“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མཚོ་སྔོན་དུ་ཁྲིམས་འགལ་གཏེར་སྔོག་དང་དུག་འཚོང་གྱོད་གཞི་ཐག་བཅད་པ།

སྤེལ་དུས 2019-12-26 ཡོང་ཁུངས། ཨ་མདོ་སྨྱན་གསར། རྩོམ་པ་པོ།
མཚོ་སྔོན་མཚོ་བྱང་དུ“4·27”ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་བྱས་པའི་གྱོད་གཞི་དང་། འཁྱགས་དུག་ཉོ་ཚོང་། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་84341བཅས་ཞིབ་བཤེར་ཐག་གཅོད་བྱས།
         ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ལ་བསམ་འཆར་མང་བའི་སྨད་ཚོང་དང་། མི་མང་མཉམ་རུབ་ཀྱི་རྒྱན་འཛུགས། དུག་འཐེན་དུག་ཚོང་། དྲ་རྒྱའི་བརྒྱུད་འཚོང་། གློག་འཕྲིན་མགོ་སྐོར། “རྩུབ་སྤྱོད་དངུལ་བུན”སོགས་ཁྲིམས་འགལ་ཉེས་གསོག་གི་གནད་དོན་གྲལ་བཤེར་བཅོས་སྒྲིག་བྱས་ཤིང་། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ལ་བསམ་འཆར་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ས་ཁོངས་རང་བཞིན་གྱི་ཟང་ཟིང་ཁུལ་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་ནས་ནག་ཚོགས་ཕྱོགས་གཏོགས་ཀྱི་ས་རྒྱུ་རྩ་བ་ནས་མེད་པར་བཟོས། 

         མཚོ་བྱང་ཁུལ་གྱི་གཏེར་ཁ་སྔོག་འདོན་ལས་རིགས་ལ་གཏུམ་སྤྱོད་འཇིགས་སྐུལ་སོགས་ཀྱི་བྱ་ཐབས་སྤྱད་དེ་བཙན་ཤེད་ངང་ཉོ་ཚོང་དང་ཁྲིམས་འགལ་ངང་རྒྱུ་ནོར་བསྡུ་ལེན་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པའི་ཐད། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཡུན་ཀི་ལ་རྡོ་སོལ་གཏེར་ཁུངས་ཀྱི་ངོ་བཅར་ཁུངས་སྣེ་དམ་འཛིན་བྱས་ནས་ཆེད་དོན་གྱོད་གཞི་ཐག་གཅོད་དང་སྣང་ཚུལ་གྱི་ནང་གནས་གསལ་བོར་བཟོས་ཡོད། རྒྱལ་ཁོངས་དང་བདེ་འཇགས་ལྟ་སྐུལ། འགྲིམ་འགྲུལ། ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཁག་དང་མཉམ་དུ་གོང་གསལ་གནད་དོན་གྱི་ཁུངས་སྣེ་དང་ལས་རིགས་ཁྱབ་ཁོངས་སུ་གང་བྱུང་དུ་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱས་པར་མ་ཟད། གྲལ་བཤེར་དང་བཅོས་སྒྲིག་བྱས་ཚུལ་དུས་ཐོག་ཏུ་ཞིང་ཆེན་ནག་སེལ་གཞུང་ལས་ཁང་ལ་སྙན་སེང་ཞུས་ནས་ཞིང་ཆེན་ཐིན་ཆེད་དོན་གྱོད་གཞི་ཚན་ཆུང་གིས་ངན་ཤུགས་ཕྱོགས་གཏོགས་ཀྱིས་མཚོ་བྱང་གི་གཏེར་ཁ་སྔོག་འདོན་ལས་རིགས་ལ་གཏུམ་སྤྱོད་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བཙན་ཤེད་ངང་ཉོ་ཚོང་དང་ཁྲིམས་འགལ་ངང་རྒྱུ་ནོར་བསྡུ་ལེན་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་བར་རྡུང་རྡེག་ནུས་ལྡན་དང་ནུས་པ་གལ་ཆེན་བཏོན་ཡོད་པ་རེད། དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གནད་འཁེལ་ཤུགས་འདོན་བྱས་ནས་རྐང་ཚ་རྫོང་ཚེ་ཐར་གྲོང་རྡལ་བེ་ལི་ཧྭ་ཏ་གཏེར་ཁུལ་གྱི“4·27”ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་བྱེད་པའི་གྱོད་གཞི་རྩད་ཆོད་བྱུང་ཞིང་། གྱོད་འབྲེལ་མི་སྣ2འཛིན་བཟུང་བྱས་པ་དང་། མི2ཁྲིམས་ལ་སྦྱོར་རྒྱུར་བསྐྱལ་ནས་དཔལ་འབྱོར་གྱི་གྱོང་གུད་སྒོར་ས་ཡ་7སེལ་ཡོད།

         མཚོ་བྱང་གི་སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་པའི་ཐད། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བཅོས་སྒྲིག་གི་གཙོ་གནད་དེ་གྲོང་ཁྱེར་དང་ཞིང་གྲོང་འབྲེལ་མཚམས། གྲོང་ཁྱེར་གྱི་སྡེ་བ། བདེ་འཇགས་རྙོག་འཛིང་ཆེ་བའི་སྡེ་བ་དང་ཁྲོམ་གཞུང་སོགས་བདེ་འཇགས་ཀྱི་གནད་དོན་ཐོན་མང་བའི་གཙོ་གནད་ས་ཁོངས་ལ་དམིགས་པ་དང་། མགྲོན་ཁང་དང་ཁང་བ་བོགས་མར་གཏོང་བ། བེད་མེད་ཁང་བ། ཞག་སྡོད་དང་ལུས་པོ་འཁྲུད་ས་སོགས་ཉེས་གསོག་པ་སྦས་སླ་བའི་གཙོ་གནད་ཁུལ་དང་གླུ་གར་རོལ་རྩེད་ཁང་སོགས“འཆལ་རྒྱན་དུག་གསུམ”གྱི་སྐྱུག་བྲོ་བའི་སྣང་ཚུལ་ཐོན་སླ་བའི་གཙོ་གནད་ཁུལ་ལ་གྲལ་བཤེར་བཅོས་སྒྲིག་གི་བྱ་སྤྱོད་ཏན་ཏིག་སྤེལ་ནས་སྤྱི་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་ཡོད། ནུབ་མཚོ་སྤྱི་བདེ་ཡན་ལག་ཅུས་ཀྱིས་དབྱར་དུས་ཀྱི་ཡུལ་སྐོར་དུས་ཚིགས་ཀྱི“འཛིན་ཡིག་མེད་པའི་མགྲོན་ཁང”གི་གནད་དོན་ལ་དམིགས་ཏེ། ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་རྒྱུན་མཐུད་རང་བཞིན་གྱི་བཅོས་སྒྲིག་བྱས་ནས་ཆོག་འཐུས་མ་ཐོབ་པར་རང་དགར་གཉེར་སྐྱོང་བྱས་པའི་གྱོད་གཞི7ཞིབ་བཤེར་ཐག་གཅོད་བྱས་ཏེ། མི7ལ་སྲིད་འཛིན་གྱི་ཆད་པ་དང་མི2ལ་སྲིད་འཛིན་བཀག་ཉར་གྱི་ཆད་པ། མི5ལ་དངུལ་ཆད་བཅས་བཅད་པ་རེད། མིག་སྔའི་བར་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་གྱོད་གཞི46ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི342ལ་རྡུང་རྡེག་དང་ཐག་གཅོད་བྱས་ཤིང་རྒྱན་དངུལ་སྒོར་འབུམ་2དང་ཁྲི1གཞུང་བཞེས་བྱས། ཆགས་སྲེད་ཀྱི་གྱོད་གཞི9ཞིབ་བཤེར་ཐག་གཅོད་བྱས་པ་དང་མི16ལ་རྡུང་རྡེག་དང་ཐག་གཅོད་བྱས། དུག་རྫས་སྐྱེལ་འདྲེན་གྱི་གྱོད་གཞི1རྩད་ཆོད་བྱུང་ཞིང་། འཁྱགས་དུག་ཁེ998.52གཞུང་བཞེས་བཏང་ལ་ཉེས་གསོག་ཁོངས་མི2འཛིན་བཟུང་བྱས།
  
         འགྲོ་ལམ་བདེ་འཇགས་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཐད། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་འཕྲུལ་སྒུལ་འཁོར་རིགས་ལ་ཨང་བྱང་མེད་པ་དང་ཁ་ལོ་བའི་འཛིན་ཡིག་མེད་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་། དོན་རྐྱེན་སྔོན་འགོག་དང་བདེ་འཇགས་འགན་ལེན་གྱི“ཉིན་བརྒྱའི་འགག་སྒྲོལ”བྱ་སྤྱོད། ཞིབ་བཤེར་ཚོད་འཛིན་དང་ས་ཁོངས་མཉམ་འབྲེལ་བཅོས་སྒྲིག “ཉིན་བརྒྱའི་བདེ་འཇགས་འགུལ་སྤྱོད”སོགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད15གཅིག་སྡུད་ཐོག་སྤེལ་ནས་ལམ་གྱི་འགྲིམ་འགྲུལ་སྒྲིག་ལམ་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ་རེད།  ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་ཚུན། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་རིགས་མི་འདྲ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད84341ལྷག་ཞིབ་བཤེར་ཐག་གཅོད་བྱས་པའི་ནང་ཁ་ལོ་བའི་འཛིན་ཡིག་མེད་པར་རླངས་འཁོར་བསྐོར་མཁན1718བཟུང་ཡོད་པ་དང་། ཆང་འཐུང(བཟི་བ)ནས་རླངས་འཁོར་བསྐོར་མཁན63བཟུང་བ། ལྡོག་ཕྱོགས་སུ་བསྐྱོད་མཁན1875བཟུང་བ། རྐུ་འཕྲོག་བྱས་པའི་རླངས་འཁོར3རྩད་ཆོད་པ། དོན་རྐྱེན་བཟོས་ནས་བྲོས་བྱོལ་དུ་སོང་བའི་གྱོད་གཞི་ཁག7རྩད་ཆོད་པ། ཐེག་ཚད་ལས་བརྒལ་བའི་རླངས་འཁོར9བཟུང་བ། ལས་གཉེར་དང་སྐྱེལ་འདྲེན་བྱེད་པའི་རེས་འཁོར་གྱི་འགྲུལ་མི་ཚད་བརྒལ་ཚབས་ཆེན་བྱུང་བའི་ཁྲིམས་འགལ་བྱ་སྤྱོད་ཁག3ཉེས་དོན་གྱོད་གཞིར་བརྩིས་ནས་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱས་པ་རེད། འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་བྱང་དང་། བགྲོད་ཆོག་དཔང་ཡིག ཁ་ལོ་བའི་འཛིན་ཡིག་བཅས་རྫུན་བཟོ་དང་སྒྱུར་བཟོ་བྱེད་མཁན48རྩད་ཆོད་པ་དང་། རླངས་འཁོར་གྱི་ཨང་བྱང་བསྒྱུར་བཟོ་བྱེད་མཁན2བཟུང་བ། ཨང་བྱང་དང་ཁ་ལོ་བའི་འཛིན་ཡིག་མེད་མཁན14བཟུང་བ། ཁྲིམས་འགལ་ངང་ལས་གཉེར་དང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར84རྩད་ཆོད་བཅས་བྱུང་ཡོད།     
   
         མེ་མདའ་དང་འབར་རྫས་གཙང་སེལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད། ཁུལ་སྤྱི་བདེ་ལས་ཁུངས་ཀྱིས“མེ་མདའ་དང་འབར་རྫས་གཙང་སེལ་བྱེད་པའི”ཆེད་དོན་འགུལ་སྐྱོད་དང་ཟུང་འབྲེལ་གྱིས་མེ་མདའ་དང་འབར་རྫས་ཀྱི་རྩིས་ལེན་ལས་དོན་ཧུར་ཐག་ངང་སྤེལ་བ་དང་། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་ནན་དུ་བཏང་སྟེ་ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་མེ་མདའ154དང་། མདེའུ་རིགས་སྣ་ཚོགས5195 འབར་གས་དངོས་རྫས་སྤྱི་རྒྱ11.4 མེ་འདྲེན་སྦུ་གུ649 སྦི་སྡི་སྨི319.1བཅས་གཞུང་བཞེས་བྱས་པ་དང་། དངོས་བཟོས་མེ་མདའ824ལྷག་དང་བཀག་སྡོམ་གྲི་ཆས757ལྷག ཤུར་མདའ9 རྫས་འགྱུར་དངོས་རྫས་སྤྱི་རྒྱ25བཅས་རྩིས་ལེན་བྱས།     

         ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ཁྲོད། རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཉིན་མཚན་མེད་པར་འབད་འཐབ་བྱས་ནས་མུ་མཐུད་དུ་རྨང་གཞིའི་བརྟག་དཔྱད་དང་ཁུངས་སྣེ་མཐིལ་རྟོགས་བྱས་པ་དང་། འགག་སྒྲོལ་དཀའ་སེལ་གྱིས་རིགས་མི་འདྲ་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་གཏིང་ཟབ་བཏང་བ། བདེ་འཇགས་བཅོས་སྒྲིག་དང་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱེད་པའི་འགན་འཁྲི་འཁུར་སེམས་དང་བྱ་སྤྱོད་ལ་མུ་མཐུད་ཤུགས་སྣོན་བཅས་བརྒྱབ་པས། མཚོ་བྱང་སྤྱི་བདེ་ཡིས་ལྷག་བསམ་རྣམ་དག་དང་འོས་འགན་དང་འགན་འཁྲི་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་དུས་བདེ་སྲུང་སྐྱོང་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད་ལ། ཏང་ཨུ་སྲིད་གཞུང་དང་ལས་བྱེད་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།