དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བོད་ལྗོངས་ཀྱི་སློབ་གྲྭ་ཁག་གི་ཡིག་རྒྱུགས་དུས་ཚོད་གཏན་འཁེལ་འདུག

སྤེལ་དུས 2020-04-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཚེས་28ཉིན་གྱི་ཕྱི་དྲོར། གསར་འགོད་པར་2020ལོའི་ལྗོངས་ཡོངས་ཀྱི་སློབ་གསོའི་ཡིག་རྒྱུགས་ཀྱི་སློབ་བསྡུའི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་མོས་མཐུན་བྱས་པ་བརྒྱུད། 2020ལོའི་རང་ལྗོངས་ཀྱི་སློབ་གྲྭ་ཁག་གི་ཡིག་རྒྱུགས་གཏོང་བའི་དུས་ཚོད་གཤམ་གསལ་ལྟར་བཀོད་སྒྲིག་བྱས་པ་སྟེ། 
          མཐོ་རྒྱུགས་ཀྱི་དུས་ཚོད་ཟླ་7ཚེས་7ནས་ཟླ་7ཚེས་9ཉིན་བར་དང་། 
          ཁ་གཏད་མཐོ་རིམ་ལས་རིགས་སློབ་གྲྭའི་ཡིག་རྒྱུགས་ཀྱི་དུས་ཚོད་ཟླ་7ཚེས་12ནས་ཟླ་7ཚེས་13ཉིན་བར། 
          འབྲིང་རྒྱུགས་ཀྱི་དུས་ཚོད་ཟླ་7ཚེས་18ནས་ཟླ་7ཚེས་20ཉིན་བར། 
          ཆུང་རྒྱུགས་ཀྱི་དུས་ཚོད་ཟླ་7ཚེས་25ནས་ཟླ་7ཚེས་26ཉིན་བར། 
          དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཡིག་རྒྱུགས་2020ལོའི་སྟོན་དུས་ཀྱི་སློབ་དུས་སུ་གཏོང་རྒྱུ། 
          རྒྱལ་ཡོངས་རང་བཞིན་གྱི་ཡིག་རྒྱུགས་གཞན་རྣམས་སློབ་གསོ་པུས་གཏན་འཁེལ་བྱས་པའི་དུས་ཚོད་དམ་ཡང་ན་ཁྱབ་བསྒྲགས་བྱས་པའི་བརྡ་ཐོར་གཞི་འཛིན་དགོས།