དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རྨ་ཆུའི་ཁར་ཕག་རོ་དབྱུག་མཁན་དོཊ་ཡོད་ཉེས་ཅན་གཉིས་གཏན་འཁེལ་བྱུང་བ།

སྤེལ་དུས 2021-03-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་ཨེའར་ཏུའོ་སི་གྲོང་ཁྱེར་ཏ་ལ་ཐེ་ཆི་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ་3ཚེས་23ཉིན་གྱི་ཆུ་ཚོད་9པར། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་ཆི་དེའི་ས་ཁོངས་ཀྱི་རྨ་ཆུའི་ཆུ་རགས་སུ་འཕངས་པའི་ཕག་རོ་48འཚོལ་བསྡུ་བྱས་ཤིང་། དོན་རྐྱེན་དེ་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་པ་2གཏན་འཁེལ་བྱུང་ཡོད། ས་གནས་དེ་གའི་གྲོང་ཁྱེར་དང་ཆི་རིམ་པ་གཉིས་ཀྱི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་འགན་འཁྲི་བདའ་འདེད་བྱེད་འགོ་ཚུགས་པ་དང་། ཕག་རོའི་འབྱུང་ཁུངས་དང་ཤི་རྐྱེན་ལ་སྤྱི་བདེ་སྡེ་ཁག་གིས་བརྟག་དཔྱད་བྱེད་བཞིན་ཡོད།
           ཏ་ལ་ཐེ་ཆི་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ཟླ་3ཚེས་21ཉིན་སྨྱན་སྦྱོར་གྱིས《མཐོང་བ་ཙམ་གྱིས་ཧང་སང་དགོས་པ་ཞིག་སྟེ། རྨ་ཆུའི་ཆུ་རགས་ཆེན་པོར་ཕག་རོ་འདི་འདྲ་མང་པོ་ག་ནས་ཡོང་བ་ཡིན་ནམ།》ཞེས་པའི་གནས་ཚུལ་སྤེལ་རྗེས། ཆི་ཨུད་དང་སྲིད་གཞུང་གིས་འཕྲལ་མར་བརྟག་དཔྱད་དང་ཐག་གཅོད་ལས་དོན་གྱི་འགོ་ཚུགས་ཤིང་། ཞིང་འབྲོག་སྡེ་ཚན་གྱིས་ཆུ་རགས་སུ་འཕངས་ཡོད་པའི་ཕག་རོ་ལས་མ་དཔེ་བླངས་ཏེ་རང་སྐྱོང་ལྗོངས་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ཞིབ་བཤེར་ཚད་ལེན་དུ་བསྐྱལ་བ་མ་ཟད། རིམས་ནད་རིག་པའི་བརྟག་དཔྱད་སོགས་ཀྱི་ཁུངས་འདེད་ལས་དོན་ཡང་སྤེལ་བ་རེད།
     དེ་དང་ཆབས་ཅིག་ཕག་རོ་དག་ཆེད་ལས་ཀྱི་བརྒྱུད་རིམ་ལྟར་འཚོལ་བསྡུ་བྱས་ཏེ་ཆི་དེའི་ཕྱུགས་ནད་གནོད་མེད་ཅན་དུ་བསྒྱུར་བའི་ཐག་གཅོད་ལྟེ་གནས་སུ་བསྐྱལ་ནས་ཐག་གཅོད་བྱས་པ་དང་། ཕག་རོ་འཕངས་གནས་ཉེ་འཁོར་གྱི་སྤྱི་ལེ་3གྱི་ཁྱབ་ཁོངས་ནང་དུ་ཡོད་པའི་ཕག་ལྷས་ཚང་མར་གྲལ་བཤེར་བྱས་ནས་ཕག་པ་རེ་འགར་དཔེ་འཐེན་ཞིབ་བཤེར་བྱས་ཡོད།
           གཞན་ཡང་རིམས་ནད་སྔོན་འགོག་ཚོད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་ས་ཁོངས་ཀྱི་ཡུལ་མིའི་འཚོ་བའི་འཐུང་ཆུར་དཔེ་འཐེན་ཞིབ་བཤེར་ཚད་ལེན་དང་། ཉེ་འདབས་ཀྱི་གྲོང་མི་དག་ཕག་རོ་དང་འབྲེལ་ཐུག་བྱས་ཡོད་མིན་ལ་བརྟག་དཔྱད་བྱས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཆི་ཡོངས་ཀྱི་ཕག་ཤའི་རིགས་ཀྱི་བཟའ་བཅའི་གཉེར་སྐྱོང་ཁྲོམ་རར་ཁྱོན་ཡོངས་ནས་གྲལ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱས་ཤིང་། མིག་སྔར་ནད་ཀྱིས་ཤི་བའི་ཕག་ཤའི་ཐོན་རྫས་ཁྲོམ་རར་བཏོན་ཡོད་པ་བརྟག་དཔྱད་བྱུང་མེད།
           ཨེའར་ཏུའོ་སི་གྲོང་ཁྱེར་དང་ཏ་ལ་ཐེ་ཆི་རིམ་པ་གཉིས་ཀྱི་ཆུ་བེད་དང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་འབྲེལ་ཡོད་ཆུ་ཁོངས་ལ་དཔེ་འཐེན་ཞིབ་བཤེར་ཚད་ལེན་བྱས་པ་དང་། ཏ་ལ་ཐེ་ཆིའི་སྤྱི་བདེ་སྡེ་ཚན་ལས་གྲུབ་པའི་ཆེད་དོན་ཚོགས་ཆུང་གིས་ཕག་རོའི་ཡོང་ཁུངས་ལ་མྱུལ་ཞིབ་བྱེད་འགོ་ཚུགས་ཤིང་། མིག་སྔར་ཕག་རོ་འཕངས་པའི་དོགས་ཡོད་ཉེས་ཅན་པ་2གཏན་འཁེལ་བྱུང་བ་དང་། དེ་མིན་གྱི་དོགས་ཡོད་ཉེས་ཅན་པ་6ལ་ཞིབ་དཔྱད་བྱེད་བཞིན་ཡོད།
           མིག་སྔར། ཨེའར་ཏུའོ་སི་གྲོང་ཁྱེར་དང་ཏ་ལ་ཐེ་ཆི་རིམ་པ་གཉིས་ཀྱི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་འགན་འཁྲི་བདའ་འདེད་ཀྱི་ལས་རིམ་འགོ་བཙུགས་ཏེ་འབྲེལ་ཡོད་གནད་དོན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཨེའར་ཏུའོ་སི་གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་བསྟུན་སྔོན་ཇུས་ལག་ལེན་བསྟར་ནས་ཏ་ལ་ཐེ་ཆིའི་མཐའ་འཁོར་ལའང་དུས་མཉམ་དུ་འབྲེལ་ཡོད་ཀྱི་གྲལ་བཤེར་ལས་དོན་སྤེལ་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།