རོགས་དངུལ་ལེན་འདོད་ན། ཞིབ་ཕྲ་འདིར་བཀའ་འདྲི་ཞུས་དང་། ཁ་པར་ཡོད།
སྤེལ་དུས 2020-07-16
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་དང་ཁྱིམ་བདག་གིས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ལག་ལེན་བསྟར་བའི་སློབ་མའི་རོགས་དངུལ་སྲིད་ཇུས་དུས་ཐོག་ཏུ་ཤེས་རྟོགས་ཡང་དག་དང་། རོགས་དངུལ་ཁག་བདེ་བླག་ངང་རེ་ཞུ་བྱ་རྒྱུར་རོགས་རམ་ནུས་ལྡན། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་བདེ་བླག་ངང་སློབ་གྲྭ་ཆེན་མོར་སྐྱོད་ཐུབ་པའི་འགན་ལེན་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་དང་ལྗོངས་ནང་ཁུལ་གྱི་མཐོ་སློབ་ཁག་གི་རོགས་དངུལ་བློ་འདྲིའི་ཐད་སྦྲེལ་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱས་འདུག
2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་དང་མཐོ་སློབ་ཁག་གི་སློབ་མའི་རོགས་དངུལ་བློ་འདྲིའི་ཐད་སྦྲེལ་ཁ་པར་དང་བློ་འདྲི་བྱེད་པའི་དུས་ཚོད་ཞིབ་ཕྲ་གཤམ་གསལ་ལྟར།