དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྤྱི་སྤྱོད་རླངས་འཁོར་མཚོར་ལྷུངས་བའི་དོན་རྐྱེན་གྱི་དཔྱད་འབྲས།

སྤེལ་དུས 2020-07-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ཀུའེ་ཀྲོའུ་ཨན་ཧྲུན་གྱིས་སྤྱི་སྤྱོད་རླངས་འཁོར་མཚོར་ལྷུངས་བའི་དོན་རྐྱེན་གྱི་བརྟག་དཔྱད་བྱས་འབྲས་བརྡ་ཁྱབ་བཏང་བ།
          ཚེས་12ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཨན་ཧྲུན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཨན་ཧྲུན་གྲོང་ཁྱེར་ཤིས་ཤིའུ་ཆུས་ཀྱི་སྤྱི་སྤྱོད་རླངས་འཁོར་མཚོར་ལྷུངས་པའི་དོན་རྐྱེན་གྱི་བརྟག་དཔྱད་བྱས་འབྲས་བརྡ་ཁྱབ་བཏང་བ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ནི་སྤྱི་སྤྱོད་རླངས་འཁོར་དེའི་ཁ་ལོ་བ་ཀྲང་ཆེ་གེ་མོ་ཡིན་པ་དང་། འཚོ་བར་མི་འདོད་པའི་རྣམ་འགྱུར་འཛིན་པ་དང་བོགས་གཏོང་གཞུང་ཁང་བཤིག་པར་ཡི་མི་རང་བའི་རྐྱེན་གྱིས། ཤུགས་རྐྱེན་བཟོ་ཆེད་ཆེད་དམིགས་མིན་པའི་མི་ཚོགས་ལ་དམིགས་པའི་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་མི་སྒེར་གྱི་ཐལ་ཆེ་བའི་བྱས་ཉེས་སྤེལ་བས། མི་21རྐྱེན་ལམ་དུ་ཤོར་བ་དང་མི་15ལ་རྨས་སྐྱོན་ཕོག་པ། སྤྱི་པའི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད་པ་རེད།
          2020ལོའི་ཟླ་7ཚེས་7ཉིན་གྱི་ཆུ་ཚོད་12དང་སྐར་མ་12ཐོག འཁོར་རྟགས་ཀུའེ་G02086Dཡིན་པའི་ཨན་ཧྲུན་གྲོང་ཁྱེར་ལམ་ཐིགས་གཉིས་པའི་སྤྱི་སྤྱོད་རླངས་འཁོར་ཤིས་ཤིའུ་ཆུས་ཀྱི་ཧུང་ཧྲན་ཆུ་མཛོད་ཀྱི་རགས་ཆེན་ཐོག་སྐྱོད་སྐབས། གློ་བུར་དུ་ཁ་ཕྱོགས་སྒྱུར་ནས་མགྱོགས་ཚད་ཇེ་མཐོར་བཏང་སྟེ་གཏད་ཕྱོགས་འཁོར་ལམ་དུ་བསྐྱོད་ནས་བཀག་སྒྲོམ་གཏོར་ཏེ་ཆུ་མཛོད་ནང་མཆོང་བ་རེད། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་པ་བརྒྱུད་ཁྱོན་མི་37འཚོལ་སྐྱོབ་ཐུབ་ཡོད། དེའི་ནང་མི་20རྐྱེན་ལམ་དུ་ཤོར་ཟིན་བ་དང་། མི་1མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་རྐྱེན་ལམ་དུ་ཤོར་བ་རེད། མི་15ལ་རྨས་སྐྱོན་ཕོག་ཡོད་པ་དང་མི་1ལ་རྨས་སྐྱོན་ཕོག་མེད་པ་རེད།
          ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོ། ཕོ། ལོ་52ཡིན། ཨན་ཧྲུན་གྲོང་ཁྱེར་ཤིས་ཤིའུ་ཆུས་ནས་ཡིན། བཟའ་ཚང་ཁ་བྲལ་ཟིན་པ། དོན་རྐྱེན་བྱུང་བའི་ཉིན་དེའི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་4ཡི་ཐོག  ཀྲང་ཆེ་གེ་མོས་སྡོད་གནས་ཉེ་འགྲམ་གྱི་ཚོང་ཁང་ཞིག་ནས་ཨ་རག་དང་བཏུང་བྱ་ཉོས་པ་རེད། ཆུ་ཚོད་10དང་སྐར་མ་55ཡི་ཐོག་ཀྲང་ཆེ་གེ་མོས་ལས་རེས་ཁ་ལོ་བ་དང་ཨན་ཧྲུན་འགྲུལ་སྐྱེལ་བབས་ཚུགས་ཤར་མར་རླངས་འཁོར་རྩིས་སྤྲོད་རྩིས་ལེན་བྱས་པ་རེད། ཆུ་ཚོད་12དང་སྐར་མ་9ཡི་ཐོག་ཀྲང་ཆེ་གེ་མོས་འགྲུལ་པ་བབས་ཚུགས་ནས་རླངས་འཁོར་འབབ་འཛེགས་བྱེད་སྐབས་འཐུང་བྱའི་ཤེལ་དམ་ནང་གི་ཨ་རག་དཀར་པོ་བཏུང་བ་རེད། ཆུ་ཚོད་12དང་སྐར་མ་12ཐོག  ཀྲང་ཆེ་གེ་མོས་སྤྱི་སྤྱོད་རླངས་འཁོར་བཏང་ནས་ཤིས་ཤིའུ་ཆུས་ཀྱི་ཧུང་ཧྲན་ཆུ་མཛོད་ཀྱི་རགས་ཆེན་ཐོག་སྐྱོད་སྐབས་ཐོག་མར་རླངས་འཁོར་གྱི་མགྱོགས་ཚད་ཇེ་དམའ་རུ་བཏང་ནས་འགྲོ་འོང་རླངས་འཁོར་ལ་གཡོལ། དེ་ནས་གློ་བུར་དུ་ཁ་ཕྱོགས་སྒྱུར་ནས་མགྱོགས་ཚད་ཇེ་མཐོར་བཏང་ཏེ་འཁོར་ལམ་5འཕྲེད་བཅད་བྱས་ནས་བཀག་སྒྲོམ་གཏོར་ཏེ་ཆུ་མཛོད་ནང་མཆོང་བ་རེད།
          ཨན་ཧྲུན་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས། དྲ་ཐོག་ཏུ་ཁྱབ་པའི་ཀྲང་ཆེ་གེ་མོའི“ཁང་པ་བཤིག་པའི”གནད་དོན་ཐད་ཀུའེ་ཀྲོའུ་ཞིང་ཆེན་དང་ཨན་ཧྲུན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མགྱོགས་མྱུར་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་བྱས་པ་བརྡ་ཁྱབ་བཏང་བ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།