དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཉེས་ཁྲིམས་ལ་བཟོ་བཅོས་ཆེན་པོ་བརྒྱབ། མྱུར་དུ་ལག་ལེན་བསྟར་རྒྱུ་རེད།

སྤེལ་དུས 2020-12-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཚེས་26ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་ཉེས་ཁྲིམས་དག་བཅོས་འཆར་ཟིན་(བཅུ་གཅིག)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད་ཅིང་། 2021ལོའི་ཟླ་3ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་རེད། ཉེས་ཁྲིམས་དག་བཅོས་འཆར་ཟིན་(བཅུ་གཅིག)ལ་དོན་ཚན་13ཁ་སྣོན་བྱས་པ་དང་དོན་ཚན་34ལ་བཟོ་བཅོས་བརྒྱབ་ཡོད། དེ་ན་ཁ་སྣོན་ནམ་བཟོ་བཅོས་བརྒྱབ་པའི་ནང་དོན་གང་དག་ཡོད་དམ་ཞེ་ན།
            བྱས་ཉེས་ཁ་ཤས་ཀྱི་ཉེས་དོན་འགན་འཁྲིའི་ལོ་ཚད་ཇེ་དམའ་རུ་བཏང་ཡོད།
            ཉེས་ཁྲིམས་དག་བཅོས་འཆར་ཟིན་(བཅུ་གཅིག)ནང་“དམིགས་བསལ་གྱི་གནས་ཚུལ་དང་དམིགས་བསལ་གྱི་གོ་རིམ་”གྱི་སྔོན་འགྲོའི་ཆ་རྐྱེན་འོག་ལོ་12ནས་14བར་གྱི་ལོ་ན་མ་སོན་པའི་སྐྱེ་བོས་དྲག་ཤུགས་ཀྱིས་བྱས་ཉེས་ཚབས་ཆེན་བསགས་པར་ཡང་ཉེས་དོན་འགན་འཁྲི་འཁུར་དགོས་པའི་གཏན་འབེབས་བྱས་ཡོད།
            ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་པའི་དོ་དམ་སློབ་གཅུན་གྱི་འགན་འཁྲི་གཏན་འབེབས་ཁ་གསལ་བྱས་པ་མ་ཟད། དགོས་ངེས་ཀྱི་དུས་སུ་བཅའ་ཁྲིམས་ལྟར་ཡོ་བསྲང་བཅོས་སྐྱོང་གི་སློབ་གསོ་རྒྱག་དགོས་པའི་གཏན་འབེབས་བྱས་ཡོད།
            ལོ་ན་མ་སོན་པའི་སྐྱེ་བོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།
            འགན་འཁྲི་དམིགས་བསལ་འཁུར་མཁན་གྱི་འདོད་ལོག་བཙན་གནོད་ཀྱི་བྱས་ཉེས་ཁ་སྣོན་བྱས་ནས། རང་ལོ་14ལ་སོན་ཞིང་16མ་ལོན་པའི་ལོ་ན་མ་སོན་པའི་བུད་མེད་ལ་ལྟ་སྐྱོང་དང་། ཉར་གསོ། སློབ་གསོ། སྨན་བཅོས་སོགས་ཀྱི་དམིགས་བསལ་འགན་འཁྲི་ཡོད་པའི་མི་སྣ་དང་ལོ་ན་མ་སོན་པའི་བུད་མེད་བར་ཕོ་མོའི་འབྲེལ་བ་བྱུང་རིགས་ལ་དུས་བཙོན་ལོ་གསུམ་མན་གྱི་ཉེས་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ།
            བུ་མོ་ཆུང་ངུར་ལོག་གཡེམ་བྱས་པའི་བྱས་ཉེས་ལ་བཟོ་བཅོས་བརྒྱབ་སྟེ། ལོ་ན་10ལ་མ་སོན་པའི་བུ་མོར་ལོག་གཡེམ་བྱས་པའམ་ལོ་ཆུང་བུ་མོར་གནོད་འཚེ་བཏང་བ་སོགས་གནས་ཚུལ་ཚབས་ཆེན་ལ་དུས་བཙོན་ལོ་བཅུ་ཡན་དང་ཚེ་བཙོན་ནམ་ཡང་ན་སྲོག་ཁྲིམས་སོགས་ཉེས་ཆད་གཅོད་ཆོག་པ་བྱས་ཡོད།
            བྱིས་པར་ཆགས་རྩེད་བྱས་པའི་བྱས་ཉེས་ལ་བཟོ་བཅོས་བརྒྱབ་སྟེ། བྱིས་པ་མང་པོའམ་ཐེངས་མང་པོར་ཆགས་རྩེད་བྱས་པ་དང་། བྱིས་པར་གནོད་འཚེ་བཏང་བའམ་ངན་འབྲས་ཚབས་ཆེན་གཞན་དག་བཟོས་རིགས། ཆགས་རྩེད་རྩེ་སྟངས་ངན་པ་སོགས་བྱིས་པར་ཆགས་རྩེད་བྱས་པའི་ཉེས་ཆད་ལྕི་མོ་གཅོད་པའི་ཁྱབ་ཁོངས་སུ་བཅུག་ཡོད།

            རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཉེས་དོན་ལ་བཅའ་ཁྲིམས་ཀྱིས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད།
            འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་བྱས་ཉེས་ལ་བཟོ་བཅོས་བརྒྱབ་སྟེ། ཏོག་གསར་གློ་ཚད་རིམས་ནད་སོགས་འགོས་ནད་རིགས་ཀ་པའི་དོ་དམ་བྱ་ཐབས་སྤྱོད་རྒྱུའི་གཏན་འབེབས་བྱས་རིགས་བྱས་ཉེས་འདིའི་ཁོངས་སུ་གཏོགས་པར་བྱས་ཡོད།
            རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པ་དང་། རིམས་ནད་བྱུང་ཁུལ་གྱི་སྦགས་བཙོག་ཐེབས་པའི་དངོས་རྫས་ཁྲིམས་འགལ་གྱིས་ཕྱིར་འཚོང་དང་དབོར་འདྲེན་བྱེད་པ་སོགས་ཉེས་གསོག་བྱ་སྤྱོད་ཀྱི་གཏན་འབེབས་ཁ་སྣོན་བརྒྱབ་ཡོད།
            སྨན་རྫས་སྤུས་ཞན་བཟོ་མཁན་དང་འཚོང་མཁན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཡོད།
            ཉེས་ཁྲིམས་དག་བཅོས་འཆར་ཟིན་(བཅུ་གཅིག)ནང་སྨན་རྫས་སྤུས་ཞན་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པ་དང་སྨན་རྫུན་མ་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་བྱས་ཉེས་འདྲ་མཚུངས་ཡིན་པའི་གཏན་འབེབས་བྱས་ཡོད། གཏན་འབེབས་ནང་དུ། སྨན་སྤུས་ཞན་ཐོན་སྐྱེད་དང་ཕྱིར་འཚོང་བྱས་ནས་མིའི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ངན་འབྲས་ཤིན་ཏུ་ཚབས་ཆེ་བའི་བཟོས་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་མ་ཟད། དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་ཞེས་བཀོད་ཡོད།
            དངུལ་རྩའི་སྐོར་གྱི་ཁྲིམས་འགལ་ལ་ཁྲིམས་གཅོད་ནན་མོ་གཅོད་རྒྱུ།
            ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་བྱས་པའི་བྱས་ཉེས་ཀྱི་ཁྲིམས་བཀོད་ཉེས་ཆད་ལྕི་ཤོས་ཀྱི་ཁྲིམས་ཆད་དུས་བཙོན་ལོ་བཅུ་ནས་བཅོ་ལྔའི་བར་མང་དུ་བཏང་བ་དང་། མ་དངུལ་བསྡུ་རུབ་ཁ་བསླུས་རྒྱག་པའི་བྱས་ཉེས་ཀྱི་ཉེས་ཆད་ལེགས་སྒྲིག་བྱས་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་བྱས་ཉེས་ལ་ཉེས་ཆད་གཅོད་ཤུགས་ཆེ་རུ་བཏང་ཡོད།
            ཁྲིམས་འགལ་གྱིས་བུ་ལོན་འདེད་པའི་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པ་གཏན་ལ་ཕབ་པ་དང་། དྲག་ཤུགས་སོགས་བྱེད་ཐབས་ངན་པ་སྤྱད་དེ་སྐྱེད་ཆེའི་བུ་ལོན་འདེད་པ་སོགས་ཁྲིམས་འགལ་གྱི་བུ་ལོན་ལེན་པའི་བྱ་སྤྱོད་ནི་བྱས་ཉེས་ཡིན་པའི་གཏན་འབེབས་བྱས་ཡོད།
            དངུལ་འཛིན་གྱི་བྱས་ཉེས་བསགས་པར་ཉེས་ཆད་གཅོད་ཤུགས་ཆེ་རུ་བཏང་ཡོད།
            མཐོ་ས་ནས་དངོས་པོ་དབྱུག་པ་དང་སྤྱི་སྤྱོད་རླངས་འཁོར་གྱི་ཁ་སྒྱུར་འཕྲོག་པ་སོགས་ཀྱི་བྱས་ཉེས་ཁ་སྣོན་བརྒྱབ་ཡོད།
            ཐོག་ཁང་སོགས་མཐོ་ས་ནས་དངོས་རྫས་འཕངས་པའི་གནས་ཚུལ་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གཅིག་མན་གྱི་དུས་བཀག་བཙོན་འཇུག་གམ་བཙན་ཉར་ལས་སྐུལ། བཀའ་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་དང་། དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། གོང་གསལ་ནང་གསེས་དོན་ཚན་གྱི་བྱས་ཉེས་བསགས་པ་དང་ཆབས་ཅིག་ཏུ་བྱས་ཉེས་གཞན་དག་བསགས་རིགས་ལ། ཉེས་ཆད་ཅུང་ལྕི་བའི་གཏན་འབེབས་ལྟར་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་གཅོད་རྒྱུ།

          འགྲོ་སྐྱོད་བྱེད་བཞིན་པའི་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཀྱི་ཁ་ལོ་བར་དྲག་སྤྱོད་སྤེལ་བའམ་ཡང་ན་ཁ་ལོ་བསྒྱུར་བའི་སྒྲིག་ཆས་བཙན་འཕྲོག་བྱས་ནས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཀྱི་རྒྱུན་ལྡན་འཁོར་སྐྱོད་ལ་འགོག་རྐྱེན་བཟོས་ནས་སྤྱི་པའི་བདེ་དོན་ལ་ཉེན་ཁ་བཟོས་རིགས་ལ་ལོ་གཅིག་མན་གྱི་དུས་བཀག་བཙོན་འཇུག་གམ་བཙན་ཉར་ལས་སྐུལ། བཀའ་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་དང་། དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ།
          “གཞན་མིང་རང་དུ་རྫུས་པའི་”བྱས་ཉེས་ཁ་སྣོན་བརྒྱབ་ཡོད།
          མི་གཞན་གྱི་ཐོབ་ཐང་རྐུ་སྤྱོད་དང་བརྫུས་སྤྱོད་བྱས་པ་དང་། མི་གཞན་གྱི་ཚབ་བྱས་ཏེ་མཐོ་རིམ་སློབ་གྲྭའི་སློབ་གསོའི་སློབ་ཞུགས་ཐོབ་ཐང་དང་། གཞུང་ཞབས་བསྡུ་བའི་ཐོབ་ཐང་། ལས་ཞུགས་བཀོད་སྒྲིག་གི་ཐོབ་ཐང་བཅས་བླངས་རིགས་ལ་དུས་བཙོན་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གམ་བཙན་ཉར་ལས་སྐུལ། བཀའ་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།
          རྩ་འཛུགས་དང་མི་གཞན་ངན་སྐུལ་བྱས་ཏེ་གོང་གསལ་ནང་གསེས་དོན་ཚན་ནང་འཁོད་བྱ་སྤྱོད་སྤེལ་དུ་བཅུག་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་ལྕི་བར་གཅོད་རྒྱུ།
          རྒྱལ་ཁབ་གཞུང་གི་ལས་བྱེད་པ་ལས་གོང་གསལ་ནང་གསེས་དོན་ཚན་གཉིས་ཀྱི་བྱ་སྤྱོད་ཡོད་པ་མ་ཟད་བྱས་ཉེས་གཞན་དག་ཀྱང་བསགས་རིགས་ལ་བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱ་རྒྱུའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།
          སྔོན་གཤེགས་དཔའ་བོར་དམའ་འབེབས་དང་སྙོན་འཛུགས་བྱས་པའི་བྱ་སྤྱོད་ཀྱི་ཉེས་གསོག་ཁ་སྣོན་བརྒྱབ་ཡོད།
          ཉེས་ཁྲིམས་དག་བཅོས་འཆར་ཟིན་(བཅུ་གཅིག)དང་སྔོན་གཤེགས་དཔའ་བོའི་སྲུང་སྐྱོང་བཅའ་ཁྲིམས་འབྲེལ་མཐུད་བྱས་ནས་སྔོན་གཤེགས་དཔའ་བོར་དམའ་འབེབས་དང་སྙོན་འཛུགས་བྱེད་པའི་བྱ་སྤྱོད་དག་ཉེས་གསོག་ཡིན་པ་གཏན་འཁེལ་བྱས་ཡོད། “དམའ་འབེབས་དང་སྙོན་འཛུགས་སམ་ཡང་ན་བྱེད་ཐབས་གཞན་དག་བརྒྱུད་ནས་སྔོན་གཤེགས་དཔའ་བོའི་སྙན་གྲགས་དང་གཟི་བརྗིད་ལ་གནོད་པ་བཟོས་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཟོས་པའི་གནས་ཚུལ་ཚབས་ཆེ་བའི་རིགས་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གམ་བཙན་ཉར་ལས་སྐུལ། བཀའ་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་”ཡིན་པ་གཏན་འབེབས་བྱས་ཡོད།
          ཁྲིམས་འགལ་གྱིས་གཞི་རྒྱུ་རྩོམ་སྒྲིག་བྱས་པ་སོགས་ཀྱི་ཉེས་གསོག་ཁ་སྣོན་བརྒྱབ་ཡོད།
          ཉེས་ཁྲིམས་དག་བཅོས་འཆར་ཟིན་(བཅུ་གཅིག)དང་སྐྱེ་དངོས་བདེ་འཇགས་ཀྱི་བཅའ་ཁྲིམས་འབྲེལ་མཐུད་བྱས་ནས། ཁྲིམས་འགལ་གྱིས་མིའི་ལུས་ཁམས་ཀྱི་གཞི་རྒྱུ་རྩོམ་སྒྲིག་དང་རྒྱུད་བཤུས་སྦྲུམ་རྟེན་གྱི་ཉེས་གསོག་དང་། རྒྱལ་ཁབ་ཀྱི་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་ཉེས་གསོག ཕྱི་ནས་བཙན་འཇུག་བྱེད་མཁན་དངོས་རིགས་ཁྲིམས་འགལ་གྱིས་ཐག་གཅོད་བྱས་པའི་ཉེས་གསོག་བཅས་ཉེས་གསོག་བྱ་སྤྱོད་རིགས་གསུམ་གྱི་གཏན་འབེབས་ཁ་སྣོན་བརྒྱབ་ཡོད།

          ཤེས་བྱའི་ཐོན་དངོས་བདག་དབང་གི་ཉེས་གསོག་སྐོར་གྱི་གཏན་འབེབས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ།
          ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཐོ་འཁོད་ཚོང་རྟགས་རྫུན་མ་བཙོངས་པའི་བྱས་ཉེས་དང་། ཁྲིམས་འགལ་གྱིས་བཟོས་པའི་ཚོང་རྟགས་དང་མཚོན་རྟགས་ཁྲིམས་འགལ་གྱིས་བཟོ་བ་དང་ཕྱིར་ཚོང་བྱས་པའི་བྱས་ཉེས། རྩོམ་གྱི་བདག་དབང་ལ་གནོད་འཚེ་བཏང་བའི་བྱས་ཉེས། གཞན་གྱི་བདག་དབང་ལ་གནོད་འཚེ་བཏང་བའི་འདྲ་བཟོས་དངོས་རིགས་བཙོངས་པའི་བྱས་ཉེས། ཚོང་ལས་ཀྱི་གསང་བར་གནོད་འཚེ་བཏང་བའི་བྱས་ཉེས་སོགས་བྱས་ཉེས་ཁག་དྲུག་གི་ཉེས་ཆད་འོས་འཚམས་སྤར་ནས་ཁྲིམས་གཅོད་བྱེད་ཤུགས་ཆེ་རུ་བཏང་ཡོད།
          “ཚོང་ལས་གསང་མྱུལ་བའི་”ཉེས་གསོག་གི་གཏན་འབེབས་ཁ་སྣོན་བརྒྱབ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།