དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁ་པར་ཞིག་འབྱོར་རྗེས། སྒོར་ཁྲི་33གར་སོང་ཆ་མེད་དུ་སོང་།

སྤེལ་དུས 2020-12-07 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།

    ཟླ་10ཚེས་22ཉིན། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་གི་བསོད་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་ནས། ཉིན་དེའི་ཆུ་ཚོད་18དང་སྐར་མ་13ཙམ་ལ་ཝུའེ་ཕིན་ཧུའེ(唯品会)ཡི་ལས་མི་ཡིན་ཟེར་མཁན་གྱི་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་ཏེ།  ང་ཚོའི་ཀུང་སིས་བཀོལ་སྤྱོད་བྱེད་ནོར་ཤོར་ནས་ཁྱེད་ཀྱི་རྩིས་ཁྲ་གསེར་བྱང་ལ་རིམ་པ་སྤར་འདུག་པས།  གལ་སྲིད་འདི་མེད་པ་མ་བཟོས་ན། ཟླ་རེར་གྲོན་དངུལ་སྒོར་500འཐེན་གྱི་རེད་ཅེས་བརྗོད། དེ་ནས། བསོད་ཆེ་གེ་མོས་མི་དེས་བཤད་པ་ལྟར་ཁ་པར་དངུལ་ཁང་ནས་སྔ་རྗེས་སུ་དངུལ་སྒོར་330056.94བསྐུར་རྗེས། ད་གཟོད་རང་ཉིད་མགོ་སྐོར་ཐེབས་པ་ཤེས་ནས་འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས།
    གྱོད་དོན་སྙན་སེང་འབྱོར་རྗེས། གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་གཙོ་བོས་མཐོང་ཆེན་པོ་བྱས་ཏེ། ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་འཕྲལ་མར་གྱོད་འབྲེལ་དངུལ་ཁང་གི་རྩིས་ཁྲ་བཀག་སྡོམ་བྱེད་དུ་བཅུག་པ་དང་འབྲེལ། གྱོད་འབྲེལ་དངུལ་ཁང་གི་རྩིས་ཁྲའི་ནང་གི་མ་དངུལ་འགྲོ་ཕྱོགས་ལ་རྗེས་སྙེག་བྱས་པ་དང་འབྲེལ། “10·22”ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ་གྱོད་གཞི་རྩད་གཅོད་ཧུར་ཐག་བྱས་པ་རེད། 

    གྱོད་གཞི་འདི་ཚབས་ཆེན་པོ་ཡོད་པའི་དབང་གིས། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་རིམ་གཉིས་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་མཛུབ་ཁྲིད་བྱས་པ་དང་། གྱོད་འབྲེལ་རྩིས་ཁྲའི་མ་དངུལ་འགྲོ་ཕྱོགས་ལ་དབྱེ་ཞིབ་དང་ཆ་འཕྲིན་རྗེས་སྙེག་བྱས་པ་དང་ཆབས་ཅིག ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གསང་འཕྲིན་ཞིབ་བསྡུར་ཁང་གིས་ལག་རྩལ་ཐད་ནས་རྒྱབ་སྐྱོར་བྱས་པ་བརྒྱུད། མཐར་ཉེས་གསོག་དོགས་ཅན་གྱི་ཆ་འཕྲིན་དང་སྡོད་ས་གཏན་འཁེལ་བྱས་པ་རེད། 
    གྱོད་འབྲེལ་མ་དངུལ་ཁག་གཅིག་ཀོང་ཀྲོའུ་ནས་དངུལ་སྨར་བཏོན་སྟབས། ཆེད་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་ཀོང་ཀྲོའུ་རུ་བསྐྱོད་དེ། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་དང་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག ཟླ་10ཚེས་31ཉིན་ཉེས་གསོག་དོགས་ཅན་ཀྲོའུ་ཆེ་གེ་མོ་སོགས་བདེ་བླག་ངང་བཟུང་བ་རེད། ཉིན་མཚན་ལྟོས་མེད་ངང་འདྲི་རྩད་བྱས་པ་བརྒྱུད། ཚོགས་པ་འདིའི་ཁྲིམས་འགལ་ཉེས་གསོག་པ་ཁག་གཅིག་གི་ཐོབ་ཐང་དང་། འབྲེལ་བ། དངུལ་འགྲོ་ས་སོགས་རིམ་བཞིན་རྩད་ཆོད་པ་རེད། 

    ཆེད་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་པེ་ཅིང་དང་། ཀོང་ཀྲོའུ། ཧྲེན་ཀྲེན། ཧོ་ནན་སོགས་སུ་ཉེས་གསོག་དོགས་ཅན་འཛིན་པར་བསྐྱོད་ཅིང་། ཟླ་བ་གཅིག་ཙམ་རིང་འབད་འཐབ་བྱས་པ་བརྒྱུད། མཐར་ཉེས་གསོག་དོགས་ཅན་15(དེའི་ནང་དངུལ་སྨར་འདོན་མཁན་6དང་། འབྲེལ་བ་བྱེད་མཁན་1 སྒྲིག་འཛུགས་བྱེད་མཁན་1 འགོ་གཙོ་7བཅས་ཚུད་པ)བཟུང་པ་དང་། དངུལ་ཁང་གཱ་136དང་། ལག་ཐོགས་ཁ་པར་24  གློག་ཀླད་7  POSའཕྲུལ་ཆས་13  Uཏུན་2  དངུལ་རྩིས་འཕྲུལ་ཆས་2བཅས་གཞུང་བཞེས་བཏང་བ། དངུལ་སྒོར་ཁྲི་20ལྷག་ཙམ་འདེད་ལེན་ཐུབ་པ་རེད། 
    མིག་སྔར། ཁྲིམས་ལྟར་མི་7ཉེས་དོན་བཀག་ཉར་དང་མི་8ཁག་ཁྱེར་བཀའ་སྒུག་བྱས་པ་རེད། གྱོད་གཞི་འདི་མུ་མཐུད་སྒྲུབ་གཉེར་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།