དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མི་སྒེར་གྱིས་ནད་གཞི་སྦ་གསང་བྱས་ན་ཁྲིམས་ཆད་འདི་ལྟར་གཏོང་གི་འདུག

སྤེལ་དུས 2020-02-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

        དེ་རིང་ངས་མུ་མཐུད་རིམས་ནད་འགོག་བཅོས་དང་འབྲེལ་ཡོད་ཉེས་ཁྲིམས་ཀྱི་གཏན་འབེབས་ཞིག་ངོ་སྤྲོད་ཞུ་ཡི་ཡིན།
        2003ལོར་ཁྱབ་བསྒྲགས་བྱས་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་ལུགས་གསལ་འགྲེལ་གྱི་དོན་ཚན་དང་པོའི་ནང་། གློ་བུར་དུ་ཐོན་པའི་ནད་དུག་རྐང་བཙུགས་ཏེ་གང་སར་ཁྱབ་ཏུ་བཅུག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་114པ་དང་115པའི་ནང་གསེས་དང་པོའི་གཏན་འབེབས་ལྟར་ཉེན་ཁ་ཆེ་བའི་བྱེད་ཐབས་ཀྱིས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་པར་བརྩིས་ནས་ཆད་པ་གཅོད་རྒྱུ། 
        གོང་གསལ་གཏན་འབེབས་ལྟར་ན། གལ་སྲིད་དོན་ཚན་114པ་ལས་འགལ་ཚེ་ལོ་གསུམ་ནས་བཅུའི་བར་དུས་བཀག་བཙོན་འཇུག་དང་། དོན་ཚན་115པ་ལས་འགལ་ཚེ་ལོ་བཅུ་ཡན་དུས་བཀག་བཙོན་འཇུག་གམ་ཚེ་བཙོན་དང་སྲོག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ།
        གློ་བུར་དུ་ཐོན་པའི་རིམས་ནད་འགོས་པའི་ནད་པའམ་རིམས་ནད་འགོས་པའི་དོགས་ཡོད་ནད་པས་རིམས་ནད་བརྟག་དཔྱད་དང་བཙན་དབང་ལོགས་བཀར་གྱི་བྱ་ཐབས་དང་སྨན་བཅོས་བྱེད་པ་དང་ལེན་མ་བྱས་པར་རིམས་ནད་གང་སར་མཆེད་དེ་མཇུག་འབྲས་ཚབས་ཆེན་ཐོན་ཚེ། ཉེས་ཁྲིམས་ཀྱི་དོན་ཚན་115པའི་ནང་གསེས་གཉིས་པའི་གཏན་འབེབས་ལྟར། ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་པར་བརྩིས་ནས་ཆད་པ་གཅོད་རྒྱུ།   ཉེས་པ་དེར་སྤྱིར་བཏང་ལོ་གསུམ་ནས་ལོ་བདུན་བར་དུས་བཀག་བཙོན་འཇུག་དང་། མཇུག་འབྲས་ཅུང་ཆུང་བར་ལོ་གསུམ་མན་དུས་བཀག་བཙོན་འཇུག་གི་ཆད་པ་གཅོད་རྒྱུ།
        གོང་གསལ་གཏན་འབེབས་དང་འབྲེལ་བའི་དཔེ་མཚོན་གྱི་གྱོད་གཞི་ཞིག་ཞུ་ཡི་ཡིན། 
        ཟླ་1པོའི་ཚེས31ཉིན་གྱི་ཆུ་ཚོད24བར། ཟི་ལིང་གྲོང་ཁྱེར་དུ་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་9བྱུང་ཡོད་པ་དང་། དེའི་ཁྲོད་དུ་ཕྱིར་ཁྱབ་བསྒྲགས་བྱས་ཟིན་པའི་རུས་མིང་ཀོའུ་ཟེར་བའི་ནད་པ་ཞིག་གི་གནས་ཚུལ་ལ་ཚང་མས་དོ་ཁུར་བྱེད་བཞིན་མཆིས། རྒྱུ་མཚན་ནི་སྤྱི་བདེ་ལས་ཁུངས་ཀྱིས་རུས་མིང་ཀོའུ་ཟེར་བའི་ནད་པ་དེས་ཉེན་ཁའི་བྱེད་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་གིས་ཉེས་དོན་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་འདུག
        སྤྱི་བདེ་ལས་ཁུངས་ནས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་(湟中县)ལི་ཅ་ཧྲན་གྲོང་རྡལ་ཧན་ཧྲུའེ་ཀོའུ་གྲོང་ཚོའི་གྲོང་མི་ཀོའུ་ཆེ་གེ་མོ་ནི་དུས་ཡུན་རིང་པོར་ཝུའུ་ཧན་དུ་ལས་ཀ་བྱེད་བཞིན་ཡོད། ཉེ་ཆར་ཟི་ལིང་དུ་ལོག་རྗེས། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་བཏོན་པའི་རིམས་ནད་ཐོན་ཁུལ་ནས་སླེབས་པའི་མི་སྣས་སྡེ་ཁུལ་དང་གྲོང་ཚོར་ཐོ་འགོད་སྙན་སེང་ཞུས་ཏེ། རང་འགུལ་ངང་ཁྱིམ་དུ་བསྡད་དེ་ཕྱི་རུ་འགྲོ་མི་ཆོག་པའི་འབྲེལ་ཡོད་བླང་བྱ་ལག་ལེན་བསྟར་མེད་པ་མ་ཟད། རང་ཉིད་ཀྱི་འགྲུལ་བཞུད་དོན་དངོས་རྐང་བཙུགས་ནས་སྦ་གསང་བྱས་པ་དང་། ཟི་ལིང་དུ་ལོག་པའི་དུས་ཚོད་ཀྱང་རྫུན་བཤད། རང་ཉིད་ལ་ཚ་བ་རྒྱས་པ་དང་གློ་གོག་པ་སོགས་ཀྱི་ནད་རྟགས་རྐང་བཙུགས་ནས་གསང་སྟེ། བརྟག་དཔྱད་བྱེད་པར་ཡོང་མཁན་ལ་མགོ་སྐོར་བཏང་བ་མ་ཟད། ཉེ་འཁོར་གྱི་མི་ཚོགས་དང་འབྲེལ་འདྲིས་ཐེངས་མང་བྱས་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་ཀོའུ་ཟེར་བ་དེས་རང་གི་བུ་རང་ཉིད་དང་མཉམ་དུ་ཝུའུ་ཧན་ནས་ཟི་ལིང་དུ་ལོག་པའི་དོན་དངོས་སྦ་གསང་བྱས་པ་དང་། ཁོ་པའི་བུས་ཀྱང་ཕྱིར་ཐེངས་མང་བསྐྱོད་པ་མ་ཟད། མི་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་པ་རེད།   
        ཀོའུ་དང་ཁོ་པའི་བུ་གཉིས་ལ་གློ་ཚད་ཀྱི་རིམས་ནད་འགོས་ཡོད་པ་གཏན་འཁེལ་བྱས། མུ་གེའི་སྟེང་དུ་ཟླ་ལྷག་ཟེར་བའི་དཔེ་བཞིན་རུས་མིང་ཀོའུ་ཟེར་བའི་མི་དེའི་བྱེད་སྤྱོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་བཏང་བའི་བརྡ་ཁྱབ་ལས་འགལ་བས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་འགོག་རྐྱེན་བཟོས་པ་དང་གཏོར་བཤིག་ཚབས་ཆེན་བཏང་བས། ད་ཆ་ཀོའུ་ཟེར་བ་དེས་ཉེན་ཁའི་བྱེད་ཐབས་སྤྱད་དེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་བསགས་པར་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་བྱས་ཐོག་བརྟག་དཔྱད་བྱེད་ཞོར་དུ་འབྲེལ་ཡོད་ཀྱི་བྱེད་ཐབས་སྤྱད་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
        དེར་བརྟེན། རྒྱ་ཆེའི་མི་དམངས་མང་ཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱར་བརྩི་སྲུང་ནན་པོ་ཞུས་ཏེ། རང་ཉིད་དང་ཁྱིམ་མི། དགའ་ཉེ་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་བཅས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འགན་འཁྲི་ཏན་ཏིག་འཁུར་དགོས་པའི་འབོད་སྐུལ་སྙིང་ནས་ཞུའོ།།
རྩོམ་སྒྲིག་པ།སྣང་རྡོར།