“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མེ་སྐྱོན་ཐོན་སླ་བའི་དུས་སུ་སླེབས་པས་འདི་དག་ངེས་པར་ཤེས་དགོས།

སྤེལ་དུས 2019-12-23 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          དགུན་དུས་ནི་མེ་སྐྱོན་ཐོན་མང་བའི་དུས་ཚིགས་ཤིག་ཡིན་ཞིང་། གནམ་གཤིས་གྲང་ངར་ཆེ་བས་མེ་གཏོང་བ་དང་གློག་སྤྱོད་མཁན་ཧ་ཅང་མང་དུ་སོང་བས་མེ་ཤོར་བའི་རྒྱུ་རྐྱེན་ཡང་མང་དུ་འགྲོ་ཡི་ཡོད། མེ་སྐྱོན་མང་པོའི་ཁྲོད་ནས་ཁྱིམ་ཚང་མེ་སྐྱོན་གྱི་བསྡུར་ཚད་ཧ་ཅང་མཐོ་བས་དགུན་དུས་མེ་སྐྱོན་སྔོན་འགོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡོད།
          མེ་དང་གློག སོལ་རླངས་བཅས་བདེ་འཇགས་ངང་སྤྱོད་དགོས།

          དགུན་དུས་སྐམ་ཤས་ཆེ་ཁར་མེ་དང་། གློག སོལ་རླངས་བཅས་སྤྱོད་མཁན་མང་དུ་སོང་བས་མེ་སྐྱོན་ཐོན་སླ་པོ་ཡོད་པ་སྟེ། གཅིག་ནས་གློག་དང་སོལ་རླངས་འཁྲིད་པའི་སྐུད་ལམ་ཚད་དང་མཐུན་པ་ཞིག་དགོས་པ་དང་། གློག་སྐུད་གང་བྱུང་དུ་མི་འཁྲིད་པ་དང་། དུས་བཀག་བཞིན་གློག་དང་སོལ་རླངས་ཀྱི་སྐུད་ལམ་ལ་ཞིབ་བཤེར་བྱས་ཏེ་གློག་འགོག་འགྱིག་ཤུན་རལ་བ་དང་རྙིང་པ་ཆགས་པའི་གློག་སྐུད་དུས་ཐོག་ཏུ་བརྗེ་དགོས། གཉིས་ནས་ཚད་གཞི་དང་མཐུན་པའི་གློག་ཆས་ཉོ་དགོས། ཉོ་སྒྲུབ་བྱེད་སྐབས་ཚོང་ཟོག་གི་མཚོན་རྟགས་དང་སྤུས་ཚད་ར་སྤྲོད་ལ་ཞིབ་ཕྲ་བལྟས་ཏེ་ཐོན་སྐྱེད་ཀྱི་དུས་ཚོད་དང་། སྤུས་ཚད་ཚད་ལོན་གྱི་ལག་ཁྱེར། ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་བཅས་བཀོད་མེད་པའི་རིགས་ཉོ་མི་རུང་། གསུམ་ནས་གློག་ཆས་ཡང་དག་སྤྱོད་དགོས། གློག་ཆས་སྤྱོད་སྐབས་སྔོན་ནས་ཐོན་རྫས་ཀྱི་གསལ་བཤད་ཡི་གེ་བཀླགས་ཏེ་ཚད་བཅད་གློག་ཚད་དང་། ཚད་བཅད་གློག་གནོན། སྤྱོད་ཡུན་བཅས་དང་དེ་བཞིན་དོ་སྣང་བྱེད་དགོས་རིགས་ལ་ཡིད་གཟབ་བྱེད་དགོས།
          གློག་དྲོད་ཡོ་ཆས་སྤྱོད་སྐབས་ཡིད་གཟབ་བྱེད་དགོས།

          གློག་གི་ཚ་གདན་སྤྱོད་སྐབས་མ་ཉལ་གོང་ངེས་པར་དུ་གློག་བསད་དགོས་པ་དང་། ལྟེབ་རྩེག་བརྒྱབ་ནས་སྤྱོད་མི་རུང་ལ་ཐད་ཀར་ལུས་ལ་སྦྱར་ནས་སྤྱོད་མི་རུང་བར་དེའི་སྟེང་མལ་གདན་སྲབ་མོ་ཞིག་བཏིང་སྟེ་གློག་གི་ཚ་གདན་ལས་མིའི་ལུས་པོར་གནོད་འཚེ་མི་ཕོག་པ་བྱེད་དགོས། གློག་ཆས་ཁང་པ་ཐོག་མེད་པ་དང་རུལ་སླ་བའི་ས་ཆར་བསྒར་མི་རུང་། གློག་ཆས་དང་བསྒར་སྣེ་མཐུད་སར་འབྲེལ་ཚགས་པོ་དགོས་པ་དང་། ལྷག་པར་དུ་གློག་སྐུད་ཤུན་མེད་ཀྱིས་བསྒར་སྣེའི་ཚབ་བྱེད་མི་རུང་། གློག་དྲོད་ཡོ་ཆས་སྣ་ཚོགས་བེད་སྤྱོད་སྐབས་དེ་ནས་ཁ་བྲལ་མི་རུང་།
          མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གཏན་འགོག་བྱེད་དགོས།

          ཉལ་ཁྲིའི་སྟེང་ཉལ་ནས་ཐ་མག་མི་འཐེན་པ་དང་ལྷག་དོན་དུ་ཆང་རག་བཏུངས་རྗེས་དང་། མ་ཉལ་གོང་། ངལ་དུབ་སྐབས་བཅས་ལ་ཉལ་ཁྲིའམ་ཡང་ན་འབོལ་གདན་སྟེང་ཐ་མག་འཐེན་མི་རུང་། རྒྱུན་ལྡན་གྱི་འཚོ་བའི་ནང་། ཐ་མག་འཐེན་པ་ལས་མེ་སྐྱོན་ཐོན་སླ་པོ་ཡོད། ཐ་མག་གི་དུ་ཐལ་སྤྲུག་སྐབས་མེ་སྟག་གིས་མེ་སྐྱོན་ཐོན་སླ་བ་དང་། འབར་དངོས་སྐམ་པོའི་ཐོག་ལྷུང་ན་དེ་མཚུངས་ཀྱི་མེ་སྐྱོན་ཐོན་ངེས་ཡིན། གྲངས་གཞི་ལས་མངོན་པར། ལོ་ལྟར་ཉལ་ཁྲིའི་སྟེང་ཐ་མག་འཐེན་ནས་མེ་སྐྱོན་བྱུང་བའི་གྱོད་གཞི་མང་པོ་ཐོན་གྱི་ཡོད།
          ཉམས་ཞན་ཚོགས་སྤྱིའི་བདེ་འཇགས་ལ་དོ་ཁུར་བྱེད་དགོས།

          བགྲེས་སོང་རྣམས་ན་ཚོད་རྒས་པ་དང་ཆབས་ཅིག་འགྲོ་སྐྱོད་སྟབས་མི་བདེ་བ་དང་རིག་པ་གསལ་པོ་མེད། དེར་བརྟེན་མེ་སྐྱོན་ཐོན་རྗེས་རྒན་རྒོན་ཚོ་དངངས་སྐྲག་སྐྱེས་ན་དེ་བས་ཀྱང་གོམ་པ་སྤོ་མི་ཐུབ་པས་རྨས་སྐྱོན་ཕོག་སླ། མ་ཟད་བརྗེད་ངད་ཆེ་བའི་རྐྱེན་གྱིས་ཁ་ལག་བཟོས་ཚར་རྗེས་མེ་བསད་རྒྱུ་རྗེས་ནས་སླར་ཡང་ལས་ཀ་གཞན་ཞིག་བྱེད་པ་དང་། སྐབས་རེ་གློག་དྲོད་ཡོ་ཆས་དང་བརྙན་འཕྲིན་ཁ་ཕྱེས་ནས་ཉལ་བ་སོགས་ཀྱི་རྐྱེན་པས་མེ་སྐྱོན་འབྱུང་སླ་པོ་ཡོད། དེར་བརྟེན། མེ་དང་། སོལ་རླངས། གློག་བཅས་སྤྱོད་པའི་ཐད་བགྲེས་སོང་ཚོར་དེ་བས་ལྟ་སྐྱོང་ཡག་པོ་བྱེད་དགོས། རབ་བྱུང་ན་སོལ་རླངས་ཐབ་དང་ཁྱིམ་སྤྱོད་གློག་ཆས་སོགས་ཀྱི་མངོན་གསལ་ཆེ་སར“ཁ་རྒྱག་རོགས”ཞེས་ཡི་གེ་སྦྱར་ནས་དྲན་སྐུལ་བྱས་ན་བཟང་།
          སྲོག་ཉེན་ལས་གཡོལ་ཐབས་ཀྱི་ཡང་དག་ཤེས་བྱ་ངེས་དགོས།

          མེ་སྐྱོན་ཚོད་འཛིན་བྱེད་ཐབས་བྲལ་སྐབས། 90%ཡན་གྱི་མེ་འབར་སའི་མི་སྣ་དག་བདེ་འཇགས་ངང་སྲོག་ཉེན་ལས་གཡོལ་ཐུབ། གལ་སྲིད་ཁྱེད་རང་མེ་འབར་ས་ནས་ཕྱིར་དོན་དཀའ་ཚེ་དངངས་སྐྲག་མེད་པར་ཐར་ཐབས་བྱེད་དགོས། དུ་བའི་ནང་ཐར་ཐབས་བྱེད་སྐབས་གོག་བགྲོད་བྱས་ནས་ཨ་ཅོར་རློན་པས་ཁ་སྣ་བཀབ་སྟེ་དབུགས་གཏོང་ཐབས་བྱེད་དགོས། ཉལ་ཆས་རློན་པ་དང་གྱོན་ཆས་ལུས་པོར་གཡོགས་ནས་རློན་ཆིལ་ཆིལ་བཟོ་དགོས། ལུས་ལ་མེ་འབར་ན་རྒྱུག་ཤར་གློད་མི་རུང་བར་ས་ཐོག་ཏུ་འགྲེ་ལོག་རྒྱག་པའམ་ཡང་ན་གྱོན་པ་མཐུག་པོས་མེ་གསོད་དགོས། གལ་སྲིད་སྒོ་ནས་ཕྱིར་ཐར་ཐབས་བྱེད་སྐབས། ཉལ་གདན་སོགས་བེད་སྤྱད་ནས་ཐག་པ་བཟོས་ཏེ་ཐོག་རྩེ་ནས་ཐར་ཐབས་བྱེད་དགོས། འོན་ཀྱང་གློག་སྐས་ལ་གཏན་ནས་སྡོད་མི་རུང་།
རྩོམ་སྒྲིག་པ། བདེ་སྒྲོལ།