།
           བརྡ་ཁྱབ་ནང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་གོང་མཐོར་གཏོང་བ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་ཆེད་དོན་བཅོས་སྒྲིག་བྱེད་དགོས་ལ།  དེའི་རིང་བྱུང་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དེ་དག་ལམ་ལུགས་ཀྱི་རྣམ་པར་བརྟེན་ནས་བརྟན་དུ་བཏང་ཐོག་བཅོས་སྒྲིག་གི་ཕན་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་བྱས་འདུག
རྩོམ་སྒྲིག་པ། བདེ་སྒྲོལ།