“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁོང་ཚོས་ལས་མིའི་འགྱངས་ཆད་གླ་ཆ་སྒོར་ཁྲི20ལྷག་ཙམ་ལེན་རོགས་བྱས་འདུག

སྤེལ་དུས 2019-12-23 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
           མང་ཚོགས་ཀྱི་ཁེ་ཕན་ནི་དོན་ཆུང་ཞིག་མ་ཡིན། ཁྲིམས་འཛིན་གྱི་མི་ཆོས་ཀྱི་ཐུགས་ཁུར་དངོས་ཚོར་བ་བྱ་ཆེད། རང་ལྗོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་དང་ཐབས་ལམ་སྣ་མང་སྤྱད་ནས་ཞིང་པ་ལས་མིའི་གླ་ཆ་དང་འབྲེལ་བའི་དམངས་འཚོའི་གྱོད་གཞི་ཐག་གཅོད་བྱས་ཏེ། ཞིང་པ་ལས་མིར་གླ་ཆ་འདེད་རོགས་བྱེད་པའི་ཆེད་དོན་ཁེ་དབང་སྲུང་སྐྱོང་གི་ལས་དོན་དེ་གཙོ་གནད་ལས་དོན་ལ་བརྩིས་ནས་དམ་འཛིན་ནན་པོ་བྱས་ཤིང་། འདྲི་གཅོད་སྡེ་ཚན་དང་ཁྲིམས་འཛིན་དང་སྲིད་འཛིན་སྡེ་ཚན་དབར་གྱི་ཁྲིམས་འཛིན་སྦྲེལ་མཐུད་ཀྱིས་མཉམ་ཤུགས་ཆགས་པར་བྱས་ཏེ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ཡོད་པ་རེད།
སྙེ་མོ་རྫོང་ཁྲིམས་ཁང་གིས་ཆུ་ཚོད་གཅིག་ནང་གླ་ཆ་སྒོར་ཁྲི་4.5ལེན་རོགས་བྱས་པ།

           2019ལོའི་ལོ་འགོར། གཞིས་རྩེར་སྡོད་མཁན་ནོར་ཆེ་གེ་མོ་སོགས་ཞིང་པ་ལས་མི་7གྱིས་སྙེ་མོ་རྫོང་གི་འགན་ལེན་ལས་དཔོན་བསོད་ཆེ་གེ་མོ་དང་མཉམ་དུ་བསོད་ཆེ་གེ་མོས་འགན་གཙང་བླངས་པའི་ལས་གྲྭར་བྱེ་རྡོ་དབོར་གྱི་ཡོད། ཟླ་ཤས་དཀའ་སྤྱད་ལས་སྒྲུབ་བྱས་རྗེས་བསོད་ཆེ་གེ་མོས་འགན་གཙང་བླངས་པའི་ལས་གྲྭ་བདེ་བླག་ངང་ལས་མཇུག་བསྒྲིལ་བ་རེད།
           ཡིན་ནའང་། ནོར་ཆེ་གེ་མོ་སོགས་ཀྱིས་བསོད་ཆེ་གེ་མོར་གླ་ཆའི་སྐོར་སྐད་ཆ་འདྲི་སྐབས། བསོད་ཆེ་གེ་མོས་གནས་སྐབས་མ་དངུལ་ཁ་ཐང་བར་ཁ་གཡར་ཏེ་ནོར་ཆེ་གེ་མོ་སོགས་ལ་ཆད་འཛིན་བྲིས་ནས། མགྱོགས་མྱུར་ཆད་དངུལ་སྤྲོད་རྒྱུའི་ཁས་ལེན་ཡང་བྱས་པ་རེད། འོན་ཀྱང་། ཕ་ཡུལ་དུ་ལོག་རྗེས་ཁོང་ཚོས་བསོད་ཆེ་གེ་མོར་འགྱངས་ཆད་ཀྱི་གླ་ཆ་སྤྲོད་རོགས་ཞེས་ཐེངས་མང་བརྗོད་ནའང་། བསོད་ཆེ་གེ་མོས་རྟག་ཏུ་ཁ་གཡར་ས་མང་པོ་བཙལ་ནས་ཁག་དཀྲི་བྱེད་པ་ལས་གླ་ཆ་རྩ་བ་ནས་སྤྲད་མེད།
           ལོ་མཇུག་ཏུ་སླེབས་ཉེའི་མཚམས་སུ། ལས་མི་7པོ་འུ་ཐུག་ཐབས་ཟད་ཀྱིས་སྙེ་མོ་རྫོང་དུ་ཡོང་ནས་བསོད་ཆེ་གེ་མོ་ཁྲིམས་ལ་སྦྱར།
           གྱོད་གཞི་བདག་སྤྲོད་བྱས་རྗེས། གྱོད་དོན་ཐོ་འགོད་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་འཕྲལ་མར“ལྗང་མདོག་བགྲོད་ལམ”བཏོད་དེ། གྱོད་གཞིའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་མ་ཟད་འཕྲལ་དུ་བསོད་ཆེ་གེ་མོར་བརྡ་ཐོ་བཏང་ནས་ཁོ་པར་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བརྒྱབ་སྟེ། ཆུ་ཚོད་གཅིག་ཙམ་རིང་གི་མཐུན་སྦྱོར་བརྒྱུད། ཁྲིམས་ཁང་གིས་ནོར་ཆེ་གེ་མོ་སོགས་གླ་པ་རྒྱུག་མཁན་7ལ་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་4.5ལྷག་ཙམ་རག་པ་རེད།
           ཤན་རྩ་རྫོང་ཁྲིམས་ཁང་གིས་ཞིང་པ་ལས་མིའི་འགྱངས་ཆད་གླ་ཆ་སྒོར་ཁྲི་20.08ཚུར་བླངས་་ནས་སྤྲད་པ།

           ཉེ་ཆར། ཤན་རྩ་རྫོང་ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མ་ཆི་ཆེ་གེ་མོ་སོགས་མི་10ཡིས་ཞུ་སྦྱོར་ཕྱི་མ་ཚའོ་ཆེ་གེ་མོ་སོགས་ཀྱི་ས་ནས་ངལ་རྩོལ་གླ་ཆ་བདའ་འདེད་ཚུར་ལེན་བྱེད་པའི་རྩོད་གཞིའི་གྱོད་གཞི་རབ་དང་རིམ་པ་བདག་སྤྲོད་བྱས་ཏེ། ཁོང་ཚོར་གླ་ཆ་སྒོར་ཁྲི་20.08རག་ཐབས་བྱས་པ་མ་ཟད་དུས་ཐོག་ཏུ་ཞིང་པ་ལས་མི་མི་རེ་ངོ་རེའི་ལག་ཏུ་སྤྲད་པ་རེད།
           གྱོད་གཞིར་འདྲི་ཞིབ་བྱས་རྗེས། ཤན་རྩ་རྫོང་ཁྲིམས་ཁང་གིས་ཆེད་དོན་གྱོད་དོན་ཐོ་འགོད་སྐར་ཁུང་བརྒྱུད་དུས་ཐོག་ཏུ་འདྲི་ཞིབ་དང་བདག་སྤྲོད་བྱས་ཏེ་ས་ཆ་དེ་རང་དུ་གྱོད་དོན་ཐོ་འགོད་བྱས་པ་རེད། གྱོད་གཞི་དེ་ཕྱི་ནས་ཡོང་བའི་ཞིང་པ་ལས་མི་མང་པོའི་གླ་ཆ་དང་འབྲེལ་བ་ཡོད་པས། ཤན་རྩ་རྫོང་ཁྲིམས་ཁང་ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་གྱིས་ཏང་ཙུའི་ཁོངས་མི་ཡོན་ཀྲང་གཞོན་པ་ཀྲོའུ་ལིང་གིས་འདྲི་གཅོད་དཔོན་གྱི་འགན་འཁུར་བའི་འདྲི་ཞིབ་ཚོགས་པ་བཙུགས་ཏེ་ཆེད་སྤྱོད་ལྗང་མདོག་བགྲོད་ལམ་བརྒྱུད། ཁྲིམས་ལྟར་སྟབས་བདེའི་གོ་རིམ་སྤྱད་དེ་གནད་དོན་མགྱོགས་མྱུར་ཐག་གཅོད་དང་འགལ་ཟླ་ནུས་ལྡན་ངང་བསལ་བ་རེད།
           མཐར་ཕྱོགས་གཉིས་ཀྱི་དོ་བདག་གིས་རང་མོས་ངང་བར་འདུམ་གྲོས་མཐུན་བཞག་ནས་ལས་གྲྭ་དེ(ངལ་ལས་ཆ་ཤས)ཁག་བགོས་འགན་གཙང་ལེན་མཁན་མཛེས་རྒྱན་ཁང་ཞིག་གིས་འགན་ལེན་ལས་དཔོན་ཚའོ་ཆེ་གེ་མོར་ཐོབ་པའི་ལས་གྲྭའི་དངུལ་གྱི་ནང་ནས་ཞིང་པ་ལས་མིའི་གླ་ཆ་འཐེན་ཏེ་ཞིང་པ་ལས་མི་སོ་སོར་སྤྲད་པ་དང་། དེ་རྗེས་འགན་གཙང་ལེན་མཁན་ཕྱོགས་དང་མཛེས་རྒྱན་ཁང་གཉིས་དབར་བསྡོམས་རྩིས་བརྒྱབ་སྟེ་ཞིང་པ་ལས་མིའི་གླ་ཆ་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱས་པ་རེད།
འཇོ་མདའ་རྫོང་ཁྲིམས་ཁང་གིས་སྒོར་ཁྲི་1.8བར་འདུམ་བྱས་པ།

           2018ལོའི་ཟླ་10ཚེས་4ཉིན། ཞུ་སྦྱོར་ཕྱི་མ་ཁྲེན་ཆེ་གེ་མོས་འཇོ་མདའ་རྫོང་གི་འཁྲབ་རྩལ་ལྟེ་གནས་ཞིག་གི་མཛེས་བཟོའི་ལས་གྲྭ་འགན་གཙང་བླངས་པ་དང་མཛེས་བཟོའི་རྣམ་གྲངས་ལེགས་སྒྲུབ་བྱ་ཆེད། ཁྲེན་ཆེ་གེ་མོས་ཐུང་ཆེ་གེ་མོ་དང་ཧྥན་ཆེ་གེ་མོ་ཤིང་བཟོ་བྱེད་པར་གླས། མཛེས་བཟོའི་ལས་གྲྭ་ལེགས་སྒྲུབ་ཟིན་ནས་རྩིས་སྤྲོད་བྱས་རྗེས་ཁྲེན་ཆེ་གེ་མོས་ཐུང་ཆེ་གེ་མོ་དང་ཧྥན་ཆེ་གེ་མོའི་གླ་ཆ་ཞིབ་རྩིས་བརྒྱབ་པ་མ་ཟད། ངལ་ནུས་གླ་ཆ་འགའ་ཞིག་སྤྲད་དེ་དངུལ་ལྷག་མ་རྣམས་ལ་ཡིག་ཐོག་གི་ཆད་འཛིན་བྲིས། དེ་དང་ཆབས་ཆིག 2019ལོའི་ཟླ་1ཚེས་25ཉིན་སྤྲོད་རྒྱུའི་ཁས་བླངས་པ་དང་ཀྲའོ་ཆེ་གེ་མོ(ཞུ་སྦྱོར་ཕྱི་མ་ཁྲེན་ཆེ་གེ་མོའི་བཟའ་ཟླ་ཡིན་པ)དཔང་མི་བྱེད་དུ་བཅུག
           གྱོད་གཞི་བདག་སྤྲོད་བྱས་རྗེས། འཇོ་མདའ་རྫོང་ཁྲིམས་ཁང་གིས་མང་ཚོགས་ཀྱི་ཁེ་ཕན་ནི་དོན་ཆུང་ཞིག་མིན་པའི་རྩ་དོན་ལ་གཞིགས་ནས་དུས་ཐོག་ཏུ་བར་འདུམ་བྱས་ཏེ་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ཁྲེན་ཆེ་གེ་མོར་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པ་དང་གནས་ལུགས་གསལ་བཤད་བྱས་ཡོད།
           མཐར་ཕྱོགས་གཉིས་པོའི་དབར་རང་མོས་ངང་གྲོས་མཐུན་བཞག་ནས་ཞུ་སྦྱོར་ཕྱི་མ་ཁྲེན་ཆེ་གེ་མོས་ཞུ་སྦྱོར་སྔ་མ་ཐུང་ཆེ་གེ་མོར་ཆད་པའི་ངལ་ནུས་འགྲོ་གྲོན་དང་། ལས་ཐེབས་བཅག་པའི་འགྲོ་གྲོན། འགྲིམ་འགྲུལ་དངུལ། ནར་འགྱངས་བྱས་པའི་ལག་བསྟར་དངུལ་སོགས་བསྡོམས་སྒོར་ཁྲི་1.8སྤྲད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།