དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྤྱི་བདེ་མི་སྣས་འདིར་འགྲོ་གྲོན་མི་དགོས་པའི་དྲན་སྐུལ་བྱས་འདུག

སྤེལ་དུས 2020-10-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           མིག་སྔར། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་འགོ་ཚུགས་ཡོད་པ་དང་། ཉེན་རྟོག་པས་དྲན་སྐུལ་བྱས་པར་དྲ་ཐོག་ཏུ་དོ་སྣང་ཆེན་པོ་བྱུང་ཡོད།

           ཉེ་ཆར། རྒྱལ་ཡོངས་ཀྱི་ས་ཁུལ་མང་པོ་ཞིག་ཏུ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པར་ཁ་གཡར་ནས་མགོ་སྐོར་གཏོང་བའི་གྱོད་གཞི་ཐོན་པར་སྤྱི་བདེ་ལས་ཁུངས་ནས་ཉེན་བརྡ་བཏང་སྟེ་དྲན་སྐུལ་བྱས་པར། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལ་འགྲོ་གྲོན་གང་ཡང་མི་བསྡུ་བ་དང་ཁ་པར་དང་འཕྲིན་ཐུང་། དྲ་ཐོག་སྤྱི་ཚོགས་འབྲེལ་འདྲིས་ཡོ་བྱད་བརྒྱུད་ནས་རང་ཉིད་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་མི་སྣ་ཡིན་ཁུལ་བྱས་ཤིང་།  མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལ་ཁ་གཡར་ནས་དངོས་ཟོག་དང་རྒྱུ་ནོར། རྩིས་ཐོའི་གསང་གྲངས་ཆ་འཕྲིན། འཕྲིན་ཐུང་ར་སྤྲོད་ཨང་གྲངས་སོགས་ལེན་པའི་རིགས་ཚང་མ་མགོ་སྐོར་གཏོང་བའི་བྱ་སྤྱོད་ཡིན་པ་རེད།

           ད་དུང་མི་ལ་ལས།  མི་འབོར་ཡོངས་ཁྱབ་ཞིབ་བཤེར་པ་ཡང་མགོ་སྐོར་གཏོང་མཁན་དུ་རྩིས་ཏེ་ཁ་ཡ་མི་བྱེད་པར་སེམས་ཁྲལ་བྱེད་བཞིན་ཡོད། དོན་དེར་དྲ་རྒྱའི་ཉེན་རྟོག་པས་དྲན་སྐུལ་བྱས་ཡོད་དེ། ཛ

           ད་དུང་ལས་དོན་མི་སྣས་ཀྱང་གསལ་བཤད་བྱས་ཡོད།

           མི་འབོར་ཡོངས་ཁྱབ་ཞིབ་བཤེར་དང་ལེན་བྱས་ཟིན་པའི་དྲ་གྲོགས་ཀྱིས་བཤད་རྒྱུར། འགྲོ་གྲོན་ཅི་ཡང་མི་བསྡུ་བ་མ་ཟད། ད་དུང་ལག་རྟགས་ཀྱང་སྤྲོད་སྲིད་པ་ཞིག་རེད།
ལས་དོན་མི་སྣའི་ཐོབ་ཐང་ཞིབ་དཔྱད་ཡང་དག་བྱས་རྗེས། ཚང་མས་ཧུར་བརྩོན་སྒོས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་བར་གཞོགས་འདེགས་བྱ་དགོས།

           ཤེས་རྟོགས་བྱུང་བར་གཞིགས་ན། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་ལོ་10ནང་ཞིབ་བཤེར་ཐེངས་རེ་བྱེད་ཀྱི་ཡོད་ལ། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་བདེ་བླག་ངང་བྱས་ཟིན། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་པ་ནི་མི་གྲངས་སྤྱི་འབོར་གསལ་རྟོགས་བྱེད་པ་ཙམ་མ་ཟད། ད་དུང་མི་འབོར་གྲུབ་ཚུལ་དང་ཁྱབ་ཚུལ་སོགས་ཀྱི་གནས་ཚུལ་ཡང་གསལ་པོ་ཤེས་རྟོགས་བྱེད་དགོས་ཀྱི་ཡོད། དེ་མིན་ད་དུང་སློབ་གསོ་དང་ལས་ཞུགས་སོགས་ཀྱི་སྲིད་ཇུས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བར་གཞི་འཛིན་ས་འདོན་སྤྲོད་བྱ་དགོས། ཡོངས་ཁྱབ་ཞིབ་བཤེར་པས་གོ་རིམ་གཉིས་བརྒྱུད་ནས་ཁྱིམ་ཚང་དུ་བསྐྱོད་དེ་མཐིལ་རྟོགས་དང་ཐོ་འགོད་བྱེད་ཀྱི་ཡོད། གྲོང་མིས་རང་འདོད་དུ་ཐོ་འགོད་བྱེད་སྟངས་གདམ་ག་བྱས་ཆོག་གི་ཡོད། འདི་ཡང་ཐེངས་དང་པོར་སྤྱད་པའི་ཐབས་ཤེས་ཤིག་ཡིན།