དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཆུ་ཤུར་རྫོང་ཚ་རགས་ཤང་ཉེ་འཁོར་གྱི་སྤང་ལ་མེ་ཤོར་རྗེས།

སྤེལ་དུས 2020-10-19 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
           ཟླ་༡༠ཚེས་༡༥ཉིན་གྱི་ཕྱི་དྲོ་ཆུ་ཤུར་རྫོང་སྤྱི་བདེ་ཅུས་ཚ་རགས་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱལ་ལམ་༣༡༨ལམ་ཐིག་ཐོག་སྐོར་གཡེང་བྱེད་སྐབས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲམ་གྱི་སྤང་ཞིག་ཏུ་མེ་སྐྱོན་ཐོན་ནས་དུ་བ་ལང་ལོང་དུ་འཕྱུར་བཞིན་པ་ཤེས་རྟོགས་བྱུང་བ་རེད།

          སེམས་ཀྱི་ཞིང་ཁམས།སྐོར་གཡེང་ཉེན་རྟོག་པས་མངགས་གཏོང་ཁང་དུ་གནས་ཚུལ་སྙན་སེང་ཞུས་རྗེས། འཕྲལ་མར་དེ་གར་བསྐྱོད་དེ་དུས་འགོའི་ཐག་གཅོད་བྱས་པ་དང་འབྲེལ། འཕྲལ་དུ་གློག་ཤུགས་ཀུང་སིའི་ལས་དོན་མི་སྣར་འབྲེལ་གཏུག་བྱས་ནས་ས་ཁོངས་དེའི་གློག་ཤུགས་མཁོ་འདོན་བྱེད་མཚམས་བཞག་པ་དང་།  མངགས་གཏོང་ཁང་གིས་སུའོ་ནང་གི་མི་དམངས་ཉེན་རྟོག་པས་རོགས་སྐྱོབ་དང་མེ་གསོད་སྒྲིག་ཆས་འཁྱེར་ནས་ས་ཡུལ་དངོས་སུ་བསྐྱོད་པ་རེད།
 
          སེམས་ཀྱི་ཞིང་ཁམས།ས་གནས་ས་ཐོག་ཏུ་འབར་བཞིན་པའི་སྤང་ཁ་ཕུད། མཐོ་གནོན་གློག་སྐུད་དུམ་བུ་ཞིག་རྒྱལ་ལམ་ཐོག་ལྷུང་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་བདེ་བླག་ངང་ཤར་བགྲོད་ཐུབ་མེད་པ་རེད། དེར་བརྟེན། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལམ་གཉིས་སུ་བགོས་ཏེ། ཕྱོགས་གཅིག་ནས་ལྕགས་ཁེམ་གྱིས་མེ་འགོག་ཁུལ་སྔོག་འདོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དུས་ཐོག་ཏུ་ཉེ་འཁོར་གྱི་མང་ཚོགས་ཁ་བཀྲམ་དུ་བཅུག་ནས་འགྲིམ་འགྲུལ་སྒྲིག་ལམ་ལ་སྣེ་ཁྲིད་བྱས་པ་རེད།
 
          སེམས་ཀྱི་ཞིང་ཁམས།མཐར་མེ་དུས་ཐོག་ཏུ་གསོད་ཐུབ་པར་བརྟེན། ད་རེས་ཀྱི་མེ་སྐྱོན་ནང་མི་སྣ་ཤི་རྨས་བྱུང་མེད་པ་རེད། བརྟག་དཔྱད་བྱས་པ་བརྒྱུད་མེ་སྐྱོན་འབྱུང་རྐྱེན་ནི་མཐོ་གནོན་གློག་སྐུད་ཀྱི་ཆག་སྐྱོན་དེ་མཐའ་འཁོར་སྤང་དུ་འཐོར་ཏེ་བྱུང་བའི་མེ་སྐྱོན་རེད།