དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལོ་གསར་ཚེས་གཅིག་ལ་བུ་མོ་ཆུང་ཆུང་ཞིག་མིས་བསླུ་ཁྲིད་བྱས་འདུག

སྤེལ་དུས 2021-02-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

       ལོ་གསར་ཚེས་གཅིག་ནི་ནང་མི་མཉམ་འཛོམས་ཀྱི་དགའ་སྐྱིད་ལྡན་པའི་ཉིན་མོ་ཞིག་ཡིན་ཡང་། ཧའེ་ནན་ཞིང་ཆེན་ནས་ཡིན་པའི་སྐུ་ཞབས་ཕན་ལགས་ཀྱི་ནང་མི་ཚང་མ་ལོ་གསར་ཚེས་གཅིག་ལ་ཁྱིམ་དུ་དལ་དལ་ལྷོད་ལྷོད་ངང་ལོ་གསར་གཏོང་ཁོམ་མེད་པར། བུ་མོ་བོར་སོང་བ་ནས་གྲོང་ཁྱེར་ཡོངས་སུ་བུ་མོ་འཚོལ་བའི་བར་དང་། མཐའ་མཇུག་བུ་མོ་ཚུར་རྙེད་པའི་བར་བཅས་ཚེས་གཅིག་གི་ཉིན་མོ་དེ་སེམས་ཁྲལ་དང་འཇིགས་སྣང་ཁྲོད་སྐྱེལ་དགོས་བྱུང་ཡོད། 

       “ངའི་ལོ་གསུམ་གྱི་བུ་མོ་བོར་འདུག” 
       སྤྱི་ཟླ་2པའི་ཚེས་12ཉིན་གྱི་ཆུ་ཚོད་11ཙམ་ལ། ཧའེ་ནན་ཁྲེང་མའེ་སྤྱི་བདེ་མི་དམངས་ཉེན་རྟོག་པས་སྒོ་རྩིས་ཚོང་ཁང་ཞིག་གི་སྒོ་འགྲམ་དུ་ཉེན་ཟོན་སྐོར་ཞིབ་བྱེད་སྐབས། བུད་མེད་གཅིག་གི་རོགས་སྐྱོར་རེ་ཞུ་འབྱོར་བ་རེད། ཁྲེང་མའེ་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ཉེན་རྟོག་པ་40ལྷག་ཙམ་གཅིག་སྡུད་ཀྱིས་སྒོ་རྩིས་ཚོང་ཁང་བཀག་སྡོམ་བྱས་ནས་ནུས་ཤུགས་ཡོད་རྒུས་བུ་མོ་ཆུང་ཆུང་འཚོལ་བ་རེད། 
       དུས་མཚུངས་སུ། མི་དམངས་ཉེན་རྟོག་པས་བུ་མོ་དེ་འབོར་བརླག་སོང་བའི་དུས་ཚོད་ཀྱི་སྤྱི་པའི་བརྙན་ལམ་ཞིག་ནས།  ཁ་རས་རྒྱབ་པའི་བུད་མེད་དར་མ་ཞིག་གིས་བུ་མོ་ཆུང་ཆུང་དེ་འཁོར་གསུམ་གློག་སྒུལ་རླངས་འཁོར་ཞིག་གི་ཐོག་བཞག་ནས་ཁྲིད་ཕྱིན་པ་མཐོང་ཡོད། 

       ཆུ་ཚོད་11དང་སྐར་མ་40གཡས་གཡོན་ལ། བུ་མོ་ཆུང་ཆུང་བསླུ་བྲིད་བྱས་པའི་ ལི་ཆེ་གེ་མོའི་གཞི་རྩའི་ཆ་འཕྲིན་མི་དམངས་ཉེན་རྟོག་པས་རྩད་ཆོད་གསལ་པོ་བྱུང་བ་རེད། 
       དེ་རྗེས། ཉེན་རྟོག་པས་འཕྲལ་དུ་ལི་ཆེ་གེ་མོ་འགྲོ་སྐྱོད་བྱས་མྱོང་བའི་ས་ཁོངས་སུ་འཚོལ་བཤེར་བྱས་པ་དང་། གྲོང་མི་ཨུ་ལྷན་གྱི་ལས་བྱེད་པ་དང་སེམས་བཟང་ཅན་གྱི་མང་ཚོགས་ཀྱིས་ཀྱང་ཉེན་རྟོག་པར་དོགས་ཡོད་མི་སྣ་འཚོལ་རོགས་བྱས་ཡོད། 
       ཆུ་ཚོད་15དང་སྐར་མ་40ཐོག མང་ཚོགས་ཀྱིས་མཁོ་འདོན་བྱས་པའི་ཁུངས་སྣེར་གཞིགས་ཏེ། ཆུ་ཚོད་16ཙམ་ལ་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཡོད་པ་ལི་ཆེ་གེ་མོ་འཛིན་བཟུང་བྱས་པ་དང་། བུ་མོ་ཆུང་ཆུང་བསྐྱབས་ཐུབ་པ་བྱུང་ཡོད།  དེ་ལྟར་དུས་ཐུང་ཆུ་ཚོད་4ལྷག་ཙམ་ནང་བྱིས་པ་བསླུ་བྲིད་བྱེད་པའི་གྱོད་གཞི་དེ་བདེ་བླག་ངང་རྩད་ཆོད་པ་རེད།
       འདྲི་རྩད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཆེ་གེ་མོ་ཡིས་སྒོ་རྩིས་ཚོང་ཁང་ནས་བུ་མོ་ཆུང་ཆུང་དེ་སྙིང་རྗེ་པོ་ཡོད་པ་མཐོང་རྗེས།  བུ་མོ་དེ་བསླུ་ཁྲིད་བྱེད་འདོད་པ་རེད།  ཁོ་མོའི་བསམ་ཡུལ་ལས་འདས་པ་ཞིག་ནི་ཆུ་ཚོད་ཁ་ཤས་ཙམ་ལས་མ་སོང་བར་ཉེན་རྟོག་པས་ཁོ་མོ་འཛིན་བཟུང་ཐུབ་པ་རེད། 
       ཉེན་རྟོག་པས་དྲན་སྐུལ་གནང་དོན། ལོ་ཆུང་བྱིས་པར་བདེ་སྲུང་གི་འདུ་ཤེས་དཀོན་པའི་དབང་གིས། ཁྱིམ་བདག་གམ་ཡང་ན་བྱིས་པ་ལྟ་སྐྱོང་བྱེད་མཁན་གྱིས་བྱིས་པ་ཕྱི་ལ་འཁྲིད་འགྲོ་སྐབས་དང་། ལྷག་དོན་དུ་མི་ཚོགས་འདུ་འཛོམས་ཆེ་བའི་བྱེད་སྒོ་སྤེལ་ཡུལ་དུ་འཁྲིད་འགྲོ་སྐབས། ངེས་པར་དུ་བྱིས་པ་རང་ཉིད་ཀྱི་མིག་གི་མཐོང་སར་ཉར་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།