དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མགོ་སྐོར་གཏོང་སྟངས་འདི་རིགས་ལ་ང་ཚོས་ཅིས་ནས་ཡིད་གཟབ་བྱེད་དགོས།

སྤེལ་དུས 2020-07-20 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          མིག་སྔར་མཐོ་རྒྱུགས་བཏང་ཟིན་པས། ལོ་ལྟར་ཁ་བསླུས་རྒྱག་མཁན་གྱིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་མགོ་སྐོར་གཏོང་གི་ཡོད། དེས་ན་ང་ཚོ་ཚང་མས་མགོ་སྐོར་གཏོང་སྟངས་འདི་རིགས་ལ་དོགས་ཟོན་བྱེད་དགོས་འདུག
          སློབ་མ་བསྡུ་མཁན་གྱི་མི་སྣ་ཡིན་ཁུལ་བྱས་ནས“ནང་ཁུལ་གྱི་འཆར་གཞིའི་མི་གྲངས”སུ་འཇུག་ཆོག་ཅེས་རྫུན་ཤོད་པ།
          མགོ་སྐོར་གཏོང་མཁན་གྱིས་ཡིག་ཆ་དང་ཐེལ་ཙེ་རྫུན་མ་བཟོ་བ་དང་། མིང་ཐོ་འགོད་ས་དང་བློ་འདྲིའི་ཁ་པར་འཛུགས་པ། མཐོ་སློབ་ཀྱི་སློབ་མ་བསྡུ་མཁན་ཡིན་ཁུལ་བྱེད་པའམ་ཡང་ན་རང་ཉིད་དང་མཐོ་སློབ་བམ་ཡང་ན་སློབ་བསྡུའི་རྒྱུགས་ལེན་གྱི་གཙོ་གཉེར་སྡེ་ཚན་གྱི་འགོ་ཁྲིད་དང་འབྲེལ་བ་ཡོད་ཅེས་རྫུན་ཤོད་ཀྱི་ཡོད།
          ཁོ་ཚོས། རྒྱུགས་སྤྲོད་སློབ་མའི་སྐར་གྲངས་སློབ་གྲྭའི་སློབ་བསྡུའི་ཚད་གཞིར་སླེབས་མེད་ཀྱང་དེ་མཚུངས་ཀྱི་སློབ་གྲྭར་གཏོང་ཐུབ་ཅེས་བརྗོད་ཀྱི་ཡོད། དོན་དངོས་ཐོག་ཁོ་ཚོས་ཁྱིམ་བདག་ཚོར་བརྡ་ཐོ་རྫུན་མ་བཏང་ནས་དངུལ་རག་རྗེས་བྲོས་འགྲོ་ཡི་ཡོད།
          དོགས་ཟོན་གྱི་དྲན་སྐུལ།
          མཐོ་རྒྱུགས་ཀྱི་སློབ་བསྡུའི་ལས་དོན་ཁྲོད“ནང་ཁུལ་གྱི་འཆར་གཞིའི་མི་གྲངས”སུ་འཇུག་པ་ཞེས་པ་མེད་ལ། མི་སུ་འདྲ་ཞིག་གིས་ཀྱང་སྲིད་ཇུས་ཀྱི་གཏན་འབེབས་ལས་འགལ་ནས་མཐོ་སློབ་ཏུ་སློབ་མ་འཇུག་རོགས་བྱེད་ཐུབ་ཀྱི་མེད།
          སྒྱུ་རྩལ་སློབ་གྲྭར་དངུལ་སྤྲད་ན་ཚུད་ཐུབ་ཅེས་བརྗོད་པ་དེར་ཡིད་ཆེས་བྱེད་མི་རུང་།
          སྒྱུ་རྩལ་སློབ་གྲྭར་སློབ་མ་བསྡུ་སྟངས་ཧ་ཅང་མང་བའི་ཁར་ཞིང་ཆེན་གཞན་ནས་སློབ་མ་བསྡུ་དུས་སློབ་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་སློབ་བསྡུའི་འཆར་གཞིར་ལེགས་སྒྲིག་བྱེད་དགོས་སྟབས། སློབ་མ་བསྡུ་བའི་དུས་ཚོད་ཅུང་རིང་ཙམ་ཡོད།
          ཁྲིམས་འགལ་བ་འགའ་ཞིག་གིས་རྒྱུགས་སྤྲོད་སློབ་མས་བྲེལ་བ་བྱེད་པའི་བསམ་བློ་གཏོང་སྟངས་དང་བསྟུན་ནས། དངུལ་སྤྲད་ན་སློབ་གྲྭར་འཇུག་རོགས་བྱེད་པའམ་ཡང་ན“དངུལ་མ་སྤྲད་ཚེ་སློབ་གྲྭར་བསྡུ་གི་མིན”ཞེས་པ་སོགས་འཇིགས་སྣང་སྐུལ་ནས་རྒྱུ་ནོར་གཡོ་ལེན་བྱེད་ཀྱི་ཡོད།
          དོགས་ཟོན་གྱི་དྲན་སྐུལ།
          སྒྱུ་རྩལ་སློབ་གྲྭས་སློབ་མ་བསྡུ་བའི་ལས་དོན་སྤེལ་སྐབས། རྒྱུ་ནོར་སོགས་ཀྱིས་སློབ་བསྡུའི་ལས་དོན་ལ་འགྱུར་ལྡོག་གང་ཡང་གཏོང་མི་ཐུབ་པས། རེ་བར་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་དེའི་ཁྱིམ་བདག་ཚོས“ནད་གཞི་ཕོག་སྐབས་སྨན་པ་གང་བྱུང་དུ་བསྟེན་པའི”དཔེ་ལྟར་མ་བྱས་པར་མགོ་སྐོར་འོག་མ་ཚུད་པ་བྱེད་དགོས།
          དྲ་རྒྱའི་ཐོག་གི་སློབ་གྲྭ་དེ་མཐོ་སློབ་དཀྱུས་མའི་སློབ་གྲྭ་ཡིན་ཁུལ་བྱེད་པ།
          མགོ་སྐོར་གཏོང་མཁན་འགའ་ཞིག་གིས་རྐང་བཙུགས་ནས་དྲ་རྒྱའི་ཐོག་གི་སློབ་གྲྭ་དང་དར་མའི་སློབ་གྲྭ་སོགས་མཐོ་སློབ་དཀྱུས་མའི་སློབ་གྲྭ་ཡིན་ཁུལ་བྱེད་ཀྱི་ཡོད།
          ཁྱིམ་བདག་ཚོས་དངུལ་སྤྲད་ན་སློབ་བསྡུའི་བརྡ་ཐོ་འབྱོར་ཀྱི་ཡོད་ཀྱང་། རྒྱུགས་སྤྲོད་སློབ་མ་སློབ་གྲྭར་སླེབས་རྗེས་གཞི་ནས་དེ་ནི་མཐོ་སློབ་དཀྱུས་མའི་སློབ་གསོའི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་མིན་པར། རང་སྦྱོང་རྒྱུགས་སྤྲོད་དང་། དར་མའི་སློབ་གསོ། དྲ་རྒྱའི་སློབ་གསོ་སོགས་ཀྱི་རྣམ་པའི་སློབ་གྲྭ་ཡིན་པ་ཤེས་ཀྱི་ཡོད།
          དོགས་ཟོན་གྱི་དྲན་སྐུལ།
          དྲ་རྒྱའི་སློབ་གསོ་དང་། དར་མའི་སློབ་གསོ། རང་སྦྱོང་རྒྱུགས་སྤྲོད་བཅས་ཀྱི་རྣམ་པའི་སློབ་གྲྭ་མ་གཞི་མཐོ་རིམ་སློབ་གསོའི་རྣམ་པ་ཞིག་ཡིན་མོད། འོན་ཀྱང་དེ་དག་མཐོ་སློབ་དཀྱུས་མའི་སློབ་གསོ་དང་ཁྱད་པར་ཡོད་པ་སྟེ། སློབ་གྲྭར་ཞུགས་བདེ་ལ་མཐོ་རྒྱུགས་ཀྱི་སྐར་གྲངས་ཡང་མི་དགོས་པར་སློབ་གྲྭར་འགྲོ་ཆོག་གི་ཡོད།
          དངུལ་སྤྲད་ཚེ་དམག་མིའི་སློབ་གྲྭར་ཞུགས་ཐུབ་ཅེས་པ་རྫུན་མ་ཡིན་ངེས་རེད།
          ཁྲིམས་འགལ་བ་འགའ་ཞིག་གིས་དམག་དཔུང་ནང་གི་ལས་ཁུངས་སམ་ཡང་ན་སློབ་བསྡུའི་སྡེ་ཚན་གྱི་ལས་དོན་པ་དང་། དམག་མིའི་སློབ་གྲྭའི་འགོ་ཁྲིད། དམག་དཔུང་གི་ལས་བྱེད་པ་ཡིན་ཁུལ་བྱས་ནས“ནང་ཁུལ་གྱི་སློབ་བསྡུའི་མི་གྲངས”སུ་འཇུག་པ་དང“འཆར་གཞིར་མ་ཚུད་པའི་སློབ་བསྡུའི་མི་གྲངས”སུ་འཇུག་ཐུབ་ཅེས་འུད་ཤོབ་ཤོད་པ་དང་། ད་དུང་འགའ་ཤས་ཀྱིས་སློབ་བསྡུའི་སྒྲིག་གཞི་དང་གཞུང་ཡིག་སྣ་ཚོགས་རྫུན་བཟོ་བྱས་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་མགོ་སྐོར་གཏོང་གི་ཡོད།
          དོགས་ཟོན་གྱི་དྲན་སྐུལ།
          1.དམག་མིའི་སློབ་གྲྭར་སློབ་མ་བསྡུ་སྐབས་ས་གནས་ཀྱི་མཐོ་སློབ་དང་འདྲ་བར་གོ་རིམ་དང་གཏན་འབེབས་ནན་པོ་ཡོད།
          2.དམག་མིའི་སློབ་གྲྭར་སློབ་མ་བསྡུ་བར་འཆར་གཞིར་མ་ཚུད་པའི་མི་གྲངས་མེད་ལ། དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་མི་སུ་འདྲ་ཞིག་གིས་རང་དགར་སློབ་བསྡུའི་གཞུང་ཡིག་འཁྱེར་དུ་འཇུག་མི་སྲིད་ལ། སློབ་བསྡུའི་བརྒྱུད་རིམ་ཁྲོད་རྒྱུགས་སྤྲོད་སློབ་མའམ་ཡང་ན་ཁྱིམ་བདག་ལ་གཞུང་ཡིག་སྟོན་སྲོལ་ཡང་མེད།
          3.རྒྱུགས་སྤྲོད་སློབ་མས་སློབ་ཚུད་བརྡ་ཐོ་འབྱོར་རྗེས་གཞུང་ཕྱོགས་ཀྱི་དམིགས་གཏན་འཁེལ་བའི་འདྲི་རྩད་ཀྱི་ཐབས་ལམ་བརྒྱུད་འདྲི་རྩད་དང་ཞིབ་བཤེར་རྩིས་ལེན་བྱེད་དགོས།
          སློབ་མར་རིགས་ཁག་གི་དམིགས་བསལ་རྩལ་ནུས་ལྡན་པའི་ལག་ཁྱེར་གཉེར་ཐུབ་ཅེས་རྫུན་ཤོད་པ།
          ཁྲིམས་འགལ་བ་མང་པོ་ཞིག་གིས་སློབ་མར་རིགས་ཁག་གི་དམིགས་བསལ་རྩལ་ནུས་ལྡན་པའི་ལག་ཁྱེར་གཉེར་ཐུབ་ཀྱི་ཡོད་པས། གལ་ཏེ། སྐར་གྲངས་ཀྱི་ཚད་གཞི་མ་ལོན་པར་ལག་ཁྱེར་དེ་འཁྱེར་ཕྱིན་ཚེ་སྐར་མ་སྣོན་སྲིད་ཅེས་རྫུན་ཤོད་ཀྱི་ཡོད།
          དོགས་ཟོན་གྱི་དྲན་སྐུལ།
          ས་གནས་ཁག་གིས་མཐོ་རྒྱུགས་སློབ་བསྡུའི་སྐར་གྲངས་ཀྱི་ཚད་གཞིར་གཞིགས་ནས་སློབ་མ་བསྡུ་ཡི་ཡོད་པ་ལས། མི་སྒེར་དང་སྒྲིག་གཞི་གང་གིས་ཀྱང་སྐར་གྲངས་ཀྱི་ཚད་གཞི་མ་ལོན་པའི་རྒྱུགས་སྤྲོད་སློབ་མ་དམིགས་བསལ་གྱི་སྒོ་ནས་བསྡུ་སྲོལ་མེད།
          སློབ་ཚུད་བརྡ་ཐོ་རྫུན་བཟོ་བྱེད་པ།
          ཁྲིམས་འགལ་བ་དང་མཚམས་སྦྱོར་བས་སློབ་བསྡུའི་སློབ་གྲྭ་རྫུན་བཟོ་དང་། མཉམ་ལས་སློབ་གཉེར་ཚན་པ་རྫུན་བཟོ། དེ་བཞིན་སློབ་ཚུད་བརྡ་ཐོ་རྫུན་མ་སྦྲག་བསྐུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་མར་མགོ་སྐོར་བཏང་སྟེ་གྲོན་དངུལ་སྣ་ཚོགས་མི་སྒེར་དང་ལས་ཁུངས་ཀྱི་དངུལ་ཁང་གི་རྩིས་ཁྲར་བླུག་ཏུ་འཇུག་གི་ཡོད།
          དོགས་ཟོན་གྱི་དྲན་སྐུལ།
          སློབ་མ་བསྡུ་རིང་། སློབ་བསྡུའི་གཞུང་དོན་ཁང་གི་ལས་དོན་མི་སྣ་སློབ་བསྡུ་བྱ་ཡུལ་དུ་ཡོད་པ་ལས། སློབ་མ་ཚོ་དང་ཐུག་འཕྲད་བྱེད་མི་སྲིད་ལ་མཚམས་སྦྱོར་ཚན་པར་ཡང་མངགས་བཅོལ་བྱེད་མི་སྲིད་པས། སློབ་མ་ཚོས་མཐོ་སློབ་སློབ་གྲྭས“EMS”མྱུར་སྐྱེལ་ནས་བསྐུར་བའི་སློབ་ཚུད་བརྡ་ཐོ་དང་འབྲེལ་ཡོད་འབྱོར་ཐོ་འགོད་སྐབས་ཀྱི་ངེས་བྱ་ངང་རྒྱུད་རིང་པོས་སྒུག་དགོས།