དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

▶ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱས་ཚེ་འདི་ལྟར་ཐག་གཅོད་བྱ་རྒྱུ་རེད།

སྤེལ་དུས 2020-05-11 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
            རང་རྒྱལ་གྱི་ཞིང་པ་ལས་མིའི་གླ་ཆའི་ཁེ་དབང་འགན་སྲུང་བྱེད་པའི་ཆེད་དོན་ཁྲིམས་སྲོལ་ཨང་དང་པོ་བཀྲམས་པ་དང་། ཟླ་༥ཚེས་༡ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད། སྲོལ་ཡིག་ལག་བསྟར་བྱས་པས་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་གླ་ཆ་ཆད་འགྱངས་བྱས་པའི་གནད་དོན་བཅོས་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ཐོན་ཡོད།

            གླ་ཆ་སྤྲོད་པར་འགན་སྲུང་བྱེད་པའི་སྲོལ་ཡིག་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་མིང་ཐོ་ནག་པོའི་ལམ་ལུགས་འཛུགས་རྒྱུ་དང་། འཐུས་ཚང་བཟོ་རྒྱུའི་སྐོར་གཏན་འབེབས་གསལ་བོ་བྱས་འདུག    དོན་མེད་དུ་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་དང་། དངུལ་གྲངས་ཚད་གཞི་ངེས་ཅན་ཞིག་ཏུ་བསླེབས་ཀྱང་གླ་ཆ་མི་སྤྲོད་པའི་ཉེས་ཁྲིམས་འགལ་བའི་རིགས་དང་། ཞིང་པ་ལས་མིའི་གླ་ཆ་མ་སྤྲད་པར་མང་ཚོགས་རང་བཞིན་གྱི་དོན་རྐྱེན་དང་ཐལ་དྲགས་དོན་རྐྱེན་བྱུང་སྟེ། སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་ཐེབས་ཚེ། གླ་ཆ་ཆད་འགྱངས་བྱས་པའི་མིང་ཐོ་ནག་པོའི་ནང་འཇོག་རྒྱུ་རེད།