དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

⏯ ཁ་ལོ་བ་འདིའི་བྱེད་སྟངས་འགྲིག་མི་འདུག

སྤེལ་དུས 2020-12-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ཟླ་11ཚེས་30ཉིན་ཀོང་ཤིས་ལིའུ་ཀྲོའུ་མི་དམངས་ཉེན་རྟོག་པར་ཐེར་འདོན་གོང་ཞུ་འབྱོར་བ་ལྟར་ན། ལས་དོན་སྒྲུབ་བཞིན་པའི་མྱུར་སྐྱོབ་རླངས་འཁོར་ཞིག་ལམ་དུ་སྐྱོད་སྐབས། མདུན་དུ་རླངས་འཁོར་ཞིག་ཁ་བཀག་ནས་བསྡད་ཡོད་པ་དང་། དུང་བརྡ་ཐེངས་12བཏང་ཡང་ལམ་དེ་ནས་གཟུར་མེད་པ་རེད།


          མྱུར་སྐྱོབ་རླངས་འཁོར་གྱི་ཁ་ལོ་བ་ལིའུ་ལགས་ཀྱིས། ཉིན་དེར་ང་ཚོ་གློ་ལུ་ཚབས་ཆེ་བའི་རྐྱེན་གྱིས་དབུགས་གཏོང་ལེན་དཀའ་བར་གྱུར་ནས་དབུགས་འགག་པའི་ཉེན་ཁ་ཡོད་པའི་ནད་པ་ཞིག་སྨན་ཁང་དུ་སྐྱེལ་བར་འགྲོ་སྐབས། མདུན་གྱི་རླངས་འཁོར་དཀར་པོ་ཞིག་གློག་ལྗང་སྒུག་ནས་བསྡད་ཡོད་པས། མྱུར་སྐྱོབ་རླངས་འཁོར་ཤར་བགྲོད་མི་ཐུབ་པར་གྱུར་སོང་། དེ་རྗེས་ང་ཚོས་ཛ་དྲག་དུང་བརྡ་ཐེངས་མང་བསྒྲགས་ནས་རླངས་འཁོར་དཀར་པོ་དེར་ལམ་དེ་ནས་གཟུར་ཙམ་བྱ་རྒྱུའི་བརྡ་བཏང་མོད། འོན་ཀྱང་རླངས་འཁོར་དཀར་པོའི་ཁ་ལོ་བས་གློག་སྒྲོན་ལྗང་ཁུ་མ་གསལ་བར་ལམ་གཟུར་མ་སོང་ཞེས་གསུངས།
     འགྲིམ་འགྲུལ་ཉེན་རྟོག་པས་བརྙན་ལམ་དང་མྱུར་སྐྱོབ་རླངས་འཁོར་གྱི་ཐོ་འགོད་ཡོ་བྱད་ལ་བལྟས་རྗེས། མྱུར་སྐྱོབ་རླངས་འཁོར་གྱིས་སྐར་མ་1དང་སྐར་ཆ་21གི་ནང་དུ་དུང་བརྡ་ཐེངས་12བཏང་བ་དང་། འཇིབ་ཆུང་རླངས་འཁོར་གྱི་ཁ་ལོ་བས་འགུལ་ཙམ་འགུལ་ཙམ་ཐེངས་ཁ་ཤས་བྱས་ཀྱང་སྔར་བཞིན་བགྲོད་ལམ་གཟུར་མེད་པ་ཤེས།

      འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་གྱི་ཨང་རྟགས་ཀྱི་ཆ་འཕྲིན་ལ་གཞིགས་ནས་ཁ་ལོ་བ་ལེང་ཆེ་གེ་མོ་དང་འབྲེལ་བ་བྱས། ལེང་ཆེ་གེ་མོས་དེ་སྔོན་རང་ཉིད་ལ་གློག་དམར་བརྒལ་བའི་ཆད་གཅོད་ཕོག་མྱོང་བས། ད་ཐེངས་གློག་དམར་པོ་བརྒལ་ན་སླར་ཡང་ཆད་པ་ཕོག་རྒྱུར་སྐྲག་བྱུང་ཞེས་བཤད་འདུག འགྲིམ་འགྲུལ་ཉེན་རྟོག་པས་ངང་རྒྱུད་རིང་པོས་ལེང་ཆེ་གེ་མོ་ལ་ཁྲིམས་ལུགས་ཀྱི་སློབ་གསོ་བཏང་བས། ལེང་ཆེ་གེ་མོས་རང་ཉིད་ཀྱི་ནོར་འཁྲུལ་ཤེས་ནས་རང་སྐྱོན་རང་བརྟག་བྱས་ཏེ་ཉེས་ཆད་དང་ལེན་བྱེད་འདོད་ཡོད་ཚུལ་བསྟན་འདུག

     འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་དོན། ཉེན་རྟོག་པའི་རླངས་འཁོར་དང་། མེ་གསོད་རླངས་འཁོར། སྨན་བཅོས་སྲོག་སྐྱོབ་རླངས་འཁོར། ལས་གྲྭའི་ཉེན་སྐྱོབ་རླངས་འཁོར་བཅས་ཀྱིས་ཛ་དྲག་ཆེ་བའི་ལས་འགན་སྒྲུབ་སྐབས་ཉེན་བརྡའི་ཡོ་ཆས་དང་ཉེན་བརྡའི་གློག་སྒྲོན་སྤྱད་དེ་ཉེ་འཁོར་གྱི་རླངས་འཁོར་ལ་ལམ་གཟུར་དགོས་པའི་བརྡ་བཏང་བའི་ཚེ། རྒྱ་ཆེའི་ཁ་ལོ་བས་དུས་ཐོག་ཏུ་རླངས་འཁོར་དེ་རིགས་ལས་གཡོལ་ནས་རོགས་སྐྱོབ་རླངས་འཁོར་གྱི་བགྲོད་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཀྱི་ཡོད་པ་རེད།

     འཚང་ཁ་ཆེ་བའི་ལམ་བུའི་སྟེང་། མྱུར་སྐྱོབ་རླངས་འཁོར་འོང་བའི་ཚེ། མདུན་གྱི་རླངས་འཁོར་གྱིས་རང་ཉིད་ཀྱི་མདུན་ཕྱོགས་ལམ་གྱི་ཏུའུ་45ཡི་གཡས་གཡོན་དུ་བཏང་ནས། གུ་དོག་པའི་ལམ་བུའི་ཐོག་རོགས་སྐྱོབ་རླངས་འཁོར་ལ“ཚེ་སྲོག་བགྲོད་ལམ”སྤྲོད་དགོས་ཀྱི་ཡོད།