དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རིམས་འགོག་ལས་ཀར་འགོག་རྐྱེན་བཟོས་པའི་གྱོད་གཞི་ཐོག་མ་ཁྲིམས་ཐག་བཅད།

སྤེལ་དུས 2020-03-10 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།

          ཟླ་3ཚེས་5ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་རྒྱང་ཁྲིད་ཁྲིམས་རའི་འདྲི་གཅོད་མ་ལག་སྤྱད་དེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་ཉེས་ཅན་དོ་དམ་ཁང་དང་དྲ་སྦྲེལ་བྱས་ནས། ཁྲིམས་བཞིན་མགྱོགས་མྱུར་ཐག་གཅོད་པའི་བརྒྱུད་རིམ་སྤྱད་དེ་བོད་ཀྱི་རིམས་ནད་སྔོག་འགོག་ཚོད་འཛིན་བྱེད་ཐབས་ལ་འགོག་རྒོལ་བྱས་ནས་གཞུང་དོན་ལ་གནོད་འཚེ་བཟོས་པའི་ཉེས་གསོག་གྱོད་གཞི་ཐོག་མ་ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པ་རེད། ཁྲིམས་རའི་ཐོག་ཞུ་སྦྱོར་ཕྱི་མ་ཀྲུའུ་ཆེ་གེ་མོས་གཞུང་དོན་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པས། ཟླ་བ་གསུམ་བཀག་ཉར་བྱ་རྒྱུའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། ཞུ་སྦྱོར་ཕྱི་མས་ཁྲིམས་རའི་ཐོག་ཉེས་པ་ཁས་བླངས་ནས། གོང་གཏུག་བྱེད་ཀྱི་མིན་ཞེས་བཤད་པ་རེད།

           ཟླ་1ཚེས་26ཉིན། ཞུ་སྦྱོར་ཕྱི་མ་ཀྲུའུ་ཆེ་གེ་མོ་ཤིས་ཨན་ནས་གནམ་གྲུ་བསྡད་དེ་ལྷ་སར་ཡོང་བ་དང་། ལྷ་ས་གྲོང་ཁྱེར་གྲྭ་བཞི་ལམ་གྱི་ཁུལ་ཆུང་ཞིག་ཏུ་ཁང་པ་གཡར་ནས་བསྡད། རིམས་ནད་ཐོན་རིང་གི་དོ་དམ་གཏན་འབེབས་ལ་བརྩི་སྲུང་མ་ཞུས་པར། ཁྱིམ་དུ་ལོགས་སུ་འཇོག་རིང་། ཁ་རས་མ་བརྒྱབ་པར་ཕྱི་ལ་ཐེངས་མང་བསྐྱོད། ཟླ་2ཚེས་9ཉིན་གྱི་ཆུ་ཚོད་16ཙམ་ལ། མི་དམངས་ཉེན་རྟོག་པ་དང་ཁུལ་ཆུང་ལས་དོན་མི་སྣ་ཁོ་པའི་སྡོད་གནས་སུ་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་ལས་དོན་བརྟག་དཔྱད་བྱེད་པར་འགྲོ་སྐབས། ཁོ་པས་གཞོགས་འདེགས་བྱ་རྒྱུ་ལྟ་ཅི། མི་དམངས་ཉེན་རྟོག་པར་འཇིགས་སྣང་ཐེངས་མང་བསྐུལ་བ་མ་ཟད། ཁུལ་ཆུང་གི་བདེ་སྲུང་ཁང་དང་ཉེ་འཁོར་གྱི་ཅ་དངོས་བཅག་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་རྒྱུན་གཏན་ལྟར་སྤེལ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས། ཞུ་སྦྱོར་ཕྱི་མ་ཀྲུའུ་ཆེ་གེ་མོས་གཞུང་དོན་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་རྗེས། ཟླ་2ཚེས་9ཉིན་འཛིན་བཟུང་བཀག་ཉར་དང་། ཟླ་2ཚེས་10ཉིན་སྲིད་འཛིན་བཀག་ཉར་ཉིན་བཅུ། ཟླ་2ཚེས་20ཉིན་ཉེས་དོན་བཀག་ཉར། ཟླ་2ཚེས་22ཉིན་ཁྲིམས་བཞིན་འཛིན་བཟུང་བཅས་བྱས་པ་རེད།

          ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་ཕྱི་མ་ཀྲུའུ་ཆེ་གེ་མོས་གཞུང་དོན་ལ་གནོད་འཚེ་བཟོས་པའི་ཉེས་པ་བསགས་པ་གཏན་འཁེལ་བྱས་པ་དང་། ཟླ་3ཚེས་3ཉིན་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་དང་ཁྲིམས་སྐྱོང་གི་ལམ་བུའི་ཐོག་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་མཐའ་འཁྱོངས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་གཞིགས་ཏེ《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏོག་གསར་གློ་ཚད་སྔོག་འགོག་ཚོད་འཛིན་རིང་གི་འདྲི་གཅོད་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བརྡ་ཐོ》དང་། 《རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཛ་དྲག་བརྡ་ཐོ》གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི《ཏོག་གསར་གློ་ཚད་དང་འབྲེལ་བའི་ཉེས་དོན་གྱོད་གཞི་མཉམ་དུ་བསྒྲུབ་རྒྱུའི་སྐོར་གྱི་ལས་དོན་ལམ་སྲོལ》སོགས་མཛུབ་ཁྲིད་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ། མགྱོགས་མྱུར་འདྲི་གཅོད་མཐའ་འཁྱོངས་བྱས་ནས་དུས་ཐུང་ཉིན་གསུམ་ནང་གྱོད་གཞི་བདག་སྤྲོད་དང་ཁྲིམས་ར་འཚོགས་ནས་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།