དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གསར་དུ་བཟོ་བཅོས་བརྒྱབ་པའི་བཅའ་ཁྲིམས་དེ་གཉིས2021ལོའི་ཟླ1ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ།

སྤེལ་དུས 2020-10-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར་གྲོལ་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་རྒྱལ་དར་བཅའ་ཁྲིམས་དང་རྒྱལ་རྟགས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་རེད།
          གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་དར་བཅའ་ཁྲིམས་དང་རྒྱལ་རྟགས་བཅའ་ཁྲིམས2021ལོའི་ཟླ1ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ།
          གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་དར་བཅའ་ཁྲིམས་ནང་གཏན་འབེབས་བྱས་དོན།
          རྒྱལ་སྟོན་དང་། རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན། གནམ་ལོ་གསར་ཚེས། དཔྱིད་གསར་དུས་ཆེན་བཅས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་སོགས་དུས་ཆེན་གལ་ཆེན་དང་། དྲན་གསོའི་ཉིན་མོར་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པ་ཁག་དང་དེ་བཞིན་ཐང་ཆེན་ཆེ་གྲས་དང་སྤྱི་གླིང་སོགས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་དར་སྒྲེང་དགོས་པ་དང་།
          ཁེ་ལས་དང་བྱ་གཞག་རྩ་འཛུགས་དང་། གྲོང་ཚོ་ཨུ་ལྷན། གྲོང་མི་ཨུ་ལྷན། གྲོང་མིའི་སྒོ་ར(ཐོག་ཁང་དང་ཁུལ་ཆུང)བཅས་ཆ་རྐྱེན་ཡོད་པའི་ཁུལ་དུ་རྒྱལ་དར་སྒྲེང་དགོས་པ།
          རལ་བ་དང་། དྲེག་པ་ཆགས་པ། ཚོས་གཞི་ལོག་པའམ་ཡང་ན་ཚད་གཞི་དང་མི་མཐུན་པའི་རྒྱལ་དར་སྒྲེང་བའམ་བེད་སྤྱོད་བྱས་མི་ཆོག་པ་དང་། རྒྱལ་དར་མགོ་རྟིང་ལོག་ནས་འགེལ་བ་དང་འཛུགས་པའམ་ཡང་ན་རྒྱལ་དར་གྱི་ལ་རྒྱར་གནོད་འཚེ་གཏོང་བའི་བྱེད་ཐབས་གཞན་དག་གི་ཐོག་ནས་རྒྱལ་དར་སྒྲེང་བའམ་བེད་སྤྱོད་བྱས་མི་ཆོག་པ་བཅས་རེད།
          གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་དར་བཅའ་ཁྲིམས་ནང་ཁ་གསལ་བསྟན་དོན། 
          རྒྱལ་དར་དང་དེ་བཞིན་དེའི་པར་རིས་ཚོང་རྟགས་དང་། ཁེ་བེད་བདག་དབང་སྤྲད་པའི་ཕྱིའི་ཇུས་འགོད་དང་ཚོང་ལས་ཀྱི་བརྡ་ཁྱབ་ལ་སྤྱོད་མི་ཆོག་པ་དང་། མི་སྒེར་གྱི་གཤིན་པོ་དུར་འཇུག་བྱེད་སྒོ་སོགས་འཚམ་པོ་མེད་རིགས་ལ་སྤྱོད་མི་ཆོག་པ།
གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་རྟགས་བཅའ་ཁྲིམས་ནང་ཁ་གསལ་བསྟན་དོན།
          སྤྱི་དམངས་ཀྱིས་སྒམ་བརླིང་ལྡན་པའི་བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་རྟགས་ཀྱི་རྟགས་མ་བཏགས་ནས་རྒྱལ་གཅེས་བརྩེ་སེམས་མཚོན་ཆོག་གི་ཡོད།
          གསར་དུ་བཟོ་བཅོས་བརྒྱབ་པའི་བཅའ་ཁྲིམས་གཉིས་པོར་གཞིགས་ཏེ། རྒྱལ་དར་དང་རྒྱལ་རྟགས་དེ་རྒྱལ་གཅེས་རིང་ལུགས་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་གྲྭ་འབྲིང་ཆུང་གིས་སློབ་མར་རྒྱལ་དར་དང་རྒྱལ་རྟགས་ཀྱི་ལོ་རྒྱུས་དང་བསམ་པའི་ནང་དོན་ཤེས་རྟོགས་བྱེད་པའི་སློབ་གསོ་རྒྱག་དགོས།