དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དོན་དག་འདིའི་རིགས་ཆུ་ཚོད24ཡི་རིང་ལ་སྒུག་མི་རུང་།

སྤེལ་དུས 2021-02-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཉེ་ཆར།
ཨན་ཧའེ་ཧའོ་ཀྲུའུ་(安徽亳州)ཡི་བྱིས་པ་ཆུང་ཆུང་ཞིག་བོར་བརླག་བྱུང་རྗེས།
མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་བཙལ་ནས་ཨ་མའི་གམ་དུ་བསྐྱལ་ཞིང་།
“ཉེན་བརྡ་མི་གཏོང་བའི་རྒྱུ་མཚན་གང་ཡིན་ནམ”ཞེས་དྲིས་པར།
ཨ་མ་འདིས་བསྐྱོན་པའི་ལན་གྱིས་མི་རྣམས་སྐྲག་ཏུ་བཅུག

བྱིས་པ་བོར་ནས་དུས་ཚོད24མ་འགོར་བར་ཉེན་རྟོག་པར་གཏུག་མི་ཆོག་གམ།
ཉེན་རྟོག་པས་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཟེར། 
ཟླ2པའི་ཚེས19ཉིན།
ཨན་ཧུའེ་ཧའོ་ཀྲོའུ་ཡི་མངགས་གཏོང་ཁང་དང་པོའི་ཉེན་རྟོག་པས་བཤད་རྒྱུ།
བྱིས་པ་ཞིག་བོར་བརླག་བྱུང་བ་དང་།
མི་དམངས་ཉེན་རྟོག་པས་མངགས་གཏོང་ཁང་དུ་ཁྲིད་ནས་སེམས་གསོ་བྱས་རྗེས།
བྱིས་པས་ཁྲིད་སྟོན་གྱི་ཁ་ཕྱོགས་ལ་གཞིགས་ནས།
བྱིས་པའི་ཨ་མ་རྙེད་པ་ཡིན།
ཨ་མ་དེས་རང་གི་བྱིས་པ་མཐོང་རྗེས།
མིག་ཆུ་ཁྲོམ་ཁྲོམ་བཞུར།
ཉེན་རྟོག་པས།
ཉེན་བརྡ་མི་གཏོང་བའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་འདྲི་སྐབས།
བྱིས་པའི་ཨ་མས།
གོ་ཐོས་སུ་དུས་ཚོད24མ་འགོར་བར་ཉེན་རྟོག་པར་ཉེན་བརྡ་གཏོང་མི་རུང་ཟེར།
མི་དམངས་ཉེན་རྟོག་པས་ལམ་སེང་མོ་ལ།
དུས་ཚོད24ཡི་རིང་ལ་སྒུག་མི་དགོས་པར།
བྱིས་པ་བོར་སོང་བ་ཤེས་ཚེ་མྱུར་དུ་ཉེན་རྟོག་པར་ཉེན་བརྡ་གཏོང་དགོས་ཞེས་བཤད།
2010ལོར་སྤྱི་བདེ་པུའུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག
《བུད་མེད་དང་བྱིས་པ་བསླུས་འཚོང་གི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུའི་སྐོར་གྱི་
བསམ་འཆར》ཞེས་པ་འགྲེམས་སྤེལ་བྱས་པའི་ནང་།
བྱིས་པ་གར་སོང་ཆ་མེད་དུ་གྱུར་པའམ།
ཡང་ན་ལོ14ལ་སོན་ཀྱང་ལོ18ལ་མ་སླེབས་པའི་བུད་མེད་གར་སོང་ཆ་མེད་དུ་གྱུར་བའི་གྱོད་དོན་སྙན་སེང་ཞུ་བའི་རིགས།
སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་ཉེས་དོན་གྱོད་གཞི་ཐོ་འགོད་བྱས་ནས།
མྱུལ་ཞིབ་ལས་དོན་མགྱོགས་མྱུར་ངང་སྤེལ་དགོས་པར་གཏན་འབེབས་བྱས་ཡོད།
དྲ་གྲོགས་ལ་ལས།
རང་ཉིད་ཀྱིས་ཀྱང་སྔོན་ཆད་ཆུ་ཚོད24ཡི་རྗེས་ནས།
ད་གཟོད་ཉེན་རྟོག་པར་གཏུག་དགོས་བསམ་མྱོང་ཟེར།
ད་རུང་དྲ་གྲོགས་ལ་ལས།
གལ་ཏེ་ཆུ་ཚོད24བར་དུ་སྒུག་རྗེས།
ཕལ་ཆེར་འཚོལ་བའི་དུས་ཚོད་ལེགས་ཤོས་དེ་ཤོར་འགྲོ་ཞེས་གསལ་འདེབས་བྱས།
རྩོམ་སྒྲིག་པ། བདེ་སྒྲོལ།