དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གཉེན་སྒྲིག་ལུགས་སྲོལ་ངན་པར་སྒྱུར་བཅོས་གཏོང་རྒྱུ་རེད།

སྤེལ་དུས 2020-05-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཉེ་ཆར་དམངས་སྲིད་པུས《གཉེན་སྒྲིག་གོམས་སྲོལ་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ཤིང་། ཚོད་ལྟའི་ས་ཁུལ་དུ་རྫོངས་བ་མཐོན་པོ་ལེན་པ་དང་།རྒྱས་སྤྲོས་ཆུད་ཟོས་བྱེད་པ། མ་རབས་ཐ་ཤལ་གྱི་གཉེན་སྒྲིག་ཟིང་སློང་བྱེད་པ། རྫོངས་བ་བསྡུར་རེས་བྱེད་པ་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་བྱས་ནས་སྤྱི་ཚོགས་ཀྱི་དར་སྲོལ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
           《བསམ་འཆར》ནང་གཉེན་སྒྲིག་ཁྱབ་ཁོངས་ཀྱི་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གཉེན་སྒྲིག་ཁྱིམ་ཚང་གི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཡོངས་སུ་ཡང་དག་པའི་གཉེན་སྒྲིག་ཁྱིམ་ཚང་གི་རིན་ཐང་གཉེར་ཕྱོགས་ཆགས་རྒྱུར་དར་སྤེལ་གཏོང་བ། ཚུལ་མིན་སྤྱོད་ཡན་བཀག་འགོག་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་དང་མང་ཚོགས་ཀྱི་བསམ་པའི་འཁྱེར་སོ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་མཚོན་པའི་སྲོལ་རྒྱུན་གྱི་གཉེན་སྟོན་དར་སྤེལ་དང་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། དུས་རབས་ཀྱི་ནང་དོན་ཟམ་མི་ཆད་པར་མང་དུ་གཏོང་བ། མཚོན་བྱེད་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། “སྐྱིད་སྡུག་མཉམ་མྱོང་དང་། འགན་འཁྲི་འཁུར་ཕོད་པ། ཕན་ཚུན་བརྩི་བཀུར་དང་གཅེས་སྐྱོང་བྱེད་པ”བཅས་ཀྱི་གཉེན་སྒྲིག་འདུ་ཤེས་དར་སྤེལ་གཏོང་དགོས་ཞེས་བསྟན་ཡོད།
           རྫོངས་བ་མཐོན་པོ་དང་། རྒྱས་སྤྲོས་ཆུད་ཟོས། མ་རབས་ཐ་ཤལ་གྱི་གཉེན་སྒྲིག་ཟིང་སློང་། རྫོངས་བ་བསྡུར་རེས་བྱེད་པ་སོགས་ཚུལ་མིན་སྤྱོད་ཡན་བཅོས་སྐྱོང་བྱས་ནས། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་ཏེ་སྤྱི་ཚོགས་ཀྱི་དར་སྲོལ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དེང་རབས་སྤྱི་ཚོགས་ཀྱི་ཁྱིམ་ཚང་རྩ་འཛུགས་དང་ཁྱིམ་ཚང་གྲུབ་ཚུལ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན། རྒན་རབས་ཀྱིས་བྱམས་སྐྱོང་དང་བུ་ཕྲུག་གིས་སྲི་ཞུ་ཡག་པོ་བྱེད་པ། ཁྱོ་ཤུག་འཆམ་མཐུན། གཅེན་གཅུང་ལ་གུས་བཀུར་སོགས་རྨང་གཞིར་བྱས་པའི་ཁྱིམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕ་མར་བསྙེན་བཀུར་དང་རྒན་རབས་ལ་བརྩི་བཀུར་བྱེད་པའི་ཀུན་སྤྱོད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།