དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དྲ་གྲགས་ཐོན་རྫས་འདི་དག་ཚད་ལོན་མི་འདུག

སྤེལ་དུས 2021-02-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཉེ་ཆར། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱིས་ལྟ་ཞིབ་འཐེན་བཤེར་བྱས་པའི་གྱོན་ཆས་ཐོན་རྫས་ཁག་43ཚད་ལོན་མེད་པ་རེད།

      ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིར་ཁྱོན་ཞིང་ཆེན(གྲོང་ཁྱེར)14ཡི་ཁེ་ལས་ཁག301གིས་ཐོན་སྐྱེད་བྱས་པའི་གྱོན་ཆས་ཐོན་རྫས་ཁག་315ལ་འཐེན་བཤེར་བྱས་པ་དང་། དེ་དག་ལས་ཐོན་རྫས་ཁག་25ནི་རྫུན་མ་དང་། བཟོ་གྲྭའི་མིང་དང་བཟོ་གྲྭ་གནས་ཡུལ་མེད་པའི་དོགས་གཞི་ཡོད་པ་རེད། དེ་མིན་ཞིབ་བཤེར་བྱས་པའི་ཐོན་རྫས་ཁག་290ལས་ཐོན་རྫས་ཁག་43གྱི་ཚད་ལོན་མེད་པ་དང་། ཚད་མ་ལོན་པའི་ཐོན་རྫས་ཀྱིས་14.8%ཟིན་ཡོད་པ་རེད། ཀ་ཆོན་ཀ་པ་འདུས་ཚད་དང་། pHགྲངས་ཚད། འབྲས་སྐྲན་སློང་བའི་དྲི་ཞིམ་ཨན་གྱི་ཚོས་རྫས། ཆུ་བཟོད་མདོག་བརྟན་ཚད་གཞི། སྐྱུར་བཟོད་རྔུལ་ཆུ་སྲ་མོ། བུལ་བཟོད་རྔུལ་ཆུ་སྲ་མོ། སྐམ་བརྡར་མདོག་བརྟན་ཚད་གཞི། ཚི་སྣ་འདུས་ཚད་སོགས་རྣམ་གྲངས་ཁག་8ནི་ཐེངས་འདིའི་ཞིབ་བཤེར་གྱི་གཙོ་གནད་དུ་བཟུང་ཡོད། ཚད་མ་ལོན་པ་དག་ནི་ཚི་སྣའི་འདུས་ཚད་དང་། pHགྲངས་ཚད། ཆུ་ཐེག་མདོག་བརྟན་ཚད་གཞི། བུལ་བཟོད་རྔུལ་ཆུ་སྲ་གཟུགས་བཅས་དང་འབྲེལ་བ་ཡོད་པ་རེད། 
       ཐོན་རྫས་ཁག་34ཡི་ཚད་མ་ལོན་པའི་རྣམ་གྲངས་ནི་ཚི་སྣའི་འདུས་ཚད་དང་འབྲེལ་ཞིང་དེའི་འདུས་ཚད་ཀྱིས་79%ཟིན་གྱི་ཡོད་པ་རེད།
       ཚི་སྣའི་འདུས་ཚད་ནི་གྱོན་ཆས་ཐོན་རྫས་ཀྱི་རྒྱུ་སྤུས་དམིགས་ཚད་གལ་ཆེན་ཞིག་ཡིན་ལ། རྒྱུ་ཆའི་གྲུབ་ཆའི་བཟང་ངན་ནི་གྱོན་ཆས་ཐོན་རྫས་ཀྱི་རིན་ཐང་ཐག་གཅོད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་འགྱུར་ཡོད། འཛད་སྤྱོད་པས་གྱོན་ཆས་ཉོ་སྐབས་ཚི་སྣའི་འདུས་ཚད་ལ་བལྟས་ནས་འདེམ་གྱི་ཡོད་ཅིང་། ཚི་སྣའི་འདུས་ཚད་ཁ་གསལ་པོ་བཤད་མེད་པའམ་ཡང་ན་གསལ་བཤད་བྱས་པ་འགྲིག་མེད་ཚེ་ཐད་ཀར་འཛད་སྤྱོད་པའི་གདམ་གར་ཤུགས་རྐྱེན་ཐེབས་སྲིད། ཐེངས་འདིར་ཞིབ་བཤེར་བྱས་པ་ཡོངས་ལས་ཐོན་རྫས་ཁག་34ཡི་ཚི་སྣའི་འདུས་ཚད་ཀྱི་ཚད་ལོན་མེད་པ་རེད། 
 
 
       དེའི་ནང་ཚད་ལོན་མེད་པའི་ཐོན་རྫས་ནི་གཤམ་གསལ་ལྟར།
       ཐོན་རྫས་ཁག་12ཀྱི་ཚད་མ་ལོན་པའི་རྣམ་གྲངས་ནི་pHགྲངས་གཞི་དང་འབྲེལ་ཞིང་དེས་27.9%ཟིན་ཡོད།
       pHགྲངས་གཞི་མཐོ་དྲགས་པའམ་དམའ་དྲགས་པའི་ཐོན་རྫས་ནང་གི་སྐྱུར་ཚྭའི་དངོས་རྫས་ཚད་ལས་བརྒལ་ན། མིའི་ལུས་པོའི་སྐྱི་མོའི་ཕྱི་ངོས་ཀྱི་སྐྱུར་བུལ་དོ་མཉམ་ཡོང་པར་གནོད་པ་དང་། པགས་ནད་དང་། པགས་པ་ཟ་འཕྲུག་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད། ཐེངས་འདིའི་ཞིབ་བཤེར་ལས་ཐོན་རྫས་ཁག་12ཀྱི་pHགྲངས་གཞི་ཚད་དང་མི་མཐུན་པ་ཞིག་རེད།
       ཚད་ལོན་མེད་པའི་ཐོན་རྫས་ནི་གཤམ་གསལ་ལྟར། མདོག་བརྟན་ཚད་གཞི་ཞན་པའི་ཐོན་རྫས་དེ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་མདོག་ཡལ་བའམ་ཡང་ན་གྱོན་ཆས་གཞན་བཙོག་པ་བཟོ་བཞིན་ཡོད་པ་དང་། བེད་སྤྱོད་ལ་ཤུགས་རྐྱེན་ཐེབས་སྲིད། ཐེངས་འདིའི་ཞིབ་བཤེར་ཁྲོད་ཀྱི་ཐོན་རྫས་ཁག་དང་པོ་དེ་ཆུ་ཚོན་ཐེག་ཐུབ་ཚད་དང་། བུལ་བཟོད་རྔུལ་ཆུ་མདོག་བརྟན་ཚད་གཞི། ཚི་སྣའི་འདུས་ཚད་བཅས་ཚང་མ་ཚད་དང་མི་མཐུན་པ་ཞིག་རེད།  ཕུའུ་ལུའུ་མོ་ཆས་ཚོང་ཁང་(富铤女装旗舰店)གིས་རྐྱང་ཁྲའི་(斑马)ཚོགས་མིའི་ཚོང་སྟེགས་ལས་ཕྱིར་ཚོང་བྱས་པའི་མཚོན་རྟགས་ལ་ཀྲེ་ཅང་ཧེང་ཁུན་གྱོན་ཆས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པ་ཞེས་བཀོད་ཡོད་པ་རེད།(ཚོང་ཟོག་ཨང་2329པ)

རྩོམ་སྒྲིག་པ། བདེ་སྒྲོལ།