དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བོད་ལྗོངས་ནས་ལྐོག་རྔན་ལེན་མཁན་གྱི་དཔོན་པོ་ཞིག་ལ་གཞུང་གཏུག་བྱས་འདུག

སྤེལ་དུས 2020-12-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཉེ་སྔོན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་དྲུང་ཆེ་གཞོན་པ་དང་། གཞུང་དོན་ཐིང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་བཀྲ་ཤིས་རྒྱལ་མཚོ་ཡིས་(ཐིང་རིམ་པ་དང་པོ)ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཉིད་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བདག་སྤྲོད་ས་ཁོངས་ཏེ།  ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་འདུག 
          ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་དུས་རིམ་ནང་། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་བཀྲ་ཤིས་རྒྱ་མཚོར་གཏུག་བཤེར་དབང་ཆ་ལྡན་པ་གསལ་བཤད་བྱས་པ་མ་ཟད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བར་འདྲི་རྩད་བྱས་ཤིང་དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཉན་པ་རེད། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་ཐེར་འདོན་བྱས་དོན། ཞུ་སྦྱོར་ཕྱི་མ་བ་བཀྲ་ཤིས་རྒྱ་མཚོས་བོད་ལྗོངས་མཁའ་ལམ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ལས་འཛིན་པ། སྤྱི་གཉེར་པ། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གི་གོ་གནས་འཁུར་པའི་བབ་དང་བསྟུན་ཏེ། རྣམ་གྲངས་སྒྲུབ་འགན་ལེན་པ་དང་མུ་མཐུད་གདན་ཞུས་ལས་བསྐོ་བྱེད་པ་སོགས་ཀྱི་ཐད་མི་གཞན་ལ་ཁེ་ཕན་སྒྲུབ་ཅིང་། ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་དངོས་ལྐོག་ལེན་དང་སློང་ལེན་བྱས་ཤིང་། གྲངས་འབོར་ཧ་ཅང་ཆེ་བས་ལྐོག་རྔན་ལེན་པའི་ཉེས་མིང་ཐོག་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། 
རྩོམ་སྒྲིག་པ། བདེ་སྒྲོལ།