དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དུག་རྫས་ཁེ་1.3གཞུང་བཞེས་བཏང་བ་མ་ཟད། དུག་འཐེན་མཁན་11བཟུང་།

སྤེལ་དུས 2020-03-17 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།

          ཟླ་2ཚེས་19ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གི་མྱུལ་ཞིབ་པས་གྲལ་བཤེར་བྱས་པ་བརྒྱུད། དུག་རྫས་འཐེན་མཁན་11བཟུང་ཐུབ་ཡོད་ཅིང་། དེ་ནི་ཟླ་2ཚེས་11ཉིན་གྱི་རྗེས་སུ་དུག་འགོག་ཉིང་ལག་རུ་ཁག་དེས་དུག་རྫས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་བཏང་བའི་ཐད་ཐོབ་པའི་གྲུབ་འབྲས་གཞན་ཞིག་རེད།
          ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་རུ་ཆེན་དང་པོའི་རུ་དཔོན་ཟླ་བས་བརྗོད་དོན། ཟླ་2ཚེས་19ཉིན། ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་ཁག་གི་མི་དམངས་ཉེན་རྟོག་པའི་གཞོགས་འདེགས་འོག་ཉུལ་ཞིབ་པས་ཤེས་རྟོགས་ཐུབ་པའི་ཁུངས་སྣེར་གཞིགས་ནས། དན་བག་སྡེ་ཁུལ་དང་། བརྒྱད་གཅིག་སྡེ་ཁུལ། སྣེའུ་ཧུང་ཡུས་ཐང་ཆེན་གྱི་ཉེ་འགྲམ། ཕུའུ་ཧའེ་མགྲོན་ཁང་ཆེ་མོའི་ཉེ་འགྲམ། ཞེ་ཧོ་རླངས་འཁོར་ཉོ་ཚོང་ཀུང་སིའི་ཉེ་འགྲམ་སོགས་ཀྱི་བོགས་གཏོང་ཁང་པ་དང་མགྲོན་ཁང་ནས་ཅང་ཆེ་གེ་མོ་དང་། ལི་ཆེ་གེ་མོ། ཏུང་ཆེ་གེ་མོ་སོགས་དུག་འཐེན་པ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་དོགས་ཅན་11བཟུང་བ་མ་ཟད། དུག་རྫས་ཁེ་1.3གཞུང་བཞེས་ཀྱང་བཏང་བ་དང་། མི་དེ་དག་གི་གཅིན་པའི་ཞིབ་བཤེར་བྱས་འབྲས་ལས་གདགས་གཤིས(ཅ་ཅི་ཨན་ཧྥེ་ཐ་མིན་གྱི་གྲུབ་ཆ་ཚུད་པ)མངོན་ཡོད། འདྲི་རྩད་བྱས་པ་བརྒྱུད་ཁྲིམས་འགལ་བ་11གིས་དུག་རྫས་འཐེན་པའི་ཁྲིམས་འགལ་གྱི་དོན་དངོས་ཡོངས་རྫོགས་ཁས་བླངས་པ་རེད།

          ཟླ་བས་ངོ་སྤྲོད་བྱས་དོན། འདི་ལོའི་ཟླ་2པ་ནས་བཟུང་། དུག་འགོག་ཉིང་ལག་རུ་ཁག་གིས་དུག་འཐེན་མཁན་ཁྱོན་བསྡོམས་19(དེའི་ནང་བུད་མེད་6ཡོད་པ)བཟུང་ཡོད། བརྟག་དཔྱད་བྱས་རྗེས། དུག་འཐེན་མཁན་དེ་དག་ཚང་མས་དུག་འཐེན་པའི་ཉེས་པ་གསོག་མྱོང་ཡོད་པ་དང་། གཙོ་བོ་ནི་སྤྱི་ཚོགས་ཐོག་གི་ལས་མེད་ན་གཞོན་ཡིན་པ་རེད།
          ཉིང་ལག་རུ་ཁག་དེའི་རུ་དཔོན་གཞོན་པ་ཝང་ཀྲི་ཤིན་གྱིས་དུག་རྫས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ནུས་ཤུགས་ཡོད་རྒུས་ཉུང་དུ་གཏོང་ཆེད། དུག་འགོག་ཉིང་ལག་རུ་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་། ཕྱོགས་མང་པོ་ནས་ཁུངས་སྣེ་འཚོལ་བ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་ཀྱི་ཐོག་ནས་དུག་རྫས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཀྱི་ཁོར་ཡུག་གཙང་མ་བཟོས་ཡོད་ཅེས་བརྗོད།

རྩོམ་སྒྲིག་པ། བདེ་སྒྲོལ།