དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་ཉོ་ཚོང་བྱས་པས་ཕྱོགས་གཉིས་ཀར་ཉེས་ཆད་ཕོག

སྤེལ་དུས 2020-04-28 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལ། མི་ལ་ལས་སྐད་འཕྲིན་གྲོགས་ཚོགས་སུ་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་འཚོང་གི་འདུག་ཅེས་པའི་གྲོང་མིའི་ཐེར་འདོན་ཞིག་འབྱོར་བ་རེད། སྐར་མ་ཐོ་འགོད་ཀྱི་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་དང“སྐར་མ་ཉོ་ཚོང”བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འཕྲལ་དུ་བརྟག་དཔྱད་བྱས། གློག་མིག་ལ་བལྟས་རྗེས། ཟླ་ཆེ་གེ་མོ་ཁྲིམས་འགལ་གྱི་བྱེད་སྤྱོད་དེ་དང་འབྲེལ་བ་ཡོད་པ་ཤེས་པས། ཁྲིམས་ལྟར་ཁོ་པ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་བོས། 
          འདྲི་རྩད་བྱས་རྗེས། ཟླ་ཆེ་གེ་མོས་སྐད་འཕྲིན་གྲོགས་ཚོགས་བརྒྱུད“ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་འཚོང”བའི་བརྡ་ཆ་ཆུང་ཆུང་ཞིག་ལས་སུན་ཆེ་གེ་མོ་ངོ་ཤེས་ཤིང་། ཟླ་ཆེ་གེ་མོས་སྒོར་1500སྤྲད་དེ་སུན་ཆེ་གེ་མོའི་ས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་9ཉོ་བའི་ཁ་ཆད་བྱས་པ་དང་། 2020ལོའི་ཟླ་3ཚེས་30ཉིན། ཁོ་གཉིས་ཁ་མཐུན་བྱས་ཏེ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ཁྲིམས་འགལ་ཐག་གཅོད་ལྟེ་གནས་སུ་སྐར་མ་སུབ་པར་བསྐྱོད་པ་དང་། འགྲིམ་འགྲུལ་ཉེན་རྟོག་པས་འདྲི་རྩད་བྱས་རྗེས། ཁོ་གཉིས་ཀྱིས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་སྤ་སེ་རྫུན་མ་བསྟན་ནས་འགྲིམ་འགྲུལ་སྒྲིག་འགལ་ཐག་གཅོད་བྱས་པ་དང་། “སྐར་མ་ཉོ་ཚོང”གི་ཁྲིམས་འགལ་བྱེད་སྤྱོད་བཅས་ངོས་ལེན་ཞུས་པས། འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྱོད་གཞི་དེ་སྣེ་གདོང་ལམ་མངགས་གཏོང་ཁང་ལ་རྩིས་སྤྲད་པ་རེད། 
          ཟླ་4ཚེས་22ཉིན། སྣེ་གདོང་ལམ་མངགས་གཏོང་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་དྲུག་ཅུ་པའི་ནང་གསེས་གཉིས་པ་དང་དོན་ཚན་བཅུ་གཅིག་པའི་ནང་གསེས་གཉིས་པའི་གཏན་འབེབས་གཞིར་བཟུང་། ཟླ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་ལྔ་བྱས་ཤིང་། དངུལ་ཆད་སྒོར་200བཏང་བ་དང་། སུན་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་ལྔ་བྱས་ཤིང་། དངུལ་ཆད་སྒོར་200བཏང་བ་མ་ཟད། ཁྲིམས་ལས་འགལ་ནས་བྱུང་བའི་དངུལ་སྒོར་ཆིག་སྟོང་ལྔ་བརྒྱ་ཚང་མ་གཞུང་བཞེས་བཏང་བ་རེད། 
          འགྲིམ་འགྲུལ་ཉེན་རྟོག་པའི་ཤ་ཚའི་དྲན་སྐུལ། ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་འཚོང་བ་ནི་གཞན་གྱི་ཆེད་དུ་ཉེས་པ་བསགས་པ་ཞིག་རེད། སྐར་མ་ཉོ་ཚོང་བྱས་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་དྲུག་ཅུ་པའི་ནང་གསེས་གཉིས་པའི་གཏན་འབེབས་གཞིར་བཟུང་། ལག་ཁྱེར་རྫུན་མ་བཟོ་བ་དང་། སྦ་གསང་བྱས་པ། མེད་པར་བཟོ་བ་བཅས་བྱེད་པའམ་ཡང་ན་ངོ་སྤྲོད་རྫུན་མ་ཁྱེར་བ་དང་གྱོད་གཞིའི་གནས་ཚུལ་རྫུན་ཞུ་བྱས་ནས་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་གཞི་སྒྲུབ་པར་འགོག་རྐྱེན་བཟོས་ཚེ། ཉིན་ལྔ་ནས་ཉིན་བཅུ་བར་བཀག་ཉར་བྱེད་རྒྱུ་མ་ཟད། དངུལ་ཆད་སྒོར་200ནས་སྒོར་500བར་གཏོང་རྒྱུ་རེད།