དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གཟིགས་དང་། ལས་ཞུགས་ལས་གཏོད་ལ་སྲིད་ཇུས་ཡག་པོ་འདི་འདྲ་འདུག

སྤེལ་དུས 2020-05-08 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          གཅིག  ལས་ཞུགས་གསོ་སྦྱོང་དང་གླ་ཆའི་ཁ་གསབ་ཐད་སྲིད་ཇུས་གང་དག་ལོངས་སུ་སྤྱད་ཆོག་གམ།
          བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཁེ་ལས་སུ་ལས་ཞུགས་བྱེད་པར་ལྕག་སྐུལ་བྱ་ཆེད། ཆེད་མངགས་ལས་ཞུགས་གསོ་སྦྱོང་གི་ཁ་གསབ་དང་གླ་ཆའི་ཁ་གསབ་ཁ་གསལ་བཀོད་པ་ཁྱོན་རིགས་གསུམ་ལ་དབྱེ་བ་སྟེ།
         ༡ ལྗོངས་ནང་ཁུལ་གྱི་ཁེ་ལས།
          1.བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས(ངལ་རྩོལ་གན་རྒྱ་བཞག་ནས་ལོ་3ཡན་སོང་བ)བྱས་རིགས།   
          2.ལས་ཀ་བྱེད་སའི་ཚན་པས་སློབ་མར་ཆེད་ལས་གསོ་སྦྱོང་བྱས་རིགས།
          3.གསོ་སྦྱོང་གི་དུས་བཀག་ལོ་གཅིག་ཡིན་དགོས་པ།
          4.རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མི་རེར་ཟླ་རེར་སྒོར་2000གི་ཚད་གཞི་གཞིར་བཟུང་གསོ་སྦྱོང་གི་ཁ་གསབ་སྤྲོད་རྒྱུ།
          ༢ གཙོ་གནད་ལས་རིགས་ཁྱབ་ཁོངས(ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། འགྲིམ་འགྲུལ། ཆུ་གློག་སོགས་ཁྱབ་ཁོངས)
          1.གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཁེ་ལས་ཀྱིས་བོད་དུ་ཁེ་ལས་ཀྱི་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་བ་མ་ཟད། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བཅུག་རིགས། (ངལ་རྩོལ་གན་རྒྱ་བཞག་ནས་ལོ་3ཡན་སོང་བ)
          2.མི་སྤྱོད་ཚན་པས་ཆེད་ལས་གསོ་སྦྱོང་བྱས་རིགས།
          3.གསོ་སྦྱོང་གི་དུས་བཀག་ལོ་གཅིག་ཡིན་དགོས་པ།
          4.རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་གསོ་སྦྱོང་བྱེད་རིང་གི་གླ་ཆ(རང་ལྗོངས་ཀྱི་གླ་ཆ་དམའ་ཤོས་ཀྱི་ཚད་གཞིའི་ལྡབ་གཉིས་གཞིར་བཟུང་བརྩི་རྒྱུ)དང་མི་རེར་ཟླ་རེར་སྒོར་2000གི་ཚད་གཞི་གཞིར་བཟུང་གསོ་སྦྱོང་གི་འགྲོ་གྲོན་སྤྲོད་རྒྱུ།
          ༣ ལྗོངས་ཕྱིའི་ཁེ་ལས།
          1.ཁ་གཏད་རོགས་སྐྱོར་ཞིང་ཆེན་ནམ་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བཅུག་པ་དང་། མི་སྤྱོད་ཚན་པས་གསར་དུ་ལས་ཀར་བཅུག་པའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ཆེད་ལས་གསོ་སྦྱོང་བྱེད་དགོས་པ་དང་གསོ་སྦྱོང་གི་དུས་བཀག་ལོ་གཅིག་ཡིན་དགོས།
          2.རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་གསོ་སྦྱོང་བྱེད་རིང་གི་གླ་ཆ(རང་ལྗོངས་ཀྱི་གླ་ཆ་དམའ་ཤོས་ཀྱི་ཚད་གཞིའི་ལྡབ་གཉིས་གཞིར་བཟུང་བརྩི་རྒྱུ)དང་མི་རེར་ཟླ་རེར་སྒོར་2000གི་ཚད་གཞི་གཞིར་བཟུང་གསོ་སྦྱོང་གི་འགྲོ་གྲོན་སྤྲོད་རྒྱུ།
          གཉིས། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་གཟིགས་སྐྱོང་སྲིད་ཇུས་གང་དག་ཡོད་དམ།
          སྲིད་གཞུང་གིས་ཉོ་སྒྲུབ་བྱས་ནས་རྒྱབ་སྐྱོར་བྱེད་རྒྱུ། 
          གལ་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཁེ་ལས་ནི་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཕྲན་ཚེགས་ཡིན་ན། “སྲིད་གཞུང་གིས་སྒྲིག་གཞི་རང་ངོས་ཀྱི་འཁོར་སྐྱོད་དང་སྤྱི་པའི་ཞབས་འདེགས་ཀྱི་གཞི་རྩའི་དགོས་མཁོ་སྐོང་བའི་སྔོན་འགྲོའི་ཆ་རྐྱེན་འོག སྡེ་ཚན་དེ་གའི་ལོ་འཁོར་གྱི་སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་ཀྱི་སྔོན་རྩིས་བསྡོམས་འབོར་གྱི་30%ཡན་ཉར་ནས། ཁེ་ལས་འབྲིང་ཆུང་ལ་དམིགས་ཏེ་ཉོ་སྒྲུབ་བྱེད་རྒྱུ། དེའི་ནང་ཁེ་ལས་ཆུང་གྲས་དང་ཁེ་ལས་ཕྲན་ཚེགས་ཀྱི་སྡུར་ཚད་60%ལས་མི་དམའ་བ་བྱེད་དགོས” དེ་བཞིན“ཁེ་ལས་ཆུང་གྲས་དང་ཁེ་ལས་ཕྲན་ཚེགས་ཀྱི་ཐོན་རྫས་ཀྱི་རིན་གོང་6%ནས་10%བར་གཅོག་རྒྱུ་དང་། འཐེན་འཕྲི་བྱས་རྗེས་ཀྱི་རིན་གོང་དཔྱད་ཞིབ་ལ་ཞུགས་པའི”གཏན་འབེབས་གཞིར་བཟུང་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱ་ཆོག
          ཁེ་ལས་ཀྱི་དཔྱ་ཁྲལ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ། 
          ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་དེ་བཞིན་མཐོ་སློབ་སློབ་ཐོན་སློབ་མ་ཚུད་པའི《ལས་ཞུགས་ལས་གཏོད་ཀྱི་ལག་ཁྱེར》(“རང་རྟེན་ལས་གཏོད་ཀྱི་ཁྲལ་བསྡུའི་སྲིད་ཇུས”སམ“སློབ་གྲྭ་ཐོན་པའི་ལོར་རང་རྟེན་ལས་གཏོད་ཀྱི་ཁྲལ་བསྡུའི་སྲིད་ཇུས”ཞེས་གསལ་པོ་བཀོད་པ)སམ《ལས་ཞུགས་ལས་ཤོར་གྱི་ཐོ་འགོད་ལག་ཁྱེར》(“རང་རྟེན་ལས་གཏོད་ཀྱི་ཁྲལ་བསྡུའི་སྲིད་ཇུས”ཞེས་གསལ་པོ་བཀོད་པ)ཡོད་མཁན་དང་སྒེར་གཉེར་ཚོང་དུད་ཡིན་ན། སྒེར་གཉེར་ཚོང་དུད་ཐོ་འགོད་བྱས་པའི་ཟླ་བ་ནས་བཟུང་། ལོ་3(ཟླ་36)ནང་ཚུན་དུ་དུད་ཚང་རེར་ལོ་རེར་སྒོར་14400ཚད་བཀག་བྱས་ནས། ལོ་དེ་རང་དུ་དངོས་སུ་འཇལ་དགོས་པའི་གནས་ཐང་འཕར་ཁྲལ་དང་། གྲོང་ཁྱེར་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དཔྱ་ཁྲལ། སློབ་གསོའི་འགྲོ་གྲོན་གྱི་ཟུར་སྣོན། ས་གནས་ཀྱི་སློབ་གསོའི་ཟུར་སྣོན་དང་མི་སྒེར་གྱི་ཐོབ་ཁྲལ་བཅས་རིམ་བཞིན་འཐེན་འཕྲི་བྱེད་རྒྱུ།
          བྱ་གཞག་གསར་གཏོད་ཀྱི་མ་རྩ་མང་དུ་གཏོང་རྒྱུ། 
          ལས་གཏོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མ་མི་རེར་སྒོར་ཁྲི་6དང་ཚོང་དུད་རེར་མཐོ་ཤོས་ལ་སྒོར་ཁྲི་30ཡི་སྤྲོད་གཅིག་མའི་མ་དངུལ་རྒྱབ་སྐྱོར་བྱེད་རྒྱུ།
          ལས་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུ།  
          ལྗོངས་ནང་ཁུལ་གྱི་ལས་རྗེས་ཅུང་ལེགས་པའི་ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཁེ་ལས་ལ་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཁེ་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། ལས་གཏོད་མཛུབ་ཁྲིད་དགེ་རྒན་གྱིས་ལས་གཏོད་ཞབས་འདེགས་དང་གཉེར་སྐྱོང་ལ་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་ལས་གཏོད་ལེགས་གྲུབ་བྱེད་ཚད་མཐོ་རུ་གཏོང་རྒྱུ།
          བྱ་གཞག་གསར་གཏོད་ཀྱི་ཁག་ཐེག་དངུལ་བུན་གྱི་ཐེབས་རྩ་འཛུགས་རྒྱུ། 
          ས་ཁུལ་དང་གྲོང་ཁྱེར་ཁག་གིས་ལས་གཏོད་ཁག་ཐེག་དངུལ་བུན་གྱི་ཐེབས་རྩ་བཙུགས་ནས། དངུལ་རྩའི་སྒྲིག་གཞི་ཁག་གིས་ཚད་གཞི་དམའ་རུ་དང་མཆན་འགོད་ཀྱི་གོ་རིམ་སྟབས་བདེ་རུ་བཏང་སྟེ། དུས་ཐོག་ཏུ་དངུལ་བུན་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མ་དངུལ་གྱི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་རྒྱུ།
          རྩལ་ནུས་གསོ་སྦྱོང་གང་མང་བྱེད་རྒྱུ། 
          སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེ་མོ་བས་སློབ་སྦྱོང་ལ་འཐུས་ཤོར་མི་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག གཟའ་མཇུག་དང་། དུས་ཆེན་གྱི་ངལ་གསོ། དབྱར་གསེང་དང་དགུན་གསེང་སོགས་སློབ་ཞོར་ཁོམ་པ་སྤྱད་དེ། ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་ལ་ཞུགས་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས་པ་དང་འབྲེལ། གཏན་འབེབས་ལྟར་རྩལ་ནུས་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་གི་ཁ་གསབ་སྤྲོད་དགོས།