དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

“གདོང་བཤེར”འདི་ཧ་ཅང་བློ་གཏད་ཆོག་པ་ཞིག་རེད།

སྤེལ་དུས 2020-12-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མ་འོངས་པར་ས་གནས་སོ་སོས་ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་ཆོག་མཆན་བཀོད་ནས་སྤྲོད་སྐབས། “གདོང་བཤེར་”བརྒྱུད་ནས་ཕྲུ་གུ་དམར་འབྱར་གྱི་ཕ་མའི་ཐོབ་ཐང་ལག་འཁྱེར་ལ་དཔྱད་བསྡུར་བྱས་ཏེ། ཕྲུ་གུ་བསླུས་འཚོང་དང་ཁྲིམས་འགལ་གྱིས་བུ་ཚབ་ཏུ་གསོ་བའི་ཁྲིམས་འགལ་ཅན་གྱིས་ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་བརྫུས་ལེན་བྱ་བར་དོགས་ཟོན་བྱ་རྒྱུ་རེད།

          དེ་རིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་གཞི་བཅོལ་ནས་ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་གི་གློག་རྡུལ་དཔང་ཡིག་བཀོལ་སྤྱོད་དང་ཁྱབ་གདལ་དུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ”བཀྲམས་ཤིང་། དེས་སང་ལོའི་ལོ་མཇུག་གི་སྔོན་ལ། ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་གི་གློག་རྡུལ་དཔང་ཡིག་ལ་རྒྱལ་ཡོངས་གཞི་གཅིག་ཅན་གྱི་ལས་སྟེགས་ཁྱོན་ཡོངས་ནས་བཀོལ་སྤྱོད་གཏིང་ཟབ་བྱ་རྒྱུ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
          བརྡ་ཐོས་ས་གནས་སོ་སོས་རྒྱལ་ཁབ་སྲིད་དོན་ཞབས་ཞུའི་ལས་སྟེགས་སྤྱད་ནས། ས་གནས་སོ་སོའི་སྲིད་དོན་ཞབས་ཞུའི་ལས་སྟེགས་སུ་ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་གི་གློག་རྡུལ་དཔང་ཡིག་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱ་བར་སྐུལ་འདེད་བཏང་བ་བརྒྱུད། ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་དྲ་ཐོག་ནས་ཞིབ་བཤེར་བྱེད་པ་དང་། ཕྲུ་གུ་སྐྱེ་བའི་གསོ་རིག་གི་ཆ་འཕྲིན་མཉམ་སྤྱོད་དང་བསྐྱར་སྤྱོད་། མང་ཚོགས་ལ་ལས་དོན་བསྒྲུབ་པ་སྟབས་བདེ་ཡོང་བ་བྱས་ཏེ། སྲིད་དོན་ཞབས་ཞུའི་ཕན་ནུས་མཐོར་འདེགས་སུ་གཏོང་བ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
          2021ལོའི་ལོ་མཇུག་སྔོན་ལ་རྒྱལ་ཡོངས་གཞི་གཅིག་ཅན་གྱི་ལས་སྟེགས་སུ་ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་གི་གློག་རྡུལ་དཔང་ཡིག་ཁྱོན་ཡོངས་ནས་བཀོལ་སྤྱོད་གཏིང་ཟབ་ཡོང་བ་མངོན་འགྱུར་བྱ་རྒྱུ་རེད།
          སྐྱེ་གཡོག་ལས་ཁུངས་སོ་སོའི་ཆ་འཕྲིན་གྱི་མ་ལག་དང་མ་བུ་བདེ་ཐང་གི་ཆ་འཕྲིན་མ་ལག་གཉིས་འབྲེལ་མཐུད་བྱས་ཏེ། ཆ་འཕྲིན་ཕན་ཚུན་མཉམ་སྤྱོད་དང་གཅིག་ཏུ་མཐུད་དགོས་ཤིང་། ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་ཆོག་མཆན་བཀོད་ནས་སྤྲོད་པའི་ལས་ཁུངས་ཀྱིས་མ་བུ་བདེ་ཐང་གི་ཆ་འཕྲིན་མ་ལག་བརྒྱུད་ནས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་ལས་སྟེགས་སུ་ཞུགས་དགོས་པ་དང་། ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་ཆོག་མཆན་བཀོད་ནས་སྤྲོད་དུས། གཞི་གཅིག་ཅན་གྱི་ལས་སྟེགས་ཀྱི་མི་དངོས་ཀྱི་ངོས་ལེན(ངོ་རིས་ངོས་འཛིན)ནུས་པ་བེད་སྤྱད་ནས། “གདོང་བཤེར”བྱས་ཏེ་ཕྲུ་གུའི་ཕ་མའི་ཐོབ་ཐང་ལག་འཁྱེར་ལ་དཔྱད་བསྡུར་བྱས་ཆོག་པ་དང་། ཡང་ན་ཐོབ་ཐང་ལག་འཁྱེར་ཀློག་འདོན་འཕྲུལ་ཆས་བེད་སྤྱད་ནས་སྡོད་དམངས་ཀྱི་ཐོབ་ཐང་ཆ་འཕྲིན་ལ་གདོང་རིས་ཀྱི་དཔྱད་བསྡུར་བྱས་ཏེ། ངོས་འཛིན་གྱི་ཞིབ་བཤེར་ལ་ཤུགས་སྣོན་བཏང་ནས“མི”དང“དཔང་ཡིག”གཅིག་མཐུན་ཡོང་བར་འགན་ལེན་བྱས་ཏེ། བྱིས་པ་བསླུས་འཚོང་དང་ཁྲིམས་འགལ་གྱིས་བུ་ཚབ་ཏུ་གསོ་བའི་ཁྲིམས་འགལ་ཅན་གྱིས་ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་བརྫུས་ལེན་བྱ་བར་དོགས་ཟོན་བྱེད་དགོས། 
          ས་གནས་སོ་སོས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་ལས་སྟེགས་ལ་བརྟེན་ནསAPPདང་། བྱ་རིམ་ཆུང་བའི་མ་ལག་སོགས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་སྤོ་སྒུལ་སྣེ་མོར་སྐུལ་འདེད་བཏང་སྟེ། ལེགས་བསྡུས་ཞིབ་གཉེར་གྱིས་འཛུགས་སྐྲུན་དང་གཞི་གྲངས་ཕན་ཚུན་མཉམ་སྤྱོད་བྱས་ཏེ། རིམ་པ་བཞིན་ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་དྲ་ཐོག་ནས་ལེན་པར་རེ་ཞུ་དང་། གདོང་བཤེར་རེ་ཞུ་དང་། དྲ་ཐོག་ཏུ་ཞིབ་བཤེར་བྱེད་པ། ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་དང་། ཁ་དན་ལྟར་དཔང་ཡིག་ལེན་པ་སོགས་མངོན་འགྱུར་ཡོང་བ་བྱེད་དགོས། 
          དུས་མཚུངས་སུ། ས་གནས་སོ་སོས“ཕྲུ་གུ་སྐྱེ་བའི་དོན་དག་གཅིག”གི་ཆེད་དུ་ཁོངས་བརྒལ་བ་དང་། སྡེ་ཁག་བརྒལ་ནས་བསྒྲུབ་པར་སྐུལ་འདེད་བཏང་སྟེ། རིམ་པ་བཞིན“དྲ་ཐོག་ནས་བསྒྲུབ་པ”དང“ལག་མཐིལ་ནས་བསྒྲུབ་པ”མངོན་འགྱུར་ཡོང་བ་བྱེད་དགོས།
            དེ་ལས་གཞན། སྤྱི་བདེ་ལས་ཁུངས་ཀྱིས་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་མཉམ་དུ་རིམ་པ་བཞིན་ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་ས་ཁོངས་བརྒལ་བ་དང་། སྡེ་ཁག་བརྒལ་ནས་ཕན་ཚུན་ཡིད་ཆེས་དང་ཁས་ལེན་ཡོང་བ་མངོན་འགྱུར་བྱེད་དགོས་ཤིང་། སྤྱི་བདེ་ལས་ཁུངས་ཀྱིས་ཕྲུ་གུ་དམར་འབྱར་གྱི་ཁྱིམ་ཐོ་གཏན་འཁེལ་བྱེད་པའི་འགྲོ་ལུགས་སྒྲུབ་དུས། ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་གི་ཤོག་བུ་པར་མའི་བདེན་དངོས་རང་བཞིན་ལ་དོགས་པ་ཡོད་པ་ལ། ཕྲུ་གུ་སྐྱེ་བའི་གསོ་རིག་དཔང་ཡིག་གི་གློག་རྡུལ་དཔང་ཡིག་ལ་དཔྱད་བཤེར་བྱ་རྒྱུ་དེ་རམ་འདེགས་དཔྱད་བཤེར་གྱི་ཐབས་ལམ་དུ་བཀོལ་ཆོག