དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱས་ན་རྡུང་རྡེག་ཚ་ནན་གཏང་རྒྱུ།

སྤེལ་དུས 2020-04-24 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

          གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ངལ་རྩོལ་འགན་ལེན་ལྟ་ཞིབ་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱ་ཆེའི་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་ཆེད། ཞིང་པ་ལས་མིར་གླ་ཆ་སྤྲད་རྒྱུའི་འགན་སྲུང་སྲོལ་ཡིག་ཅེས་པ་སྤྱི་ཟླ་༥ཚེས་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། ཞིང་པ་ལས་མིའི་གླ་ཕོགས་ཀྱི་ཆེད་སྤྱོད་རྩིས་ཐོ་བཟོ་བ་དང་། ལས་གྲྭ་སྤྱི་འགན་ལེན་བྱེད་མཁན་ནས་གླ་ཆ་ཚབ་སྤྲོད་བྱེད་པ། ལས་མི་སྤྱོད་སྐབས་རང་མིང་འགོད་པའི་ལམ་ལུགས་བསྟར་བ། གླ་ཕོགས་ཁག་ཐེག་དངུལ་སོགས་ལག་ལེན་ཁྲོད་ནས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱེད་པར་བཅོས་སྒྲིག་བྱེད་པའི་ནུས་ལྡན་བྱ་ཐབས་འདི་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་སྟེ་ལག་བསྟར་བྱ་རྒྱུ་རེད།

          ཞིང་པ་ལས་མིའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོ་བཟོ་རྒྱུ། 
          ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་རིམ་པ་བཞིན་འགན་གཙང་སྤྲོད་པ་དང་། འགན་གཙང་བརྒྱུད་སྤྲོད་བྱེད་པ། ཁག་བགོས་འགན་གཙང་སྤྲོད་པ། ལས་གྲྭའི་འཕེལ་རིམ་གཞིར་བཟུང་སྟེ་གླ་ཆ་སྤྲོད་པ། དེ་བཞིན་ཨར་སྐྲུན་ཚན་པ་དང་འགན་གཙང་ལེན་མཁན་གྱིས་རྐང་བཙུགས་ནས་གླ་ཆ་ཆད་འགྱངས་བྱེད་པ་སོགས་ཀྱི་གནད་དོན་ལ་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། 
          སྲོལ་ཡིག་ནང་ཨར་ལས་སྤྱི་འགན་གཙང་ལེན་མཁན་ཚན་པས་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་ཆེད་སྤྱོད་རྩིས་ཐོ་བཟོས་ཏེ། འཛུགས་སྐྲུན་ཚན་པས་ལས་མིར་སྤྲད་རྒྱུའི་གླ་ཆ་དེ་ལས་གྲྭའི་གྲོན་དངུལ་དང་ཁག་ཁག་བཟོས་ནས། ལས་མིའི་གླ་ཆ་སྔོན་ལ་སྤྲད་རྒྱུ་འགན་ལེན་བྱས་ཐོག ལས་མིའི་གླ་ཆ་དང་རྒྱུ་ཆའི་གྲོན་དངུལ། དོ་དམ་གྲོན་དངུལ་སོགས་མ་དངུལ་མཉམ་བསྲེས་དང་གསབ་རེས་བྱ་རྒྱུ་བཀག་འགོག་བྱ་དགོས་པར་གཏན་འབེབས་བྱས་ཡོད། 
          ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱས་ན་རྡུང་རྡེང་ཚ་ནན་གཏང་རྒྱུ། 
          སྲོལ་ཡིག་ནང་གཏན་འབེབས་ལས་འགལ་ནས་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བྱས་ཚེ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ་ཆད་པ་གཅོད་རྒྱུ་དང་། གླ་ཕོགས་སྤྲོད་པའི་དུས་ཚོད་གཏན་འབེབས་ལས་ཡོལ་ཚེ། ལས་མིར་སྤྲད་དགོས་པའི་གླ་ཕོགས་ཀྱི་བརྒྱ་ཆའི་༥༠ཡན་དང་བརྒྱ་ཆའི་༡༠༠མན་གྱི་གུན་གསབ་དངུལ་ཁ་སྣོན་བརྒྱག་དགོས་པ་དང་། ངལ་རྩོལ་གླ་ཆ་གཏན་ནས་མི་སྤྲོད་པའི་ཉེས་གསོག་གི་དོགས་ཡོད་རིགས་ཐོན་ཚེ། དུས་ཐོག་ཏུ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས་པར་གཏན་འབེབས་བྱས་ཡོད།

          གནས་ཚུལ་འདི་གཉིས་ཐོན་ཚེ་མིང་ཐོ་ནག་པོར་བཟོ་རྒྱུ། 
          ཁ་དན་ཚིག་གནས་མ་བྱུང་བར་ཆད་པ་བཅད་ནས་ཉེན་བརྡ་གཏོང་བ་དེ་ནི་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་ཐག་གཅོད་བྱེད་སྟངས་ཡག་པོ་ཞིག་ཡིན་པ་དང་། ཞིང་པ་ལས་མིའི་གླ་ཆ་འཕྲི་འཐེན་དང་རྐང་བཙུགས་ནས་ཆད་འགྱངས་བྱས་པའི་གྲངས་འབོར་དེ། ངལ་རྩོལ་གླ་ཆ་གཏན་ནས་མི་སྤྲོད་པའི་ཉེས་བསགས་དངུལ་གྲངས་ཀྱི་ཚད་གཞིར་སླེབས་པ་དང་། དེ་བཞིན་ཞིང་པ་ལས་མིའི་གླ་ཆ་ཁྲིམས་འགལ་ངང་ཆད་འགྱངས་བྱས་པ་ལས་མང་ཚོགས་རང་བཞིན་གྱི་དོན་རྐྱེན་དང་སྣང་ཚུལ་ངན་པ་ཐོན་ཏེ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པ་སོགས་ཀྱི་གནས་ཚུལ་རིགས་དེ་གཉིས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་རེད།